མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མུ་དྷེ་མཆོག་པཱ་ཀི་སི་ཐན་ནང་ཕེབས་འཆར།

བོད་ཀྱི་དུས་བབ།
༢༠༡༥/༠༧/༡༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་རྒྱ་གར་གྱི་སྲིད་བློན་མུ་དྷེ་མཆོག་དང་པཱ་ཀི་སི་ཐན་གྱི་སྲིད་བློན་ཤཱ་རི་ཧྥེ་རྣམ་གཉིས་མཇལ་འཕྲད་གནང་སྟེ་འཇིགས་སྐུལ་དྲག་སྤྱོད་པར་རྒོལ་རྡུང་གཏོང་བ་སོགས་དོན་ཚན་ ༥ ཡི་ཐོག་གྲོས་མཐུན་བྱུང་ཡོད་འདུག

ཧིན་རྡུའི་དུས་བབ་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༨ དང་ ༩ ཉིན་ཨུ་རུ་སུའི་གྲོང་ཁྱེར་ཨུ་ཧྥ་ (Ufa)ནང་ཚོགས་པའི་སྟོབས་ལྡན་རྒྱལ་ཁབ་ལྔ་(BRICS)སྟེ་བྷི་ར་ཛིལ་དང་ཨུ་རུ་སུ། རྒྱ་གར། རྒྱ་ནག ལྷོ་ཨ་ཧྥེ་རི་ཁ་བཅས་ཀྱི་དབུ་ཁྲིད་ལྷན་ཚོགས་ཀྱི་སྐབས་དང་བསྟུན་ཏེ། དེ་རིང་ཕྱི་ཚེས་ ༡༠ ཉིན་གྱི་སྔ་དྲོར་རྒྱ་གར་གྱི་སྲིད་བློན་ནཱ་རེན་ཌཱ་མུ་དྷེ་མཆོག་དང་། པཱ་ཀི་སི་ཐན་གྱི་སྲིད་བློན་ཤཱ་རི་ཧྥུ་(Nawaz Sharif)རྣམ་གཉིས་མཇལ་འཕྲད་གནང་སྟེ། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱལ་ཁབ་གཉིས་ཀྱི་བདེ་འཇགས་གྲོས་མོལ་ཚོགས་འདུ་སྐོང་ཚོགས་གནང་རྒྱུ་དང་། འཇིགས་སྐུལ་དྲག་སྤྱོད་པར་རྒོལ་རྡུང་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་གོང་འཕེལ་གཏོང་ཐབས་སྐོར་གྱི་དོན་ཚན་ ༥ ལ་གྲོས་མཐུན་བྱུང་ཡོད་འདུག

རྒྱ་གར་ཕྱི་འབྲེལ་བློན་ཆེན་ཇི་ཤིན་ཁཱར་( Subrahmanyan Jaishankar)ལགས་ཀྱིས། སྲིད་བློན་རྣམ་གཉིས་མཇལ་འཕྲད་སྐབས། རྒྱ་གར་དང་པཱ་ཀི་སི་ཐན་བར་རྩོད་རྙོག་ཆེན་པོ་ཞིག་ཏུ་གྱུར་བའི་ཕྱི་ལོ་ ༢༠༠༨ ལོའི་མུམ་བྷེ་དྲག་སྤྱོད་དོན་རྐྱེན་གང་མགྱོགས་ཐག་གཅོད་བྱེད་པར་མོས་མཐུན་བྱུང་སྐོར་བརྗོད་ཡོད་པ་མ་ཟད། པཱ་ཀི་སི་ཐན་གྱི་སྲིད་བློན་མཆོག་གིས་མུ་དྷེ་མཆོག་པཱ་ཀི་སི་ཐན་ནང་ཕེབས་པར་མགྲོན་འབོད་ཞུས་པ་ཞལ་བཞེས་གནང་ཡོད་པ་ལྟར། ཕྱི་ལོ་ ༢༠༡༦ ལོར་པཱ་ཀི་སི་ཐན་གྱི་རྒྱལ་ས་ཨི་སི་ལམ་བྷ་ཌ་(Islamabad)་ནང་འཚོགས་འཆར་ཡོད་པའི་ལྷོ་ཨེ་ཤ་ཡའི་ཁུལ་གྱི་མཉམ་འབྲེལ་ལྷན་ཚོགས་ཐོག སྲིད་བློན་མུ་དྷེ་མཆོག་མཉམ་ཞུགས་གནང་རྒྱུ་ཡིན་སྐོར་བརྗོད་འདུག་ལ། དེ་ནི་མུ་དྷེ་མཆོག་གིས་སྲིད་བློན་ལས་འཁུར་ཞུས་ནས་པཱ་ཀི་སི་ཐན་ནང་གཟིགས་སྐོར་དུ་ཕེབས་པ་ཐོག་མ་དེ་ཆགས་ཀྱི་ཡོད་འདུག

དེ་བཞིན་པཱ་ཀི་སི་ཐན་གྱི་ཕྱི་འབྲེལ་དྲུང་ཆེ་ཆཱ་ཌ་རི་(Aizaz Ahmad Chaudhary)ལགས་ཀྱིས། སྲིད་བློན་རྣམ་གཉིས་ཀྱིས་རྒྱལ་ཁབ་གཉིས་ལ་ཞི་བདེ་སྲུང་སྐྱོབ་དང་མངའ་ཁོངས་འཕེལ་རྒྱས་གཏོང་བའི་ཐུན་མོང་གི་འགན་འཁྲི་ཡོད་པ་ལྟར། ཕྱོགས་གཉིས་ཀྱི་དབུ་ཁྲིད་ནས་འཇིགས་སྐུལ་རིང་ལུགས་པར་རྣམ་པ་འདྲ་མིན་གྱི་ཐོག་ནས་སྐྱོན་བརྗོད་བྱེད་པར་མོས་མཐུན་བྱུང་ཡོད་སྐོར་བརྗོད་འདུག

རྒྱ་གར་གྱི་ཕྱི་འབྲེལ་དྲུང་ཆེ་ཨེ་སི་ཆཱ་ཌ་རི་ (S Chaudhary)ལགས་ཀྱིས་བརྗོད་པ་ལྟར་ན། ཐེངས་འདིའི་མཇལ་འཕྲད་སྐབས་གྲོས་ཆོད་དོན་ཚན་ ༥ བཞག་ཡོད་པའི་དང་པོ་ནི། རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་རྒྱལ་ཁབ་གཉིས་ཀྱི་གསང་བའི་ལས་ཁུངས་མཉམ་འབྲེལ་གྱི་ཐོག་ནས་འཇིགས་སྐུལ་རྒོལ་རྡུང་དང་འབྲེལ་བའི་གནད་དོན་ཐོག་ཚོགས་འདུ་ཞིག་འཚོགས་རྒྱུ། གཉིས་པ། གང་མགྱོགས་རྒྱ་གར་དང་པཱ་ཀི་སི་ཐན་གྱི་མཐའ་སྲུང་དམག་སྤྱི་རྣམ་གཉིས་ཐུག་འཕྲད་བྱས་རྗེས། རྒྱལ་ཁབ་གཉིས་ཀྱི་དམག་དོན་བཀོད་འདོམས་བསྟི་གནས་ཁང་བར་ཚོགས་འདུ་ཞིག་བསྐོང་རྒྱུ། གསུམ་པ། ཕྱོགས་གཉིས་ཀྱིས་བཀག་ཉར་བྱས་པའི་ཉ་བ་ཚོ་ཉིན་གྲངས་ ༡༥ ནང་ཀློད་གྲོལ་དང་ཉ་གྲུ་ཕྱིར་སྤྲོད་རྒྱུ། བཞི་པ། གནས་མཇལ་བ་ཚོར་མཐུན་སྦྱོར་བསྐྲུན་རྒྱུ། ལྔ་པ། མུམ་བྷེ་ཡི་དྲག་སྤྱོད་དོན་རྐྱེན་ལ་སྐད་སྒྲའི་དཔེ་མཚོན་མཁོ་སྤྲོད་དང་མཉམ་དུ་ཁྲིམས་བཤེར་བྱ་རྒྱུ་བཅས་ལ་གྲོས་མཐུན་བྱུང་ཡོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤
TT
Mobile App

ལོ་འཁོར་སྙན་ཐོ་དང་བོད་ནང་གི་ཆོས་དད་རང་དབང་གི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།

༢༠༢༦/༠༦/༠༤
tttt
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཀ་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ། 

༢༠༢༦/༠༦/༠༤
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་ཕེབས་རྒྱུའི་ཐུགས་རེ་ཡོད། 

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese