མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐབས་བཅུ་དྲུག་པའི་དབུས་གཙང་སྤྱི་འཐུས་འོས་མི་ལྷག་པ་ཚེ་རིང།

བོད་ཀྱི་དུས་བབ།
༢༠༡༥/༠༨/༢༤
Share on FacebookShare on TwitterShare on EmailShare on Whatsapp

༄༅།། མཛའ་བརྩེ་དང་ལྡན་པའི་ཤ་ཁྲག་གཅིག་གི་བོད་རིགས་སྤུན་ཟླ་ཡོངས་ཀྱི་སྙན་ལམ་དུ།  

འདས་པའི་ལོ་རྒྱུས།

ཕྲན་ལྷག་པ་ཚེ་རིང་ནི་སྤྱི་ལོ་ ༡༩༨༣ ལོར་བོད་ལྗོངས་ལྷོ་ངོས་མཐའ་མཚམས་ས་ཁུལ་མཚོ་སྣ་རྫོང་ལམ་ཕུག་ཅེས་པའི་གྲོང་གསེབ་ཏུ་སྐྱེས།

སྤྱི་ལོ་ ༡༩༩༢ ལོར་རང་ལོ་དགུར་གསོན་སྐབས་རྒྱ་བོད་ས་མཚམས་བོམ་ལ་བརྒྱུད་རྒྱ་གར་དུ་བཙན་བྱོལ་ལ་བསླེབས།

བཙན་བྱོལ་ལ་བསླེབས་ནས་ཐོག་མར་རྡ་སྟེང་བོད་ཁྱིམ་སློབ་གྲྭ་ནས་འཛིན་རིམ་བཅུ་པ་དང་སྦེལ་ཀོབ་བོད་ཁྱིམ་ནས་འཛིན་རིམ་བཅུ་གཉིས་ཐོན། 
      
སྤྱི་ལོ་ ༢༠༠༣ ལོར་སྦེང་ལོར་ (St. Joseph’s college of Arts and Science)  ནས་ཆབ་སྲིད་དང་དཔལ་འབྱོར་རྒྱལ་སྤྱིའི་འབྲེལ་ལམ།  སྤྱི་ཚོགས་རིག་གནས་བཅས་ཀྱི་ཐོག་སློབ་པ་མཐར་ཐོན།

མཐོ་སློབ་ཏུ་སྡོད་ཡུན་ལོ་ངོ་དྲུག་ཙམ་རིང་སྦེང་ལོར་བོད་པའི་སྤྱི་ཚོགས་སྟེང་ས་གནས་གཞོན་ནུའི་སྐབས་ གཉིས་ཀྱི་དྲུང་ཆེ་དང་སྐབས་གཅིག་གི་ཚོགས་གཙོ།  ས་གནས་མང་གཙོ་ཚོགས་པའི་དྲུང་ཆེ།  བོད་པའི་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་དང་། དེ་མིན་རྒྱ་གར་མཐོ་སློབ་ནང་བོད་ཕྲུག་གི་གླེང་སྟེགས་ (Student Forum) གསར་འཛུགས་བྱས་ཏེ་རྒྱ་གར་གྱི་མཐོ་སློབ་ཁག་ཏུ་བོད་ཀྱི་རིག་གཞུང་འགྲེམས་སྤེལ་དང་། བོད་རིགས་སློབ་མ་ཚོར་བོད་མིའི་ཡུལ་སྲོལ་གོམས་གཤིས་བཟང་པོ་མི་ཉམས་རྒྱུན་འཛིན་ཐུབ་ཐབས། བོད་ཕྲུག་ཚོར་རྒྱ་གར་མཐོ་སློབ་ཁག་ནང་རིག་གཞུང་བགྲོ་གླེང་དང་བོད་མིའི་ཆས་གོས། སྲོལ་རྒྱུན།  ཟས་རིགས་སོགས་འགྲེམས་སྟོན་དང་། རྒྱ་གར་སློབ་མ་རྣམས་དང་དཔུང་པ་མཉམ་བཤིབས་ཀྱི་མཐོ་སློབ་ནང་ཁུལ་རིག་གཞུང་འཁྲབ་སྟོན་འགྲན་བསྡུར་ནང་དུ་ཞུགས་སྟེ་ཨང་རིམ་དང་པོའི་བྱ་དགའ་གསོན་པ་སོགས་གང་ལྟར་ལོ་དྲུག་ཧྲིལ་པོར་སློབ་སྦྱོང་གི་ཞོར་ལ་བོད་ཀྱི་རྩ་དོན་ལ་གཅེས་པའི་ལས་དོན་མི་ཉུང་བ་ཞིག་སྒྲུབ་ཡོད། ལྷག་པར་དུ་སྤྱི་ལོ་ ༢༠༠༦  ལོར་རྒྱ་ནག་གི་སྲིད་འཛིན་ཧུ་ཇིན་ཏའོ་རྒྱ་གར་དུ་བསླེབས་པའི་སྐབས་སུ་རྒྱ་གར་གྱི་རྒྱལ་ས་མུམ་བའི་ནང་མཐར་རང་ཉིད་ཀྱི་སྲོག་ཀྱང་འབེན་ལ་བཙུགས་ནས་བོད་ཀྱི་དཀའ་སྡུག་རྒྱལ་སྤྱིའི་ཐོག་གསལ་གཤད་ཧ་ཅང་ཆེན་པོ་ཞུ་ཐུབ་པ་བྱས་ཡོད།

སྤྱི་ལོ་ ༢༠༠༧ ལོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཐོག་ང་རང་དབུས་རྒྱུན་ལས་སུ་འོས་འདེམས་བྱུང་སྟེ་ ༢༠༠༧ ནས་ ༢༠༡༠ བར་ལོ་གསུམ་རིང་དབུས་གཞོན་ནུའི་རིག་གཞུང་འགན་འཛིན་གྱི་ལས་གནས་འོག་ལས་ཀ་བྱས་པ་ཡིན།  

སྤྱི་ལོ་ ༢༠༡༠ ལོ་འཇུག་ནས་བོད་ཀྱི་དྭངས་བླང་ཞབས་ཞུ་ཁང་གི་འགན་འཛིན་ལོ་གཅིག་བྱས་ནས་བོད་ནས་གསར་དུ་ཕེབས་པ་དང་དེ་མིན་བཙན་བྱོལ་སྤྱི་ཚོགས་ནང་ཆུང་དུས་སློབ་སྦྱོང་ལ་གོ་སྐབས་མི་རག་པའི་བོད་མི་དང་ཕྱི་རྒྱལ་བ་རྒན་གཞོན་བར་གསུམ་ལ་སྐད་ཡིག་འདྲ་མིན་གྱི་སློབ་སྦྱོང་གང་ཐུབ་སྤྲོད་ཐུབ་པ་བྱུང་བ་མ་ཟད་ད་དུང་དགོས་ཁོ་་ཅན་གྱི་དབུལ་པོར་དཔལ་འབྱོར་གྱི་རོགས་དངུལ་དང་ད་ཕྲུག་དང་ཉམ་ཐག་སློབ་མར་སློབ་ཡོན་སོགས་ཀྱི་རོག་རམ་གང་མང་ཞུས་ཡོད།

སྤྱི་ལོ་ ༢༠༡༡ ལོའི་ལོ་དཀྱིལ་ནས་བཟུང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཤིན་ཏུ་ནས་དགོས་མཁོ་ཆེ་བའི་གཏམ་བརྗོད་ཀྱི་མཚན་པ་ཞིག་གསར་འཛུགས་ཀྱི་ད་བར་དུ་བཙན་བྱོལ་བོད་མིའི་གནས་ཡུལ་ཁག་དང་སློབ་གྲྭ་སོགས་ས་གནས་གྲངས་ ༤༨ ཙམ་ཞིག་ལ་ཕྱིན་ཏེ་མི་དམངས་ལ་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག ཡུལ་སྲོལ། གོམས་གཤིས་བཟང་པོ་རྣམས་མི་ཉམས་རྒྱུན་འཛིན་སླད་དང་། དེ་མིན་བོད་མིའི་འཕྲོད་བསྟེན་གྱི་གོ་རྟོགས་དང་ཡ་རབས་བཟང་སྤྱོད་སོགས་ཀྱི་བརྗོད་གཞིའི་ཐོགས་སྒྱུ་རྩལ་གྱི་ལམ་ནས་མི་དམངས་ལ་གཏམ་བརྗོད་ཐོག་གོ་རྟོགས་སྤེལ་ནས་དཀའ་ངལ་ག་ཚོད་འཕྲད་ཀྱང་མུ་མཐུད་ཨུ་ཚུགས་ཀྱིས་རྒྱུན་ཁྱོངས་བྱེད་བཞིན་ཡོད།

གོང་དུ་ཞུས་པ་ནི་འདས་ཟིན་པའི་ངའི་མི་ཚེའི་ལོ་རྒྱུས་རོབ་ཙམ་ཞིག་ཡིན། ད་རེས་སྐབས་སུ་བབས་པའི་ཁྱེད་རྣམ་པར་ཞུ་དོན་ནི་གུས་པ་རང་ཉིད་སྐབས་བཅུ་དྲུག་པའི་དབུས་གཙང་སྤྱི་མཐུས་སུ་ལངས་རྒྱུ་ཡིན།   

སྤྱིར་བཏང་ང་རང་ལྟ་བུར་མཚོན་ན་སྤྱི་མཐུས་ཀྱི་འོས་ཐོབ་པར་རང་རེའི་སྐྱིད་སྡུག་དང་། ཚོགས་པ་ཁག་གི་རྒྱབ་སྐྱོར་ཡང་མེད་ལ།  དབང་ཆ་ཡི་ཤོག་ཁག་སོགས་གང་ཡང་མེད་པའི་ཉམས་ཆུང་གི་མི་སེར་རྐྱང་པ་ཞིག་རེད། ཡིན་ན་ཡང་སོ་སོ་རང་ཉིད་ཀྱི་མི་ལོ་ ༢༣ ཙམ་རིང་བཙན་བྱོལ་སྤྱི་ཚོགས་འདིའི་ནང་ལས་དོན་ཆེ་ཆུང་སྣ་མང་ཞིག་བྱས་པའི་ཉམས་མྱོང་ལ་ཉམས་ཞིབ་བྱས་པར་གཞིགས་ན། ད་ལན་སྤྱི་མཐུས་སུ་ལངས་ནས་སྔར་ལས་ལྷག་པའི་འཆར་གཞི་ལྡན་པ་དང་གྲུབ་འབྲས་གསོན་པའི་ལས་དོན་གང་མང་ཞིག་འགྲུབ་ཐུབ་པའི་སྤོབས་པ་དང་གདེངས་ཚོད་ཡོད། སྐད་ཆ་དེས་ངས་དབུས་གཙང་སྤྱི་འཐུས་ལ་ལངས་ཚེ་མ་འཇོན་འཇོན་མདོག་དང་མ་ཤེས་ཤེས་མདོག་ཀྱི་བྱ་རྒྱུ་ལུང་པ་གང་ཡོད་ཁུལ་ཙམ་མིན་པར་སོ་སོ་རང་ཉིད་ཀྱི་དངོས་སུ་མཐོང་བའི་བཙན་བྱོལ་སྤྱི་ཚོགས་སྟེང་གི་དཀའ་ངལ་གལ་གནས་ཆེ་བ་ཁག་ཅིག་གསལ་རྒྱུའི་མདུན་པ་དང་ཡིད་ཆེས་སྐྱེས་པའི་ཐོག་ནས་ལངས་པ་ཡིན།

                                དེ་ལྟར་གྱི་དཀའ་རྙོག་རྣམས་དོན་ཚན་ཁག་བཞི་ཙམ་ལ་དབྱེ་ཡོད་དེ།

མ་འོངས་པའི་ལས་འཆར།
༡༽ ཉེ་སྔོན་ཕྲན་གྱིས་ངོ་ཤེས་འགར་སྤྱི་འཐུས་སུ་ལངས་རྒྱུའི་བསམ་ཚུལ་བཤད་པར་ཕལ་མོ་ཆེས་ང་ལ་དཔེ་ཡག་པོ་རེད་ཁ་བདེ་ཙམ་བྱེད་དང་འོས་ཤོག་རག་པ་རེད་གསུངས་བྱུང་། གནད་དོན་དེས་ར་སྤྲོད་ཅི་ཞིག་ཐུབ་སོང་ཟེར་ན་ང་ཚོའི་བཙན་བྱོལ་དུ་ཡོད་པའི་བོད་མི་མང་ཆེ་བ་ཞིག་སོ་སོ་རང་ཉིད་ཀྱི་འཚོ་བའི་དོན་དུ་མགོ་བོ་འཁོར་ནས་ཆབ་སྲིད་ཀྱི་གནས་བབས་མ་ཤེས་པའམ་ཡང་ན་དོ་སྣང་བྱེད་འདོད་མེད་པ་སོགས་ཀྱི་གནད་དོན་མང་པོ་ཞིག་གིས་སྤྱི་འཐུས་རྣམས་ཀྱི་ལས་འགན་དང་གལ་ཆེའི་རིན་ཐང་ཤེས་མཁན་དཀོན་པོ་རེད། དེས་ན། སྤྱི་འཐུས་འོས་འདེམས་སྐབས་བལྟ་ཞིབ་དང་། ཉམས་ལེན། ཞིབ་འཇུག དབྱེ་ཞིབ་སོགས་གང་ཡང་མི་གནང་བར་བརྟེན་གྲོས་ཚོགས་ནང་དུ་སུ་ཧམ་པ་ཆེ་བ་དང་ཁ་བདེ་བ་ཡོད་པར་འཇོན་ཐང་ཅན་དུ་རློམ་ཡོད། དེ་བཞིན་གྲལ་རིམ་རིང་ལུགས་དང་། མ་རྩ་རིང་ལུགས། ལུང་ཚན་རིང་ལུགས་སོགས་ཀྱི་ལྟ་གྲུབ་འོག་ཕ་མེས་ཀྱི་མཛད་རྗེས་གཞི་ལ་བཞག་ནས་འཇོན་ཐང་ཡོད་མིན་ལ་མ་ལྟོས་པར་བུ་ཕྲུག་སྤྱི་འཐུས་ལ་འདེམས་པ་དང་། འབྱོར་པ་ཅན་གྱི་མིང་གྲགས་ལ་བལྟས་ནས་འོས་བླུགས་པ། ཡང་སོ་སོ་རང་ཉིད་ཀྱི་ལུང་ཚན་ཁག་གི་ཞེན་ཁོག་ཞིག་འཁྱེར་བ་སོགས་གང་ལྟར་རང་ཉིད་ཀྱི་སྤྱི་མཐུས་འདེམས་པའི་ལས་འགན་དེ་ཡག་པོ་ཞིག་མ་བླངས་ཀྱི་མེད།

སྤྱི་འཐུས་མང་པོ་ཞིག་གི་ཀྱང་གོ་སྐབས་དེ་བཟུང་ནས་དམ་བཅའ་ཕུལ་མཚམས་གྲོས་ཚོགས་ནང་ཁ་བདེ་ཙམ་བཤད་པ་དང་། གྲོས་ཚོགས་ནས་གཏན་འབེབས་བྱས་པའི་ས་གནས་བསྐོར་སྐྱོད་ལས་གཞི་ཁག་ལ་བསྐྱོད་ཐུབས་ཙམ་ཀྱིས་ས་གནས་མི་དམངས་ལ་ཁ་བདེ་པོ་ཞིག་བཤད་པ་ལས་དོན་ངོ་མའི་ཐོག་གཞིས་བཞུགས་གཙོ་བོར་འཛིན་པའི་ཐོག་ནས་བཙན་བྱོལ་བོད་མིའི་འཚོ་བའི་དཀའ་སྡུག་དངོས་དང་རྙོག་འཛིངས་དངོས་ཀྱི་ཐོག་ལ་ཉམ་ཞིབ་དང་དོ་སྣང་མ་བྱས་པར་སོ་སོ་རང་ཉིད་ཀྱི་འཚོ་གོས་ལ་མགོ་བོ་འཁོར་ནས་བསྡད་ཡོད།

དེ་ལྟ་བུའི་གནད་དོན་ཐོག་ད་རེས་གུས་པས་ལུང་ཚན་དང་།  ཤོག་ཁག་སྐྱིད་སྡུག་དང་།  དབང་ཤེད། ༸གོང་ས་མཆོག་གི་མཚན་སྙན་ལུང་དྲངས་བ་སོགས་གང་གི་ཡང་རྒྱབ་བརྟེན་མེད་པའི་ཐོག་ནས་སྒེར་གྱི་ནུས་པ་དང་ཡིད་ཆེས་གཞི་ལ་བཞག་པའི་ཐོག་སྤྱི་འཐུས་ལ་ལངས་རྒྱུའི་མིག་དཔེ་ཞིག་བཞག་ཏེ།  རང་ཤེས་རིང་ལུགས་དང་།  མ་རྩ་རིང་ལུགས། གྲལ་རིམ་རིང་ལུགས་སོགས་ཀྱི་ལམ་ཁ་དེ་མེད་པ་བཟོས་ཏེ་དབུས་གཙང་གཅིག་པོ་མ་ཡིན་པར་ཡང་སྒོས་བོད་མི་ཡོངས་ལ་སྤྱི་འཐུས་ཀྱི་ལས་འགན་དངོས་དེ་གང་ཡིན་ར་སྤྲོད་ཐུབ་པ་བྱ་རྒྱུ་ཡིན།

༢༽ བོད་ནང་དུ་བོད་མི་ཚོས་གཅིག་བསྒྲིལ་དམ་ཚིག་འོ་ཆུ་འདྲེས་པའི་སྒོ་ནས་བོད་ཀྱི་ཆོས་རིག་སྐད་གསུམ་ལ་སྲུང་སྐྱོབ་རྒྱུན་འཛིན་ཆེད་རང་སྲོག་བློས་གཏོང་ཀྱིས་སྐུ་ངལ་བརྒྱ་ཕྲག་མྱོང་གིན་ཡོད་རུང་། ང་ཚོ་བཙན་བྱོལ་ནང་དུ་ཁ་ཡོད་ལག་ཡོད་ཀྱི་ལས་དོན་གྲུབ་འབྲས་གང་ཡང་གསོན་རྒྱུ་མེད་པར་མི་དགོས་པའི་མི་ཁ་ཤས་ཀྱིས་སོ་སོ་རང་ཉིད་ཀྱི་མིང་གྲགས་དང་དབང་ཆའི་འཐབ་རྩོད་ཀྱི་ཆེད་དུ་དབུ་མ་དང་རང་བཙན་གྱི་ལྟ་གྲུབ་བརྒྱུད་གྲགས་བྱས་ནས་ཆབ་སྲིད་ཀྱི་གོ་རྟོགས་དམན་པའི་མི་དམངས་རྣམས་ཐུག་པ་དཀྲུགས་དཀྲུགས་ཀྱིས་རྩ་དོན་དངོས་ལ་ཕན་པའི་ལས་དོན་མང་པོ་ཞིག་བྱེད་མི་ཐུབ་པ་དང་བྱེད་མི་བདེ་བ་བཟོས་ཡོད།

གནད་དོན་དེའི་ཐོག་ཁོ་བོས་མི་དམངས་ལ་བཤོད་པའི་བསམ་ཚུལ་ཞིག་དང་། རང་ངོས་ནས་སྒྲུབ་དགོས་པའི་འཆར་གཞི་ལྡན་ཅིང་གྲུབ་འབྲས་གསོན་པའི་ལས་གཞི་ཞིག་ཡོད་པ་ནི།

ཀ༽ ད་ལྟའི་ཆར་ང་ཚོ་བོད་ཀྱི་གནད་དོན་འདི་སྐབས་སུ་བབས་པའི་འཛམ་གླིང་སྟེང་སྟོབས་ཤུགས་ཆེ་ཤོས་ཀྱི་རྒྱ་ནག་དང་སྐད་ཆ་བཤད་ནས་ཐག་གཅོད་ཐུབ་མིན་ཞིག་ལ་རག་ལུས་ཡོད་པ་ལས་བོད་མི་དམངས་ལ་བསྐུལ་སློང་བྱས་ནས་བོད་མིའི་གྲངས་འབོར་ལ་གཞིགས་ནས་ལྟ་གྲུབ་ཀྱི་དམིགས་དོན་ཞིག་ཡོང་རྒྱུའི་དུས་ལ་སླེབས་མེད། ་གནས་དོན་དེའི་ཐད་གོང་རིམ་གྱི་དབུ་ཁྲིད་ཚོས་གོང་རིམ་ནས་སྒྲུབ་དགོས་པའི་ལས་གཞི་དབུ་མའི་ལམ་གྱི་ཐོག་ནས་རྒྱ་ནག་ལ་གྲོས་མོལ་བྱེད་རྒྱུར་རྒྱ་ནག་དཔོན་རིག་ཁག་ལ་འབྲེལ་བ་བཟོས་ཏེ་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་རྒྱུ་ཡིན་ཡང་རེད། ཡང་རང་བཙན་གྱི་ཐོག་ནས་འཛམ་གླིང་མི་དམངས་ལ་བདེན་པ་ར་སྤྲོད་བྱས་པའི་ཐོག་རྒྱལ་སྤྱིའི་རྒྱབ་སྐྱོར་འཚོལ་རྒྱུ་དང་ལོ་རྒྱུས་ཀྱི་དཔང་པོ་བྱས་ཏེ་ཐབས་རྩོད་རྒྱུན་འཁྱོངས་ངང་ཡིག་ཆ་བསྐྲུན་རྒྱུ་སོགས་ལས་དོན་ཅི་ཡིན་གོང་རིམ་རང་ངོས་ནས་གང་ཐུབ་ཅིག་བྱས་ཏེ་གྲུབ་འབྲས་ཐོན་ཨེ་ཐུབ་འབད་དགོས་པ་ལས་མི་དམངས་ནང་ལྟ་གྲུབ་ཀྱི་བསམ་ཚུལ་ཤུགས་ཆེ་ཞིག་བཤད་ན་དགོས་པ་ལས་གནོད་པ་ཆེ་བ་མཐོང་བཞིན་འདུག གང་ཡིན་ཟེར་ན།  མི་དམངས་རྣམས་ཀྱི་ཐུགས་རེ་ནི་ལྷག་བསམ་རྣམ་དག་ཀྱི་རྩ་དོན་གཅིག་པོར་བསམ་བློ་འབད་འབུངས་ངང་གཞིས་བྱེས་མཉམ་འཛོམས་བྱུང་ན་དབུ་མ་རང་བཙན་ལ་ཁྱད་པར་མེད།

ཁ༽ ད་ལྟ་སྐབས་སུ་བབས་པའི་རང་ཉིད་ཀྱི་བསམ་ཚུལ་དུ་གལ་འགངས་ཆེ་ཤོས་ནི། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དུ་ཆོས་དང་རིག་གཞུང་སྲུང་སྐྱོབས་བྱ་རྒྱུ་གལ་ཆེ་ཤོས་ཡིན་ཡང་དང་པོ་སྐད་དང་ཡི་གེ་གཉིས་ཀྱི་མ་རྩ་མེད་ན་འགྲིགས་ཐབས་མེད་པར་སོང་ཐོག་མར་བོད་ཀྱི་སྐད་ཡིག་ཐོག་དོ་སྣང་གཙོ་བོ་བྱས་ནས་དགོས་མཁོ་ཆེ་བའི་ས་གནས་དཔེར་ན་རྒྱ་གར་བྱང་ཤར་ཁ་ཏོར་བོད་མིའི་གནས་ཡུལ་ཁག་དང་དེ་མིན་རྒྱ་གར་གྲོང་ཁྱེར་ཆེ་ཁག་ཏུ་གནས་སྡོད་བྱེད་པའི་བོད་མི་རྒན་གཞོན་བར་གསུམ་གྱི་ཆེད་དུ་དཔལ་འབྱོར་མཁོ་སྒྲུབ་དང་བོད་དགེ་ཆེད་གཏོང་ཀྱིས་བོད་མི་རྣམས་ལ་བོད་ཡིག་སློབ་ཁྲིད་དང་བོད་སྐད་ལ་དོ་སྣང་བྱེད་རྒྱུའི་བསྐུལ་མ་བྱས་ཏེ།  སློབ་ཕྲུག་རྣམས་ལ་འཛིན་གྲྭ་འགྲོལ་ནས་བོད་ཡིག་ཟུར་ཁྲིད་དང་རྒན་པ་རྣམས་ལ་ཚོང་ལས་དང་སྒེར་གཞུང་གང་གི་ཡང་ལས་ཀའི་ཞོར་ལ་བོད་ཡིག་དང་བོད་སྐད་སྦྱོང་རྒྱུའི་གོ་སྐབས་ཤིག་བསྐྲུན་ནས་རིམ་པས་བོད་ཀྱི་སྲོལ་རྒྱུན་དང་རིག་གཞུང་སོགས་ར་སྤྲོད་དང་གོ་རྟོགས་སྤེལ་རྒྱུ་སོགས་ཀྱི་གྲུབ་འབྲས་ཆེ་བ་དང་ཕུགས་བསམས་ལྡན་པའི་ལས་གཞི་གསར་པ་ཞིག་རྒྱ་ཆེར་སྤེལ་རྒྱུ་ཡིན།

༣༽ རང་རེའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དབུ་ཁྲིད་དང་འགན་འཁུར་མི་སྣ་ཕལ་མོ་ཆེས་ལས་དོན་མང་པོར་ཞིབ་འཇུག་གཏིང་ཟབ་གནང་མི་ཐུབ་པའི་སྤྱོད་ཚུལ་དེ་ད་དུང་ལྷག་བསྡད་ཡོད་ཅིང་། རྒྱ་ཆེའི་མི་མང་གི་གཞི་རིམ་གྱི་གནས་སྟངས་གཏན་ནས་མི་ཤེས་ཡང་ད་དུང་སྤྱི་ཚོགས་ཀྱི་སློབ་སྟོན་པའི་འགན་འཁུར་གནང་བཞིན་པ་ནི་ཉེན་ཁ་ཆེན་པོ་ཞིག་མཐོང་གི་འདུག བཙན་བྱོལ་བོད་མིའི་གནས་ཡུལ་ཡོངས་ཀྱི་གནས་ཚུལ་ཞིབ་ཚགས་པོ་ཞིག་མ་ཤེས་ཚེ་འགོ་ཁྲིད་དངོས་གནས་ཡག་པོ་ཞིག་ཡོང་རྒྱུ་ཁག་པོ་རེད། དེར་བརྟེན། བཙན་བྱོལ་ནང་དུ་འགོ་ཁྲིད་དང་འགན་འཁུར་མི་སྣ་ཚོས་མི་དམངས་ལ་བརྩེ་སེམས་ཀྱི་གཟིགས་སྐྱོང་ཞན་ཅིང་། དཔོན་ཉམས་ཆེ་བས་མི་དམངས་ཀྱིས་འགོ་ཁྲིད་ལ་གུས་བརྩི་ཆུང་བ་དང་དགའ་ཞེན་མེད་པ་སོགས་ཀྱེ་དཀའ་རྙོགས་མི་ཉུང་བ་ཞིག་ཡོང་གི་ཡོད། དེ་འདྲའི་དཀའ་རྙོགས་དེ་གསལ་བའི་ཐོག་ནས་མཐོ་དམན་བར་གསུམ་གྱི་དབར་ཕན་ཚུན་བྱམས་བརྩེ་དང་གུས་བཀུར་ཡོད་པའི་ཐོག་ཆམ་མཐུན་གྱི་སྤྱི་ཚོགས་གསར་པ་ཞིག་བསྐྲུན་དགོས་ན་ཐབས་ཤེས་གཅིག་རང་ཡོད་པ་ནི།  སྤྱི་ཚོགས་ལ་བརྟག་དཔྱད་བྱེད་རྒྱུ་དེ་རེད། སྤྱི་འཐུས་ནི་མི་དམངས་ཀྱི་ཡིད་ཆེས་དང་རེ་བ་ཆེ་ཤོས་ཤིག་བཅོལ་ཡུལ་ཡིན་ཕྱིར། འཛིན་སྐྱོང་ཀྱི་སྲིད་བྱུས་གཏན་འབེབས་ནས་མི་སེར་གྱི་འཚོ་བར་དངོས་བར་ཉམས་ཞིབ་བྱས་ཏེ་ཁོང་ཚོའི་བདེ་སྡུག་གསལ་རྒྱུ་སོགས་ཀྱི་ལས་འགན་ཆེན་པོ་ཞིག་ཡིན་།

གལ་ཏེ་ང་རང་སྤྱི་འཐུས་ཤིག་ཡིན་ན།

ངས་འཆར་གཞི་ཡོད་པའི་སྒོ་ནས་བཙན་བྱོལ་གྱི་སྤྱི་ཚོགས་ནང་མི་དམངས་དང་ལྷན་དུ་ཚོགས་འདུ་བགྲོ་གླེང་མང་ཙམ་ཚོགས་ནས་མང་ཚོགས་ཀྱིས་གཞུང་ལ་འཛིན་པའི་བསམ་བློ་དང་ཁོང་ཚོས་གཞུང་ལ་བཅངས་པའི་བཀའ་དྲིན་གྱི་འབྱུང་གཞི་མ་རྩར་བཞག་པའི་ཐོག་གཞུང་ལ་ཁོང་ཁྲོ་དང་རྒྱབ་འགལ་བྱེད་མཁན་གྱི་བོད་མི་ཚོ་གནད་དོན་གང་འདྲ་ཞིག་དང་རྒྱུ་རྐྱེན་གང་འདྲ་ཞིག་གི་ཐོག་ཁོང་ཚོར་སེམས་ནད་དེ་ལྟར་བྱུང་བ་ཉམས་ཞིབ་བྱས་ཏེ་བློ་གཟུ་བོར་གནས་པའི་ཐོག་ཕན་ཚུན་བགྲོ་གླེང་ལྷུག་པོར་བྱས་ནས་ཁོང་ཚོའི་དགོས་དོན་འགྲུབ་རྒྱུ་དང་བློ་བཟང་ཕྱོགས་ལ་འགུག་ཐབས་སོགས་དུས་རྒྱུན་དུ་མགོ་ཡར་བཀྱག་ནས་གནམ་ཁོ་ནར་མི་བལྟ་བར་མིག་གཤམ་འོག་ལ་བལྟ་རྒྱུའི་འདོད་པ་དང་སེམས་ཐག་ཆོད་པོས་གཡས་བལྟ་གཡོན་བལྟ་བྱས་ཏེ་དཀའ་ངལ་འཛེམས་མེད་ཀྱི་ལས་ཀ་ཧུར་ཐག་བྱས་ནས་མི་དམངས་དང་བློ་མཐུན་གྱི་སྤྱོད་ཚུལ་རྣམ་པར་དག་པ་ཞིག་འཛིན་གྱི་ཡིན།

༤༽ སྤྱིར་འཛམ་གླིང་གི་ལོ་རྒྱུས་ནང་གཏམ་བརྗོད་འཁྲབ་སྟོན་བརྒྱུད་དགེ་འདོན་སྐྱོན་སེལ་དང་བསམ་བློ་གསར་པ་འདོན་སྤེལ་བྱ་ཐབས་ནི་རྒྱལ་ཁབ་ཀྱི་འཐབ་རྩོད་ཁྲོད་ནུས་པ་བླ་ལྷག་ཐོན་ཡོད་ཀྱང། ང་ཚོའི་སྤྱི་ཚོགས་ནང་དེའི་ཐད་སྟོང་ཆ་ཆེན་པོ་ཞིག་ལྷག་ཡོད།  དེར་བརྟེན་ངས་བོད་ཀྱི་གཏམ་བརྗོད་ཚན་པ་ཞེས་པའིི་དཔུང་ཁག་ཅིག་གསར་འཛུགས་ཞུས་པའི་ཐོག་ནས་མི་དམངས་རྣམས་ལ་དེང་དུས་གཏམ་བརྗོད་འཁྲབ་སྟོན་གྱི་སྒྱུ་རྩལ་བརྒྱུད་ང་ཚོའི་སྤྱི་ཚོགས་ཀྱི་ཆིག་བསྒྲིལ་སོགས་ལ་ཁྱོན་ཡོངས་ནས་བོད་དོན་འཐབ་རྩོད་ཀྱི་གོ་རྟོགས་དང་སྟོབས་ཤུགས་མཐོར་འདེགས་ཡོང་ཆེད། སྤྱི་ཚོགས་ཀྱི་ཞན་ཆའི་རིགས་གསལ་སྟོན་དང་། ལེགས་ཆའི་ཁ་ཕྱོགས་བསྟན་ཐབས་བྱ་རྒྱུ། གཞོན་སྐྱེས་ནང་ཁུལ་དབར་གཏམ་བརྗོད་དང་གླེང་མོལ་གྱི་ལམ་ནས་བསམ་བློ་གསར་པ་འདོན་སྤེལ་གྱིས་སྤྱི་ཚོགས་ནང་གསར་གཏོད་དང་ལེགས་བཅོས་ཀྱི་གོམ་པ་མདུན་བསྐྱོད་བྱ་རྒྱུ། དེ་མིན་བཙན་བྱོལ་ནང་རྒྱུན་ལྡན་གྱི་གླེང་མོལ་ཁྲོད་ཕྱིའི་སྐད་ཡིག་མཉམ་བསྲེས་དང་། བོད་སྐད་ཀྱི་འགྲོས་དང་མི་མཐུན་པའི་བཀའ་མོལ་གནང་ཕྱོགས་རིགས་ལེགས་བཅོས་དང་། སྐད་ཡིག་སྲུང་སྐྱོབ་གོང་སྤེལ་ལ་ནུས་པ་འདོན་རྒྱུ་སོགས་བྱེད་རྒྱུ་ཡིན།

ད་དུང་སྒྲུབ་འདོད་པའི་ལས་གཞི་མང་དག་ཅིག་ཡོད་ཀྱང་སྐབས་སུ་བབས་པའི་དུས་ཡུན་ལོ་ལྔ་ཡི་ནང་གོང་གསལ་ལས་དོན་དེ་ཙམ་ཞིག་ལས། མཛུབ་མོས་གནམ་འདེགས་པའི་འུར་གཏམ་མང་པོ་ཞིག་བཤད་ཐུབ་ཀྱང་མི་དམངས་ལ་མགོ་བོ་བསྐོར་ཏེ་རང་ཉིད་ཀྱི་མཐོ་ས་འཛིན་རྒྱུའི་ཕུགས་བསམ་ནི་ང་ལ་མེད། བཅས་བོད་ལྗོངས་ལྷོ་ཁ་མཚོ་སྣ་ལམ་ཕུག་རྟ་ར་ནས་ཡིན་པའི་གུས་པ་ལྷག་པ་ཚེ་རིང་ནས་རང་རེའི་བོད་མི་ཡོངས་དང་སྐབས་བབས་དབུས་གཙང་མི་དམངས་ཡོངས་ལ་ལུས་ངག་ཡིད་གསུམ་ནས་གུས་བརྩེ་དང་བཅས་འོས་འཕེན་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་སྨོན་འདུན་ཞུ།

 

 

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༢༤ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese