མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མིའི་སྒྲིག་འཛུགས་ལ་ལྟོས་མེད་ཀྱི་ཉམས་ཞིབ་རྩོམ་ཡིག་བྲིས་ཡོད།

བོད་ཀྱི་དུས་བབ།
༢༠༡༥/༠༧/༢༢
Share on FacebookShare on TwitterShare on EmailShare on Whatsapp

 

བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་ཉམས་ཞིབ་དུས་དེབ་འདོན་ཐེངས་གཉིས་པ་འགྲེམ་སྤེལ་གནང་བའི་ཐོག་སྲིད་སྐྱོང་མཆོག་གིས་རྒྱ་ནག་སྐོར་ལ་ཉམས་ཞིབ་གནང་དགོས་པ་གལ་ཆེན་ཡིན་སྐོར་དང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་གྲོངས་རྐྱེན་སྐོར་སོགས་གསུངས་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ སྟེང་གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་འདོན་སྤེལ་ཞུས་པའི་དུས་དེབ་འདོན་ཐེངས་གཉིས་པ་དང་བོད་ཡིག་ཐོག་གི་དུས་དེབ་ཐོག་མ་དེ་དབུ་འབྱེད་གནང་སོང་།

ཉམས་ཞིབ་དུས་དེབ་དེར་ཤོག་ངོས་ ༡༦༠ ཡོད་པའི་ནང་། ཨཱ་ཅཱརྱ་བློ་བཟང་ལགས་ཀྱིས་བྲིས་པའི་༼བོད་འབྲེལ་གནད་དོན་ཐད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་ཁྲིད་ཀྱི་དགོངས་པ་གླེང་བ།༽ ཞེས་པ་དང་། ཤར་ཙོང་བདེ་ལྡན་ལགས་ཀྱིས་བྲིས་པའི་ ༼རྒྱ་ནག་གཞུང་གིས་བོད་ཁུལ་དུ་གྲོང་ཁྱེར་འཛུགས་སྐྲུན་གྱི་དམིགས་ཡུལ༽ཞེས་པ། བསྟན་འཛིན་པདྨ་ལགས་ཀྱིས་བྲིས་པའི་༼བོད་ནང་གི་བོད་ཀྱི་སྐད་ཡིག་གི་གནས་སྟངས།༽། བྱམས་པ་བསྟན་འཛིན་ལགས་ཀྱིས་བྲིས་པའི་།༼གྲོས་མཐུན་དོན་ཚན་བཅུ་བདུན་གྱི་ཁྲིམས་ལུགས་གནས་བབས་ལ་དཔྱད་པ།༽། ཚེ་བསོད་ལགས་ཀྱིས་བྲིས་པའི་༼ལྟ་ཚུལ་ཕྱོགས་རེ་བ་ཙམ་གྱིས་མི་རིགས་ཧྲིལ་བོར་དགྲར་བལྟ་བ། མི་རིགས་ཀྱི་གནད་དོན་སུས་བཟོ་གི་ཡོད་པ་ཞོར་དུ་གླེང་བ།༽བཅས་རྩོམ་ཡིག་ ༥ ལས་གྲུབ་འདུག

སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ལས་རོགས་བློ་བཟང་ལགས་ཀྱིས་དུས་དེབ་ཀྱི་ནང་དོན་ངོ་སྤྲོད་གནང་དོན། འདིའི་ནང་གི་དཔྱད་རྩོམ་དག་ནི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཚོས་བྲིས་པ་ཞིག་ཡིན་པ་ལས་ཕྱི་ལོགས་ཀྱི་མི་སྣས་བྲིས་པའི་དཔྱད་རྩོམ་གཅིག་ཀྱང་མེད། དུས་དེབ་འདིའི་ནང་གི་དཔྱད་རྩོམ་གཙོ་བོ་བོད་འབྲེལ་གནད་དོན་ཐད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མགོ་ཁྲིད་ཀྱི་དགོངས་པ་གླེང་བ་ཞེས་པ་འདི་ཡིན་ཞིང་། འདིའི་ནང་དོན་གཙོ་བོ་ནི་མའོ་ཙེ་ཏུང་ནས་བཟུང་ཆིངས་ཡིག་དོན་ཚན་ ༡༧ བཞག་སྟེ། བོད་རྒྱ་ནག་གི་འོག་ཏུ་འགྱུར་རྗེས་ཀྱི་ཆིངས་ཡིག་དོན་ཚན་ ༡༧ གཙོས་པའི་མའོ་ཙེ་ཏུང་དང་ཏིང་ཞའོ་ཕིན། ཧུའུ་ཡའོ་པང་སོགས་ཀྱིས་ག་རེ་གསུངས་ཡོད་མེད་དང་། ཆིངས་ཡིག་དོན་ཚན་ ༡༧ ནང་ག་རེ་འཁོད་ཡོད་མེད་སོགས་ལ་ང་ཚོས་ཕྱིར་བལྟས་བསློགས་ནས་གཟིགས་ཚེ། དེའི་ནང་ལ་གནས་ཚུལ་མང་པོ་ཞིག་རྒྱ་ནག་གི་དཔོན་རིགས་ཚོས་གསུངས་བཞག་པ་མང་པོ་ཞིག་ལག་བསྟར་དང་དོ་སྣང་། བརྩི་སྲུང་བྱེད་ཀྱི་མེད་པ་དེར་ཉམས་ཞིབ་འདིའི་ཐོག་ནས་མཐོང་ཐུབ་ཀྱི་ཡོད།

དེ་བཞིན། རྒྱ་ནག་གཞུང་གིས་བོད་ཁུལ་དུ་གྲོང་ཁྱེར་འཛུགས་སྐྲུན་གྱི་དམིགས་ཡུལ་ཞེས་པ་འདི་རེད། དེ་སྔ་བོད་རང་སྐྱོང་ལྗོངས་ནང་ལ་ལྷ་ས་གྲོང་ཁྱེར་དང་ཁུལ་རིམ་པ་དྲུག་ཡོད་པ་བཅས་ཁྱོན་ས་ཁུལ་རིམ་པ་བདུན་ཡོད་ཁོངས་ནས། གྲོང་ཁྱེར་ལྷ་ས་གྲོང་ཁྱེར་མ་གཏོགས་གཞན་མེད་ཀྱང་། ད་ལྟ་ཁུལ་རིམ་པའི་གྲོང་ཁྱེར་གཞིས་རྩེ་དང་ཆབ་མདོ། ཉིང་ཁྲི་བཅས་གྲོང་ཁྱེར་ལ་བསྒྱུར་ཏེ་ད་ཆ་གྲོང་ཁྱེར་ ༤ བཟོས་ཡོད་པ་རེད། དེ་བྱིངས་ལྷོ་ཁ་དང་ནག་ཆུ། མངའ་རིས་བཅས་ཀྱི་རིམ་པས་གྲོང་ཁྱེར་ཅན་དུ་བསྒྱུར་རྒྱུ་ཡིན་སྐོར་གསལ་པོ་བྱས་ནས་གསུངས་ཡོད་སྟབས། དེ་ལྟར་བཟོ་དགོས་པའི་རྒྱུ་མཚན་གཙོ་བོ་གང་ལ་དམིགས་ཡོད་པ་སོགས་གསལ་བོར་བཀོད་ཡོད་པ་རེད། བོད་ནང་ལ་བོད་ཀྱི་སྐད་ཡིག་གནས་སྟངས་ག་རེ་ཆགས་ཡོད་པ་རེད། བོད་མི་རིགས་ས་ཁོངས་རང་སྐྱོང་ཡིན་ཟེར་ཏེ། ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས་ནང་ལ་སྐད་ཡིག་སྲུང་སྐྱོབ་དང་འཛིན་སྐྱོང་སྤེལ་གསུམ་བྱེད་ཆོག་པ་བཀོད་ཡོད་ཀྱང་། བོད་ནང་དེ་ཚོ་ཡོད་མེད་དང་གནས་སྟངས་དེ་རང་ལ་གནས་ཡོད་མེད་ཐོག་ལ་དཔྱད་པ་བྱས་པ་ཞིག་ཆགས་ཡོད།

གྲོས་མཐུན་དོན་ཚན་བཅུ་བདུན་དེ་ཁྲིམས་མཐུན་ཆགས་ཀྱི་ཡོད་མེད་ཁྲིམས་ཀྱི་རྩོད་གཞི་ཞིག་ཆགས་བསྡད་ཡོད་ཀྱང་། རྒྱ་གཞུང་གིས་དེ་ཁྲིམས་མཐུན་ཞིག་ལ་བརྩིས་ནས་བོད་དེ་རྒྱ་ཁོངས་ལ་བསྒྱུར་བ་རེད་ཟེར་དུས། ཆིངས་ཡིག་དེ་འཇོག་མཁན་ང་ཕོད་གཙོས་པའི་མཁས་པ་མང་པོ་ཞིག་གིས་བོད་དེ་དམིགས་བསལ་ཅན་ཞིག་ཡིན་པ་དེ། བོད་མ་གཏོགས་རྒྱ་ནག་འོག་ལ་ཡོད་པའི་རང་སྐྱོང་ལྗོངས་དང་ཞིང་ཆེན་གང་འདྲ་ཞིག་ཡིན་ཡང་གྲོས་མཐུན་འདི་འདྲ་བཞག་ཡོད་པ་གཅིག་ཀྱང་ཡོད་པ་མ་རེད། བོད་དེ་དམིགས་བསལ་ཞིག་ཡིན་པ་ཆིངས་ཡིག་དོན་ཚན་བཅུ་བདུན་གྱིས་སྟོན་གྱི་འདུག་ཟེར་བ་དང་། ཉེ་ལམ་རྒྱ་ནག་གི་མཁས་པ་ཞིག་གིས་ཆིངས་ཡིག་དོན་ཚན་བཅུ་བདུན་བཞག་ནས་བོད་དེ་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་ནང་ལོག་པ་རེད་ཅེས་བཤད་ཡོད་པ་དེ། གལ་སྲིད་དེ་དུས་ཁྱིམ་ཚང་ཆེན་མོའི་ནང་ལོག་པ་ཡིན་ན་དེའི་སྔོན་དུ་བོད་རྒྱ་ནག་ལས་ལོགས་སུ་ཡིན་པ་ཞིག་སྟོན་གྱི་ཡོད་པ་རེད་གསུངས་ཡོད་སྟབས། དེ་ཚོའི་གནས་སྟངས་གང་ཡིན་དང་གྲོས་མཐུན་དོན་ཚན་བཅུ་བདུན་གྱི་ངོ་བོ་གང་ཡིན་གསལ་པོ་བྱས་ནས་བཀོད་ཡོད་པ་རེད།

མཐའ་མ་བོད་ནང་ལ་རྒྱ་གཞུང་གིས་ལག་བསྟར་བྱེད་བཞིན་པའི་ཁྲིམས་སྒྲིག་དང་སྲིད་བྱུས་དེ། བོད་མི་མང་གིས་འགུལ་ཙམ་བྱས་ན་ཁ་བྲལ་རིང་ལུགས་ཀྱི་ཉེས་འདོགས་བྱས་ཏེ། བོད་མི་ཚང་མར་ཉེས་འགེལ་དང་སྡུག་གཅོང་གཏོང་གི་ཡོད་པའི་དངོས་མཐོང་དང་མྱོང་ཚོར་གཞི་ལ་བཞག་པའི་དཔྱད་རྩོམ་གཅིག་བཅས་ཡོད། དཔྱད་རྩོམ་དག་གཞི་རྩ་དང་ཁུངས་ཡོད་པ་ཐོག་ནས་བྲིས་པའི་དཔྱད་རྩོམ་དག་ཆགས་ཡོད་པ་མ་ཟད། རྩོམ་འདི་ཚོའི་ནང་ཡོད་པའི་གནད་དོན་དག་ནི་རྩོམ་པ་པོ་རང་ངོས་ཀྱི་རྩོམ་རེད་མ་གཏོགས། དཔྱད་རྩོམ་ནང་གི་གནད་དོན་དག་བོད་མིའི་སྒྲིག་འཛུགས་དང་ཉམས་ཞིབ་ཁང་གི་དགོངས་པ་མིན་སྟབས། འདིའི་ཐོག་ལ་ཡང་བསྐྱར་དཔྱད་པ་དང་བགྲོ་གླེང་ཡོང་སྲིད་པ་རེད་ཞུ་རྒྱུ་ཡིན། ཞེས་བརྗོད་སོང་།

སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསུངས་བཤད་གནང་དོན། ཉམས་ཞིབ་པ་ཞིག་ཡིན་སྐབས་མཐའ་མ་དེར་རྩོམ་ཡིག་ཡིན་མིན་མིན་གཅིག་འབྲི་དགོས་པ་མ་ཟད་འདོན་སྤེལ་བྱེད་དགོས་པ་རེད། རྩོམ་དེ་དག་ང་ཚོ་བོད་པའི་སྤྱི་ཚོགས་ཀྱི་གསར་འགྱུར་བརྒྱུད་ལམ་གཅིག་པོ་ཙམ་མིན་པར། རྒྱ་གར་དང་རྒྱལ་སྤྱིའི་སྡིངས་ཆའི་ཐོག་རིམ་པ་བྱས་ཏེ་ཐོན་ཐུབ་དགོས་ཀྱི་ཡོད་སྟབས། ད་ལན་གྱི་དུས་དེབ་འདི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་འདོན་སྤེལ་ཞུས་པའི་དུས་དེབ་ཐེངས་གཉིས་པ་དེ་ཆགས་ཡོད། ཉམས་ཞིབ་ཀྱི་དེབ་དང་པོ་དེ་སྔར་ལོ་དབྱིན་ཡིག་ཐོག་སིམ་ལའི་ཆིངས་ཡིག་བཞག་སྟེ་ལོ་ ༡༠༠ འཁོར་བའི་དུས་དྲན་ལ་ཁེལ་ཡོད་སྟབས། ང་ཚོས་ལྡི་ལིར་ཚོགས་འདུ་ཆེན་པོ་ཞིག་ཚོགས་པ་མ་ཟད་མཁས་པ་མང་པོ་ཞིག་གདན་འདྲེན་ཞུས་ཡོད་པ་རེད། སྔོན་མ་རྒྱ་གར་དང་བོད་ཀྱི་ལོ་རྒྱུས་ཐོག་གི་འབྲེལ་བ་དང་ཆིངས་ཡིག་བཞག་པ་དག་རྒྱ་གར་རྒྱལ་ས་ལྡི་ལིར་འགྲེམས་སྤེལ་བྱེད་ཐུབ་ཡོད་སྟབས། རྒྱ་གར་ནང་གི་ཞིབ་འཇུག་ལྟེ་གནས་ཁང་མང་པོ་ཞིག་གི་འགན་འཛིན་དང་ཞིབ་འཇུག་པ་མང་པོར་དོ་སྣང་བྱུང་ཡོད་པ་རེད། སྐབས་དེ་ནས་བཟུང་རྒྱ་གར་མཁས་པས་བོད་དོན་སྒང་ལ་རྩོམ་དང་དེབ་གང་ལ་གང་འཚམ་ཞིག་འཐོན་ཡོང་གི་འདུག གྲངས་ཀ་མང་པོ་མིན་ཡང་སྔར་ལོའི་ལོ་ ༥༠ གོང་དང་ད་ལྟའི་ཐོན་ཡོང་སྟངས་ལ་བལྟས་ན། ད་ལྟ་རྒྱ་ནག་དང་རྒྱ་གར་བར་གྱི་འབྲེལ་ལམ་ལ་བོད་དེ་གནད་འགག་ཆེན་པོ་ཡིན་པ་མ་ཟད། ས་མཚམས་དང་འབྲེལ་བའི་ཐོག་ལ་གནད་འགག་ཆེན་པོ་ཞིག་ཡིན་པར་ངོས་འཛིན་པའི་ཐོག་ནས་ཉམས་ཞིབ་པ་ཚོས་དོ་སྣང་གསར་པ་ཞིག་ཡོང་གི་ཡོད་པ་གསལ་བོ་རེད། ཅེས་གསུངས་སོང་། 

སྲིད་སྐྱོང་མཆོག་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྐོར་གསུངས་དོན། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་དང་འབྲེལ་བའི་ཐོག་ནས་བློ་ཕམ་པའི་གནས་ཚུལ་ལ་དགོངས་པ་རྫོགས་སྟངས་ཡིན་ཡང་དོགས་ཟོན་རང་ཆགས་ཡོད་པ་རེད། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་ནང་མི་ཚོས། ཁོང་དགོངས་པ་རྫོགས་སྟངས་དེར་ཏན་ཏན་དོགས་པ་ཆེན་པོ་ཟ་དགོས་པ་ཞིག་འདུག་གསུངས་པ་ལྟར། བཀའ་ཤག་དང་བོད་མིའི་སྒྲིག་འཛུགས་ཐོག་ནས་སེམས་འཚབ་ཆེན་པོ་ཞེ་དྲགས་ཡོད། དམིགས་བསལ་གནས་ཚུལ་གོ་ཐོས་བྱུང་བ་ཞིག་ལ་རྒྱ་ནག་གཞུང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་སྲིང་མོ་དང་། ཁོ་རང་གི་སྤུན་མཆེད་ཅིག་ལ་ཁོང་གི་སྐུ་ཕུང་གི་རུས་ཐལ་གནང་བ་དེ། ལམ་བར་དུ་མེད་པར་ཆགས་པ་མ་ཟད་ཁོང་གི་སྐུ་མཆེད་གཉིས་འཛིན་བཟུང་བྱས་ཏེ། གར་སོང་ཆ་མེད་ཆགས་ཡོད་པའི་བློ་ཕམ་པའི་གནས་ཚུལ་གོ་རྒྱུ་འདུག རྒྱ་ནག་གཞུང་གིས་དེ་སྔ་ནས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེར་གཞི་མེད་སྐྱོན་འཛུགས་བྱས་ཏེ། བཙོན་ཁང་ནང་བཅུག་ཡོད་པ་བོད་མིའི་སྒྲིག་འཛུགས་ནས་ངོས་འཛིན་ཞུ་གི་ཡོད་པ་མ་ཟད། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་དང་ཨ་རི་དང་དབྱིན་ཡུལ་སོགས་ཀྱིས་ཀྱང་། ཁོ་རང་ལ་གཞི་མེད་སྐྱོན་འཛུགས་དང་བཙོན་འཇུག་འོག་དགོངས་པ་རྫོགས་པ་སོགས་ལ་བློ་ཕམ་པའི་གསར་འགོད་གསལ་བསྒྲགས་གནང་ཡོད་པ་མ་ཟད། ཨ་རིའི་གྲོས་ཚོགས་ནང་ལའང་བགྲོ་གླེང་བྱུང་བ་སོགས་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཁྱབ་ཆེན་པོ་སྤེལ་སོང་། ཡིན་ཡང་ད་ལྟ་བོད་ནང་ལ་ཁོ་རང་ལ་གཉེན་ཚན་འགྲོ་མཁན་དང་ལུང་པ་གཅིག་པ་བརྒྱ་ཕྲག་སྟོང་ཕྲག་གིས་ངོ་རྒོལ་བྱས་ཏེ། རྣམ་པ་འདྲ་མིན་ཞིག་འགྲོ་བསྡད་ཀྱི་འདུག དེ་ཚོ་ཚང་མར་བོད་མིའི་སྒྲིག་འཛུགས་ཐོག་ནས་སེམས་འཚབ་ཆེན་པོ་ཡོད་ཞུ་རྒྱུ་དང་། སྲིང་མོ་དང་ནང་མི་སོགས་སུ་འཛིན་བཟུང་བྱས་ཀྱང་། འཕྲལ་དུ་ཀློད་གྲོལ་གཏོང་དགོས་པ་མ་ཟད། སྲོལ་རྒྱུན་གྱི་འགྲོ་སྟངས་ལྟར་ཁོང་གི་སྐུ་ཕུང་གི་རུས་ཐལ་ངེས་པར་དུ་ནང་མིར་རྩིས་སྤྲོད་གནང་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

མཇུག་ཏུ་གསར་འགོད་པས་སྲིད་སྐྱོང་མཆོག་ལ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་ཉམས་ཞིབ་བྱས་པ་དག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་རང་གི་ཐོག་ལ་ཉམས་ཞིབ་བྱས་པ་འདྲ་པོ་ཞིག་ཚོར་གྱི་འདུག་པས། མ་འོངས་པའང་དེ་ལྟར་ཡོང་གི་རེད་དྲིས་པར་ཁོང་གིས། ཉམས་ཞིབ་པ་ཚོས་ཉམས་ཞིབ་གནང་ཡུལ་གྱི་བརྗོད་གཞི་དེ་སྒེར་གྱིས་བདམས་ནས་གནང་བ་ཞིག་རེད་མ་གཏོགས། བཀའ་ཤག་ནས་ལམ་སྟོན་གནང་མཁན་སུ་གང་བྱུང་ཡོད་པ་མ་རེད། ང་ཚོའི་རེ་བར་ཉམས་ཞིབ་གནང་ཡུལ་དེ་ཉམས་ཞིབ་པ་ཚོས་དོ་དབྱིངས་ཡོད་པའི་གནད་དོན་དེར་ཉམས་ཞིབ་གནང་དགོས་རེད་མ་གཏོགས། ཉམས་ཞིབ་པ་དོ་བདག་ལ་དོ་དབྱིངས་མེད་པ་ཡིན་ན། འདི་འདྲ་ཞིག་བྱོས་ཤོག་ལབ་ན་ཁྲལ་སྐུལ་བ་ནང་བཞིན་མ་གཏོགས་ཉམས་ཞིབ་ཀྱི་སྤུས་ཚད་ཡག་པོ་ཡོང་གི་མ་རེད། དེར་བརྟེན་ཉམས་ཞིབ་པའི་བརྗོད་གཞི་འདེམ་སྟངས་དེ་དོ་བདག་རང་ཉིད་ཀྱིས་འདེམ་དགོས་པ་མ་ཟད། ཉམས་ཞིབ་བྱས་པའི་གྲུབ་དོན་གྱི་གནས་ཚུལ་ག་རེ་ཡིན་པ་དག་མར་འགོད་དགོས་པ་རེད། ད་ལན་ཉམས་ཞིབ་པ་ཚོས་བྲིས་བའི་དཔྱད་རྩོམ་གྱི་འོག་ཏུ་ཁུངས་བསྐྱལ་གྱི་ཡིག་ཆ་གང་ཡིན་གྱི་ཞབས་མཆན་བཀོད་པ་མ་ཟད། དེའི་འགན་འཁྲི་འཁུར་དགོས་པ་རེད། ཡིན་ཡང་བསྡོམས་གང་འདྲ་རྒྱག་མིན་དེ་ཉམས་ཞིབ་པ་ཁོ་རང་གི་ཐོབ་ཐང་རེད། ཅེས་གསུངས་བྱུང་།

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་༧རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ཁྱད་མཁས་མི་སྣའི་བགྲོ་གླེང་འཚོག་བཞིན་པ། ༢༠༢༥།༡༡།༡ ཐད་གཏོང་ནས་པར་བླངས།
Mobile App

༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ཁྱད་མཁས་མི་སྣའི་བགྲོ་གླེང་འཚོགས།

ཆུ་ཚོད་ ༢ སྔོན་ལ།
Mobile App

གོ་སྟོན་རྒྱལ་ཡོངས་ཤེར་ཕྱིན་བགྲོ་གླེང་ཚོགས་ཆེན་འཚོག་བཞིན་འདུག

ཆུ་ཚོད་ ༤ སྔོན་ལ།
Sikyong Penpa Tsering met with former U.S. Special Coordinators for Tibetan Issues. Photo Credit: Sikyong Penpa Tsering's FB Page.
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་གཙོར་ཐུག་འཕྲད་གནང་།

ཆུ་ཚོད་ ༨ སྔོན་ལ།
Mobile App

མགོ་ལོག་གི་རྒྱལ་ལོ་དོན་འགྲུབ།

༢༠༢༥/༡༠/༣༡
Mobile App

ཤེས་རིག་བཀའ་བློན་མཆོག་གིས་རྒྱ་གར་དབུས་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་པ།

༢༠༢༥/༡༠/༣༡
U.S. President Donald Trump and Chinese President Xi Jinping walk as they leave after a bilateral meeting at Gimhae International Airport, on the sidelines of the Asia-Pacific Economic Cooperation (APEC) summit, in Busan, South Korea, October 30, 2025. REUTERS/Evelyn Hockstein Purchase Licensing Rights
Mobile App

ལོ་དྲུག་གི་རྗེས་སུ་ཨ་རྒྱ་གཉིས་ཀྱི་སྲིད་འཛིན་གྱིས་ཐུག་འཕྲད་གནང་།

༢༠༢༥/༡༠/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese