མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྩེད་རིགས་བློན་ཆེན་གཞོན་པས་ལྐོག་ཟ་བྱས་འདུག

བོད་ཀྱི་དུས་བབ།
༢༠༡༥/༠༧/༡༦
Share on FacebookShare on TwitterShare on EmailShare on Whatsapp
དེ་རིང་རྒྱ་ནག་དབུས་ཁྲིམས་སྒྲིག་ཞིབ་བཤེར་ཚོགས་ཆུང་གིས་རྒྱ་ནག་གི་རྩེད་རིགས་བློན་ཆེན་གཞོན་པས་ལྐོག་ཟ་རུལ་སུངས་བྱས་པ་ར་འཕྲོད་དེ་ལས་གནས་ནས་གནས་དབྱུང་བཏང་ཡོད་ཚུལ་ཕྱི་བསྒྲགས་བྱས་འདུག

དེ་རིང་རྒྱ་ནག་དབུས་ཁྲིམས་སྒྲིག་ཞིབ་བཤེར་ཚོགས་ཆུང་གིས། འདི་ལོའི་ཟླ་ ༦ ཚེས་ ༢༥ ཉིན་ནས་བཟུང་རྒྱ་ནག་རྒྱལ་ཡོངས་རྩེད་རིགས་འཛིན་སྐྱོང་ལྷན་ཁང་གི་འགན་འཛིན་གཞོན་པ་དང་རྩེད་རིགས་བློན་ཆེན་གཞོན་པ་གཅིག་ལྕོགས་ཞོ་ཐིན་ (Xiao Tian) ལ་བརྟག་དཔྱད་བྱས་པ་བརྒྱུད། ཁོས་ལྐོག་ཟ་རུལ་སུངས་དང་ཏང་གི་སྒྲིག་ཁྲིམས་ལ་འགལ་བའི་ནག་ཉེས་བྱས་ཡོད་པ་ར་འཕྲོད་ཡོད་སྟབས། ཁོ་ལས་གནས་ནས་གནས་དབྱུང་བཏང་ཡོད་སྐོར་བསྒྲགས་ཡོད་ཀྱང་། ཁོས་ཁྲིམས་འགལ་ནག་ཉེས་གང་དག་བཟོས་ཡོད་མེད་གསལ་བཤད་བྱས་མི་འདུག

རྒྱ་ནག་མི་སྣ་བདག་སྐྱོང་ལྷན་ཁང་གིས་གསལ་བསྒྲགས་སྤེལ་བའི་ནང་། དབུས་སྒྲིག་ཁྲིམས་ཞིབ་བཤེར་ཚོགས་ཆུང་གིས་ཞོ་ཐིན་གྱིས་གཞུང་དངུལ་ལྐོག་ཟ་བྱས་པ་དང་། ཏང་སྒྲིག་ལ་རྡོག་རོལ་བཏང་བའི་བྱ་སྤྱོད་ཁག་ཅིག་ཤེས་རྟོགས་བྱུང་སྟེ། ལས་གནས་ནས་གནས་དབྱུང་བཏང་བ་དངོས་འབྲེལ་ཡིན་སྟབས། ད་ལྟ་ང་ཚོས་ཁོར་ཉེས་པ་ག་རེ་གཏོང་མིན་ཐག་གཅོད་བྱེད་བཞིན་ཡོད། ཅེས་བརྗོད་འདུག

ཟླ་སྔོན་མའི་ནང་རྒྱ་ནག་དབུས་ཁྲིམས་སྒྲིག་ཞིབ་བཤེར་ཚོགས་ཆུང་གིས་ཞོ་ཐིན་གྱིས་ཏང་གི་སྒྲིག་ཁྲིམས་ལ་འགལ་བའི་ཉེས་པ་བསགས་ཡོད་སྟབས་ད་ལྟ་རྟོག་ཞིབ་བྱེད་བཞིན་ཡོད། འོན་ཀྱང་གནས་ཚུལ་འདིས་རྒྱ་ནག་དང་ཁ་ཛག་ཀི་སི་ཐན་གཉིས་བར་ ༢༠༢༢ ལོའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ཀྱི་མགྲོན་བདག་སུས་བྱེད་ལ་ཤུགས་རྐྱེན་གང་ཡང་ཐེབས་མི་སྲིད་སྐོར་བརྗོད་ཡོད། དེ་བཞིན། རྒྱ་ནག་ཨོ་རྩལ་འགྲན་ཚོགས་ཀྱི་མགྲིན་ཚབ་མ་ཝང་ཧུའུ་ (Wang Hui) ཡིས་ཀྱང་། ཞོ་ཐིན་ལ་ནག་ཉེས་ཕོག་པ་དེས་ ༢༠༢༢ ལོའི་དགུན་ཁའི་ཨོ་རྩལ་རྒྱ་ནག་ནང་འཚོགས་རྒྱུའི་སྙན་ཞུར་དོ་ཕོག་གང་ཡང་འགྲོ་རྒྱུ་མིན་པ་མ་ཟད། དེ་ལས་ལྡོག་སྟེ་རྒྱལ་སྤྱིའི་འགྲན་རྩོད་སྟེང་རྒྱ་ནག་གི་རྩེད་རིགས་ཀྱི་སྒྲིག་སྲོལ་གཙང་མ་ཡིན་པ་གསལ་སྟོན་བྱས་ཡོད་སྟབས། ད་ཐེངས་འགྲན་རྩོད་སྐབས་ང་ཚོར་རྒྱལ་ཁ་འཐོབ་རྒྱུའི་གདེང་ཚོད་ཆེ་རུ་ཕྱིན་ཡོད་ཅེས་སོགས་བརྗོད་འདུག

ཞོ་ཐིན་ཨན་ཧུའེ་ཞིང་ཆེན་པིན་ཏུའུ་གྲོང་ཁྱེར་དུ་སྐྱེས་ཤིང་། གྲོང་ཁྱེར་དེའི་སློབ་འབྲིང་ཐོན་རྗེས་ཨན་ཧུའེ་ཞིང་ཆེན་གྱི་གྲི་རྩེད་རུ་ཁག་ནང་ཞུགས་ཡོད་འདུག ༡༩༧༧ ལོར་པེ་ཅིན་རྩེད་རིགས་སློབ་ཆེན་ནང་སློབ་གཉེར་བྱས་ཡོད་པ་དང་། ༡༩༨༡ ལོར་རྒྱ་ནག་རྒྱལ་ཡོངས་རྩེད་རིགས་ཚོགས་ཆུང་གི་ཚོགས་མིར་བསྐོས་ཏེ་ལོ་ ༢༤ ལྷག་ལས་ཀ་བྱས་རྗེས། ༢༠༠༥ ལོར་རྒྱལ་ཡོངས་རྩེད་རིགས་འཛིན་སྐྱོང་ལྷན་ཁང་གི་འགན་འཛིན་གཞོན་པར་བསྐོས་འདུག

༢༠༡༥ ལོའི་ཟླ་ ༥ པའི་ནང་རྒྱ་ནག་གཞུང་གིས་ཁོ་རང་ ༢༠༢༢ ལོའི་དགུན་ཁའི་ཨོ་རྩལ་རྒྱ་ནག་རྒྱལ་ས་པེ་ཅིན་ནང་འཚོགས་ཐུབ་རྒྱུར་རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ལ་རྒྱུད་སྐུལ་བྱེད་མཁན་གྱི་མི་སྣ་གཙོ་བོར་བསྐོས་ཡོད་ཀྱང་། ཟླ་སྔོན་མའི་ཚེས་ ༢༥ ཉིན་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཚོགས་ཆུང་གིས་ཁོས་ཏང་སྒྲིག་དང་འགལ་བའི་ཚབས་ཆེའི་ཉེས་པ་བསགས་ཏེ་རྟོག་ཞིབ་བྱེད་བཞིན་ཡོད་ཚུལ་བརྗོད་པ་དང་། དེ་རིང་ལས་གནས་ནས་དངོས་སུ་གནས་དབྱུང་བཏང་ཡོད་པ་ཕྱི་བསྒྲགས་བྱས་ཏེ། ཁོའི་མིང་རྒྱ་ནག་ཨོ་རྩལ་ལྷན་ཚོགས་ཀྱི་དྲ་ཚིགས་ནས་གསུབ་ཡོད་པ་མ་ཟད། ཁོའི་འབྲེལ་གཏུག་བྱེད་ས་ཁག་ཀྱང་བཀག་འགོག་བྱས་ཡོད་འདུག་ལ། ཁོའི་བཟའ་ཟླ་དང་རྒྱ་ནག་རྟ་རྩལ་ཚོགས་པའི་དྲུང་གཞོན་ཐིན་ཡེ་(田桦) བཅས་ལའང་ལྐོག་ཟ་རུལ་སུངས་ཀྱི་དོན་རྐྱེན་དང་འབྲེལ་བའི་ཐོག་ནས་རྟོག་ཞིབ་བྱེད་བཞིན་ཡོད་འདུག

དབྱིན་ཡུལ་ནང་གནས་སྡོད་སྲིད་དོན་དཔྱད་ཞིབ་པ་སྐུ་ཞབས་རོ་བྷར་ཌི་ཇུན་མེན་ལགས་ཀྱིས། ཞི་ཅིན་ཕིན་གྱིས་སྟག་དང་སྦྲང་མ་མཉམ་རྡུང་གི་བྱ་འགུལ་རིམ་པ་འཕེལ་ཏེ། ལངས་ཕྱོགས་མི་མཐུན་པ་དང་རྒྱབ་རྩ་ཆེན་པོ་མེད་པའི་མཐོ་རིམ་དཔོན་རིགས་དང་ལས་བྱེད་དཀྱུས་མ་མང་པོ་ཞིག་ཁྲིམས་ཀྱི་རྙི་ནང་བཅུག་ཡོད་ཀྱང་། རྒྱབ་རྩ་ཡོད་པའི་མཐོ་རིམ་དཔོན་རིགས་ཀྱི་བུ་ཕྲུག་དང་དཔོན་རིགས་ཚོ་ལྐོག་ཟ་རུལ་སུངས་ཀྱི་ཞིབ་བཤེར་འོག་སླེབ་ཀྱི་མེད་སྟབས། འདི་ནི་རང་ཕྱོགས་རྒྱལ་བ་དང་གཞན་ཕྱོགས་ཕམ་པར་བྱེད་མཁན་གྱི་སྲིད་བྱུས་ཤིག་ཡིན་པར་བརྟེན། མ་འོངས་པར་རྒྱ་ནག་དང་དམར་ཤོག་ཚོགས་པའི་བརྟན་བརླིང་ལ་དཀའ་ངལ་འཕྲད་ཀྱི་རེད། ཅེས་བརྗོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གཞུང་གི་ལས་བྱེད་ཡིན་པའི་བོད་མི་ཚོའི་ཁྱིམ་མི་འདས་གྲོས་སུ་གྱུར་བ་ཡིན་ནའང་ཆོས་ཕྱོགས་ཀྱི་བྱེད་སྒོར་ཞུགས་ཆོག་གི་མི་འདུག བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

བོད་རིགས་ལས་བྱེད་ཀྱིས་གཙུག་ལག་ཁང་དུ་ལྟད་མོ་ལྟ་ཆོག་ཀྱང་ཕྱག་འཚལ་མི་ཆོག

༢༠༢༦/༠༢/༢༧
Tibettimes
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་བསྒྲུབ་བྱ་ཕོ་མོ་གྲངས་དྲུག་ཅུ་རེ་གསུམ་ལ་བར་མ་རབ་བྱུང་དང་དགེ་ཚུལ་གྱི་བསླབ་སྡོམ་སྩལ། 

༢༠༢༦/༠༢/༢༧
Beijing is preparing to host the annual session of the National People’s Congress. Photo: Reuters
Mobile App

རྒྱ་ནག་གཞུང་གིས་དཔོན་རིགས་བཅུ་དགུ་དམར་ཤོག་ཚོགས་པའི་འཐུས་མིའི་ཚོགས་ཆེན་གྱི་ཁོངས་ནས་ཕུད།

༢༠༢༦/༠༢/༢༧
ཧྥ་རན་སིའི་གྲོས་འོག་མའི་ཚོགས་གཞོན་སྐུ་ཞབས་ (Charles De Courson) མཆོག་དང་ཡུལ་དེའི་ཕྱི་སྲིད་བློན་ཆེན་Jean-Noël Barrot མཆོག  པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཧྥ་རན་སིའི་ཕྱི་སྲིད་བློན་ཆེན་མཆོག་གིས་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་དགོས་པའི་སྐུལ་འདེད་གནང་།

༢༠༢༦/༠༢/༢༧
མགྱོགས་འཕྲིན་ནང་བོད་ཡིག་བོད་སྐད་དང་བོད་ལྭ་གྱོན་པ་འགྲེམས་སྤེལ་བྱས་ཚེ་བཀག་འགོག་བྱེད་ཀྱི་འདུག འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

མགྱོགས་འཕྲིན་ནང་བོད་ཡིག་བོད་སྐད་དང་བོད་ལྭ་གྱོན་པ་འགྲེམས་སྤེལ་བྱས་ཚེ་བཀག་འགོག་བྱེད་ཀྱི་འདུག

༢༠༢༦/༠༢/༢༦
tibettimes
Mobile App

བོད་པའི་བྱིས་པ་རྣམས་དགོན་པར་འགྲོ་བར་དམ་དྲག་སྔར་ལྷག་བྱེད་བཞིན་འདུག

༢༠༢༦/༠༢/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese