མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆོལ་ཁའི་མིང་ཁྱེར་ནས་སྲིད་སྤྱི་གཉིས་ཀྱི་འོས་མི་མ་འདོན་རོགས།

བོད་ཀྱི་དུས་བབ།
༢༠༡༥/༠༨/༢༡
Share on FacebookShare on TwitterShare on EmailShare on Whatsapp

སྐལ་བཟང་སྤེན་པ།

སྲིད་སྐྱོང་ལམ་ལུགས་སྣ་ཚོགས་ཁྲོད། མང་གཙོའི་ལམ་ལུགས་དེ་བཞིན་ལྟོས་བཅས་ཀྱིས་སྤུས་ཚད་ལེགས་པ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་པ་ནི་སྨྲོས་མེད་རེད། ལྷག་པར་དུ། དེང་གི་དུས་སུ་སྐྱེ་བོ་མང་པོས་རང་སྲོག་ཀྱང་བློས་གཏོང་གིས། ལམ་ལུགས་དེའི་ཆེད་བརྩོད་བཞིན་ཡོད། འོན་ཀྱང་། ང་ལྟ་བུར་མཚོན་ན། མང་གཙོ་ནི་སྐབས་རེ་རལ་གྲི་སོ་གཉིས་མ་ལྟ་བུ་ཞིག་ལ་མཐོང་གིན་ཡོད། རལ་གྲི་དེ་དཔྱོད་ཤེས་མ་ཐུབ་པའི་བྱིས་པ་ཞིག་གི་ལག་ཏུ་བཞག་ཚེ། རལ་གྲི་གནམ་ལ་འཕྱར་མ་ཤེས་པར་རང་ཉིད་ཀྱི་རྐེད་གཅོད་པའི་ཉེན་ཁ་ཡོད།

དེ་བཞིན་དུ། མང་གཙོའི་འོས་འགན་དང་ཐོབ་ཐང་རྣམས་ཚུལ་བཞིན་མ་ཤེས་པའམ། ཤེས་ཀྱང་ལག་ལེན་དུ་མ་བསྟར་ཚེ། སྤྱི་ཚོགས་ཁྱོན་ལ་སྙོག་གླེང་བྱུང་སྟེ། མཐར་སྤྱི་ཚོགས་ཤིག་ལ་སྟོབས་ཤུགས་སྤྲོད་མཁན་གྱི་ལམ་ལུགས་དེ་སྤྱི་ཚོགས་དུམ་བུར་གཏོང་མཁན་གྱི་རལ་གྲི་ཞིག་མི་ཆགས་པའི་ངེས་པ་མེད། གནད་དོན་དེའི་ཐད་འཛམ་གླིང་ནང་དཔེ་མཚོན་མང་པོ་དྲང་རྒྱུ་ཡོད། དེར་བརྟེན། མང་གཙོ་ཚད་ལྡན་ཡོང་བར་གཞི་རིམ་མི་མང་གི་ཤེས་ཡོན་གནས་ཚད་གང་ཙམ་དགོས་ལུགས་བརྗོད་པའི་གནད་འགག་ཡང་དེ་རེད། ང་ཚོའི་བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་འདིར་མཚོན་ན། ༧གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས། ད་བར་མི་ལོ་བཅུ་ཕྲག་ལྔ་ལྷག་ཙམ་རིང་། མང་གཙོའི་ལམ་བུའི་ཐོག་གོམ་བགྲོད་བྱས་དང་བྱེད་བཞིན་ཡོད་ཀྱང་། མང་གཙོའི་གོ་རྟོགས་ཡོད་མཁན་ད་དུང་ཡང་མང་པོ་མ་རེད། དེའི་དབང་གིས་ང་ཚོར་མཚོན་ན། མང་གཙོ་དང་ཆོལ་ཁ། ཆོས་ལུགས་རྣམས་ཧ་ལམ་དོན་གཅིག་མིང་གི་རྣམ་གྲངས་ལྟ་བུར་འགྱུར་བཞིན་ཡོད། དེ་ཡང་འོས་བསྡུ་ཆེ་ཕྲ་ཆུང་གསུམ་ཅི་འདྲ་ཞིག་ཡིན་ཀྱང་། གཙོ་བོ་དེ་རང་ཉིད་ཀྱི་དགའ་ཉེ་བློ་དཀར་དང་། ཆོལ་ཁ། ལུང་ཚན་སོགས་གཅིག་པ་རིགས་ལ་འོས་འཕེན་རྒྱུ་གཙོ་དོན་བྱེད་པ་ལས། སྤྱི་པའི་རྩ་དོན་གཙུག་ཏུ་བཀུར་མཁན་གྱི་མི་སྣ་ཞིག་ལ་འོས་བླུགས་མཁན་མེད་པ་མིན་ཀྱང་། དེ་ཙམ་མང་པོ་མ་རེད། དེ་ནི་ངས་གོང་དུ་མང་གཙོ་དང་ལུང་ཚན་རིགས་དོན་གཅིག་མིང་གི་རྣམ་གྲངས་སུ་འགྱུར་བཞིན་ཡོད་ལུགས་བརྗོད་པའི་གནད་དོན་དེ་ཡིན།

ད་ལྟའི་ཆར་ང་ཚོས་མང་གཙོའི་ཁེ་ཕན་ཆེ་ཤོས་ལོངས་སུ་སྤྱོད་པའི་དུས་སྐབས་དེ་སླེབས་གྲབས་ཡོད། དེ་ནི་གཞན་གང་ཡང་མིན་པར་སྲིད་སྤྱི་གཉིས་འོས་འདེམས་བྱ་རྒྱུ་དེ་རེད། འཁྲུག་ཆ་དོད་པའི་རྒྱུད་རིམ་དེའི་ཁྲོད་ཚོགས་པ་དང་མི་སྒེར་ཚོས་རང་ཉིད་ཀྱི་འོས་མི་རྣམས་འབུར་བཏོན་བྱེད་ཀྱིན་ཡོད། འོན་ཀྱང་། ངའི་ངོས་ནས་བརྗོད་ན། ཚོགས་པ་བྱེ་བྲག་པ་དང་། ཆོལ་ཁ་བྱེ་བྲག་པས་ཚོལ་ཁའི་མིང་ཁྱེར་ནས་སྲིད་སྤྱི་གཉིས་ཀྱི་འོས་མི་བཏོན་པ་དེ་ནི་ནོར་འཁྲུལ་ཞིག་ལས་དགེ་མཚན་ཆེ་བ་ཞིག་ལ་མཐོང་གི་མེད། དཔེ་མཚོན་ཙམ་བརྗོད་ན། ཉེ་དུས་དབུས་གཙང་ཆོལ་ཁའི་མིང་ཐོག་ནས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་སྲིད་སྐྱོང་གི་འོས་མིར་བཏོན་པ་རེད། དེའི་དབང་གིས་དེང་སྤྱི་ཚོགས་ནང་དབུས་གཙང་མི་མང་ལྐུག་པ་རེད་ཟེར་བ་ལ་སོགས་རྒྱུག་པ་ལེབ་བརྡུང་གི་ཚིག་མཚོན་མི་ཉུང་བ་ཞིག་བཏབ་པ་དང་གླེང་སློང་ཡང་མི་ཉུང་བ་ཞིག་ཡོང་གི་ཡོད།

དེ་ལྟ་བུའི་ཚིག་མཚོན་དེ་རིགས་དང་གླེང་སློང་དེ་རིགས་ང་ཚོའི་སྤྱི་ཚོགས་འདིར་མི་མཁོ་པ་མ་ཟད། སྤྱི་པའི་མཐུན་ལམ་ལའང་གནོད་པའི་གཞི་ཆགས་ཡོད་སྟབས། མ་འོངས་པར་འབྲེལ་ཡོད་ཚོགས་པའི་མཛད་གཙོ་རྣམ་པས་ཀྱང་། དགོངས་བསམ་ལེགས་པོ་བཞེས་དགོས་པར་མཐོང་། དེ་ཙམ་དུ་མ་ཟད། མངའ་རིས་སྤྱི་མཐུན་ཚོགས་པས་ཀྱང་དབུས་གཙང་ཆོལ་ཁས་བཏོན་པའི་འོས་མི་ལས་བརྒལ་ཏེ། བཀྲིས་དབང་འདུས་ལགས་སྲིད་སྐྱོང་འོས་མིར་བཏོན་པ་རེད། དབུས་གཙང་ཆོལ་ཁས་སྲིད་སྐྱོང་འོས་མི་གཅིག་བཏོན་པ་དང་ཡང་ཆོལ་ཁོངས་དེ་རང་ནས་མངའ་རིས་སྤྱི་མཐུན་ཚོགས་པས་འོས་མི་གཞན་ཞིག་བཏོན་པ་དེ་ནི་ཕན་ཚུན་རྒྱབ་འགལ་མིན་ན་ཅི་རེད། དེར་བརྟེན། ང་ཚོར་མི་དགོས་སར་ལྷག་པའི་ཕྱག་ལས་དེ་རིགས་ཚོགས་པ་དང་སྐྱིད་སྡུག་ཁག་གི་མི་གནང་རྒྱུའི་རེ་བ་ཡོད། སྲིད་སྤྱི་འོས་འདེམས་ནི་འོས་བླུགས་ཆ་རྐྱེན་ཚང་བའི་བོད་མི་མི་སྒེར་གྱི་ཐོབ་ཐང་དང་འོས་འགན་རེད་མ་གཏོགས། མི་སྒེར་གྱི་ཚབ་ཏུ་ཆོལ་ཁ་དང་ཚོགས་པ་བྱེ་བྲག་པ་ཞིག་མདུན་དུ་ཐོན་ནས། རྔ་བརྡུང་དེར་འཕྱར་བྱེད་དགོས་པའི་གནད་དོན་ཞིག་གཏན་ནས་མིན་སྟབས། མ་འོངས་པར་སྤྱི་ཚོགས་ཁྱོན་ཡོངས་ལ་གཟིགས་ཏེ། ཆབ་སྲིད་ཚོགས་པ་མིན་ཕྱིན། ཚོགས་སྐྱིད་གང་ཡིན་སོ་སོའི་གནས་བབ་དེ་གར་བཞུགས་ན་དགེ་མཚན་ཆེ་བར་མཐོང་ངོ་།

འབྲེལ་ཡོད་གསར་འགྱུར།

Mobile App

འཛམ་གླིང་ཡུལ་གྲུ་གང་སར་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་རྗེས་དྲན་ཞུ་བཞིན་འདུག

ཆུ་ཚོད་ ༢ སྔོན་ལ།
Press Statement From The Office of His Holiness The Dalai Lama
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་ནས་བྱུང་མེད་པའི་གསལ་བསྒྲགས་གནང་།

ཆུ་ཚོད་ ༦ སྔོན་ལ།
Delhi High Court, Image Representational (Photo/Shutterstock)
Mobile App

རྒྱ་གར་གྱི་མཐོ་རིམ་ཁྲིམས་ཁང་གིས་བོད་མི་ཞིག་ལ་རྒྱ་གར་གྱི་མི་སེར་ཐོབ་ཐང་སྤྲོད་དགོས་པའི་བཀའ་ཁྱབ་བཏང་།

༢༠༢༦/༠༢/༠༧
Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༦
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

༢༠༢༦/༠༢/༠༦
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥

མཆན། 2

  1. དྲང་བདེན་གྱི་སློང་མོ་བ། says:
    ལོ་ 10 སྔོན།

    ༧རྒྱལ་བ་རིན་པོ་ཆེ་བཞུགས་ཐོག་དེར་ཏོག་ཙམ་རྙོག་གླེང་ཡོང་ན་སྐྱོན་དེ་ཙམ་ཡོད་མ་རེད་། ོཆོལ་ཁའི་རྩོད་གཞི་དེ་ཡང་ཡོད་པ་ཞིག་ཟླ་བ་ཚེ་རིང་གི་སྟོན་པ་ཞིག་ལས་མེད་པ་ཞིག་གསར་བཟོ་གནང་བ་ནི་མ་རེད་།

    Reply
  2. thapkegyatso says:
    ལོ་ 10 སྔོན།

    རྩོམ་པ་པོས། མང་གཙོ་དང་ཆོལ་ཁ། ཆོས་ལུགས་རྣམས་ཧ་ལམ་དོན་གཅིག་མིང་གི་རྣམ་གྲངས་ལྟ་བུར་འགྱུར་བཞིན་ཡོད། ཅེས་མོལ་བ་ནི་རང་འབའ་ཞིག་དགའ་ན་མོའི་ལྟ་བུ་ལས་མ་འདས་སོ།།

    གཞན་དབུས་གཙང་ཆོལ་ཁས་སྤེན་པ་ཚེ་རིང་སྲིད་སྐྱོང་འོས་མིར་བཏོན་པ་ནི་བློ་གཟུ་བོའི་རྟགས་ཤིག་ཡིན་པ་ནི་ཁོང་ཚོའི་ཆོལ་ཁའི་ཁོངས་ནས་འོས་མི་ཞིག་མ་བཏོན་པས་རྟོགས་ནུས།

    ཡ་མཚར་བ་ཞིག་དྲྭ་འབུ་དག་གིས་དབུས་གཙང་ཆོལ་ཁ་ཁ་རུ་བཟུང་ནས་མཚང་འབྲུ་དང་དམོད་མོ་བྱེད་དགོས་དོན་ཅི་ཡིན་ནམ། དེ་བས་ཀྱང་རྩོམ་ཉོག་བྱོ་མཁན་ཁྱོད་ཀྱིས་དྲྭ་འབུའི་ཚིག་གི་སྙིགས་རོ་ལ་བདག་པོ་བརྒྱག་དགོས་དོན་ཅི་ཡིན་ནམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese