མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞོན་ནུའི་གདམ་ག

བོད་ཀྱི་དུས་བབ།
༢༠༡༥/༠༨/༠༡
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༧༠ སྟེང་གི་རྩོམ་སྒྲིག་པའི་གཏམ།

ངས་མེར་འཚིག་མེར་གཏུག་གིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཡང་བསྐྱར་གླེང་དགོས་བྱུང་། འདས་པའི་ལོ་གཉིས་གོང་དུ་གཞོན་ནུའི་ཚོགས་ཆེན་བཅོ་ལྔ་པ་འཚོགས་ལ་ཉེ་སྐབས། ངས་ཁ་བྱང་ལ་ “གཞོན་ནུའི་ཧོལ་རྒྱུག” ཅེས་པའི་རྩོམ་ཡིག་ཅིག་སྤེལ་བ་ཡིན། ཚོགས་གཙོ་ཚེ་དབང་རིག་འཛིན་གྱིས་ཚོགས་ཆེན་དབུ་འཛུགས་གཏམ་བཤད་དང་སྦྲགས་ཏེ། ངའི་རྩོམ་ཡིག་དེར་ཁ་རྡུང་མང་པོ་བཏང་སོང་། ཡིན་ཡང་གཞོན་ནུའི་སྣེ་དང་ཟུར་མང་པོ་ཞིག་ནས་མ་འོངས་པའི་གསལ་འདེབས་གལ་ཆེན་ཞིག་ཡིན་པའི་བསྔགས་བརྗོད་ཞུ་མཁན་ཡང་མང་པོ་བྱུང་།

    བོད་ཀྱི་དུས་བབ་འདི་བོད་སྤྱི་བའི་ལས་དོན་འཁུར་དུ་འཁྱེར་མཁན་གྱི་རང་དབང་གི་གསར་ཁང་ཞིག་ཡིན་ལ། བོད་ཀྱི་གཞོན་ནུ་ལྷན་ཚོགས་དེའང་བོད་པའི་རྩ་དོན་འཐབ་རྩོད་བྱེད་མཁན་སྒྲིག་འཛུགས་གལ་ཆེན་ཞིག་རེད། མཚོ་འགྲམ་ན་ཁ་གཏད་དུ་ལངས་པའི་བྲག་རྡོ་དང་རླབས་རྒྱུན་ལྟར། ཁ་ཕྱོཊ་ནོར་བའི་འཛིང་རགས་ཀྱི་བྲག་རྡོར་གཡོ་འགུལ་ཡོད་མེད་གང་ལྟར་ཡང་། འཇགས་མི་སྲིད་པ་རླབས་རྒྱུན་གྱི་ཆོས་ཉིད་བཞིན། བོད་ཀྱི་དུས་བབ་ཀྱིས་ཡང་བསྐྱར་མེར་འཚིག་མེར་གཏུག་གིས་གཞོན་ནུའི་ལས་དབང་མི་གླེང་ཐབས་མེད་བྱུང་།

    དབུས་རྒྱུན་སྐབས་བཅུ་བཞི་པའི་མཇུག་ཙམ་ནས་བཟུང་། གཞོན་ནུ་ལྷན་ཚོགས་གླེང་རྙོག་དང་ཁ་རྡུང་གི་གཏིང་ཞབས་སུ་ལྷུང་། ད་ལྟ་དབུས་རྒྱུན་སྐབས་བཅོ་ལྔ་པའི་ལས་མཇུག་ཏུ་བསླེབ་ལ་ཉེ་ཡང་། ད་དུང་མགོ་ཡར་མགྱོགས་ཐུབ་ཀྱིན་མེད་པར་ཁ་ཆག་རྣ་རལ་མུ་མཐུད་དུ་ཡོང་གི་ཡོད། འདི་ད་ལྟའི་དབུས་རྒྱུན་ཚོའི་ནོར་འཛོལ་ཞིག་མིན་པར། དབུས་རྒྱུན་སྔ་མ་དག་གིས་བྱས་ཉེས་བསགས་ཡོང་བ་དང་། གཞོན་ནུའི་རྒྱབ་ཀྱི་རྒན་འཁོགས་དག་གིས་སྒྲུབ་པའི་གཏོ་སྒྲོམ་དེ། ད་རེབ་སྐབས་བཅོ་ལྔ་པའི་དབུས་རྒྱུན་ཚོའི་མགོ་ཐོག་ནས་འབར་གས་བཞིན་ཐོར་བ་རེད།

    ད་ལྟ་གཞོན་ནུར་གདམ་ཁ་མང་པོ་ཞིག་ལྷག་མེད། གཞོན་ནུའི་ལངས་ཕྱོགས་རང་བཙན་ལ་འགྱུར་བ་གཏོང་རྒྱུ་ཡིན་དང་མིན། གལ་སྲིད་ཆབ་སྲིད་ལངས་ཕྱོགས་ལ་འགྱུར་བ་གཏོང་འདོད་མེད་ན། གཞོན་ནུའི་སྒྲིག་གཞིར་ལེགས་བཅོས་བྱས་ཏེ། བོད་པའི་སྤྱི་དོན་ལ་འགན་འཁྱེར་ཕྱོགས་དང་ལས་དོན་བྱེད་ཕྱོགས་ཐོག་ནས་ཤེས་ཡོན་དང་སྤྱི་ཚོགས་ཞབས་ཞུ་དང་པོ་དང་། ཆབ་སྲིད་ལངས་ཕྱོགས་གཉིས་པར་བཞག་སྟེ་གཞོན་ནུ་བསྐྱར་འཛུགས་བྱེད་ཐུབ་བམ་མི་ཐུབ། འདི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འཆི་དང་གསོན་གྱི་གདམ་ཁ་དང་། འགྱེད་དང་ལང་གི་དྲི་བ་མཐའ་མ་དེ་རེད།

    གཞོན་ནུའི་སྒྲིག་གཞི་དོན་ཚན་དང་པོ་དང་བཞི་པར་ཐག་གཅོད་གཙང་མ་ཞིག་མ་བྱུང་བར། གཞོན་ནུར་ཆིག་བསྒྲིལ་དང་རྩ་དོན་ཐོག་ནུས་པ་འཐོན་པའི་ལས་དོན་ཞིག་བྱེད་ཐུབ་པ་ཁག་པོ་རེད། བོད་རང་བཙན་བརྩད་ན་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་དགོངས་པར་འགལ་ཡོད་མེད་གང་ལྟར་ཡང་། བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་བཞེངས་ཕྱོགས་དང་། ༧གོང་ས་མཆོག་གིས་ཡུན་རིང་འབད་བརྩོན་གནང་བའི་དོན་བྱ་ཞིག་ལས་ལོགས་སུ་ཕྱིན་ན། དེ་ལ་བོད་མི་མང་གིས་དགའ་མོས་བྱེད་མི་སྲིད་ལ། མང་ཚོགས་ཀྱི་རྒྱབ་སྐྱོར་མེད་པའི་ལངས་ཕྱོགས་ཤིག་ལ་ཤི་འཐམ་བྱས་ཀྱང་གྲུབ་འབྲས་འཐོན་མི་སྲིད་དོ།།

འབྲེལ་ཡོད་གསར་འགྱུར།

TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་ཆོས་དཔོན་ས་ར་མུ་ལ་ལི་ལགས་སུ་འཚམས་འདྲི་མཛད།

ཆུ་ཚོད་ ༡༢ སྔོན་ལ།
Sikyong Penpa Tsering Extends Sincere Congratulations to Nepal’s New Prime Minister, Honourable Balendra Shah. Photo Credit: tibet.net
Mobile App

སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་འཚམས་འདྲི་ཞུས།

ཆུ་ཚོད་ ༡༣ སྔོན་ལ།
Mobile App

བལ་ཡུལ་གྱི་སྲིད་བློན་དང་ནང་སྲིད་བློན་ཆེན་ཟུར་བ་གཉིས་འཛིན་བཟུང་བྱས།

ཆུ་ཚོད་ ༡༤ སྔོན་ལ།
TTTT
Mobile App

བོད་མི་དུད་ཚང་ ༨༥༠ ལ་གཞིས་སྤོར་ས་ཁང་བགོ་འགྲེམས་བྱས་ཟིན་ཡོད་འདུག

ཆུ་ཚོད་ ༡༤ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༣།༢༧
Mobile App

བོད་ཕྲུག་གཅིག་པུར་དམིགས་པའི་སློབ་གྲྭ་ཁག་ཅིག་དགོས་གལ་ཆེ།

༢༠༢༦/༠༣/༢༧
Nepal to get new railway line with India as RSP gov’t takes office, its Tibet railway lagging. Edited by tibettimes
Mobile App

རྒྱ་གར་དང་བལ་ཡུལ་བར་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་འཆར་འདུག

༢༠༢༦/༠༣/༢༧

མཆན། 1

  1. ཤིག། says:
    ལོ་ 11 སྔོན།

    རྩོམ་སྒྲིགས་པའི་གཞོན་ལྷན་གྱི་དབུས་སྐྱོང་རྣམ་པར་འདམས་ཀ་ལེགས་པོ་གཉིས་གནང་འདུག་པའི་དེ་ཤར་སྐྱོད་བྱས་ན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཤི་གསོན་ལས་ཐར་བའི་རེ་བ་དེ་རེད་འདུག།་ བསམ་བློ་ནན་པོ་བཏོང་རོགས།་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese