མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ས་སྐྱ་༧གོང་མ་རིན་པོ་ཆེའི་འཁྲུངས་སྐར་སྲུང་གཙི་ཞུས།

བོད་ཀྱི་དུས་བབ།
༢༠༡༥/༠༩/༠༨
Share on FacebookShare on TwitterShare on EmailShare on Whatsapp

 

ཁ་སང་ར་ཛ་སྤུར་གྱི་ས་སྐྱའི་ཆོས་སྒར་དུ་༧གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་དགུང་གྲངས་ ༧༠ ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་གཙི་ཞུས་ཡོད་འདུག

11990414_1072830052729552_6995076065318148843_nཐུབ་བསྟན་རྒྱལ་མཚན་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་གཏོང་གནང་བ་ལྟར་ན། ཁ་སང་སྔ་དྲོའི་ཆུ་ཚོད་ ༩ ཐོག་ར་ཛ་སྤུར་དུ་ཡོད་པའི་ས་སྐྱའི་ཆོས་སྒར་དུ། དཔལ་ས་སྐྱའི་ཁྲི་འཛིན་ཞེ་གཅིག་པ་༧གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་དགུང་གྲངས་ ༧༠ ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་གཙི་ཞུས་ཡོད་པ་དང་། འཁྲུངས་སྐར་གྱི་མཛད་སྒོའི་ཐོག་ས་སྐྱའི་ཕོ་བྲང་རྣམ་གཉིས་ཀྱི་སྐུའི་གདུང་སྲས་རྣམས་པའི་དབུས་འབྲེལ་ཡོད་དགོན་སྡེ་ཁག་གི་བླ་སྤྲུལ་མཁན་ཟུར་རྣམ་པ་དང་གྲྭ་བཙུན། དེ་བཞིན་དྷེ་ར་དྷོན་ས་གནས་འགོ་འཛིན་ལས་ཁུངས་སོགས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་དང་དད་ལྡན་མི་མང་བཅས་ཁྱོན་མི་གྲངས་ ༡༠༠༠ ལྷག་འཛོམས་ཡོད་འདུག

 

མཛད་སྒོའི་ཐོག་མར་༧གོང་མ་རིན་པོ་ཆེ་མཆོག་གཟིམས་ཆུང་ནས་སྤུས་སྣེས་གདན་དྲངས་ཏེ་བཞུགས་ཁྲིར་འཁོད་མཚམས་འཆི་མེད་ཚེ་ལྷ་རྣམ་གསུམ་གྱི་ཆོ་ག་སོགས་གསུང་འདོན་གནང་ཡོད་པ་དང་། དེའི་རྗེས་བླ་བྲང་དང་དགོན་སྡེ་ཁག ས་གནས་འགོ་འཛིན་ལས་ཁུངས། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་བཅས་ནས་མནྜལ་རྟེན་གསུམ་འདེགས་འབུལ་ཞུས་པ་དང་སྦྲགས། སེར་སྐྱ་མི་མང་ཡོངས་ལ་མཇལ་ཁ་གནང་ཡོད་འདུག གཞན་ཡང་། མཛད་སྒོའི་ཐོག་འདི་ལོར་ཕུར་སྒྲུབ་ཆེན་མོ་འདོན་པའི་རྒྱུགས་འགྲན་དང་འབྲེལ་ཡོད་དགོན་སྡེ་ཁག་གི་སློབ་ཕྲུག་ཁ་ཅིག་ལ་ལོ་འཁོར་ཡིག་རྒྱུགས་ནང་ཨང་རིམ་རྩེར་སོན་ལ་བྱ་དགའ་དང་། ས་སྐྱའི་ཆོས་སྒར་དུ་གསང་སྔགས་རྒྱུད་སྡེ་ཁག་ནས་སློབ་མཐར་ཕྱིན་པའི་སློབ་ཕྲུག་ཚོར་མཐར་ཕྱིན་ལག་འཁྱེར་བཅས་གནང་ཡོད་པ་དང་། ཉིན་རྒྱབ་ས་གནས་ཚོགས་སྐྱིད་ཁག་ནས་རིག་གཞུང་འཁྲབ་སྟོན་སོགས་གཞས་སྣ་གཟིགས་འབུལ་ཞུས་ཡོད་འདུག

 

དེ་ཡང་མཛད་སྒོའི་ཐོག་༧གོང་མ་རིན་པོ་ཆེ་མཆོག་ནས་ཁོང་གི་འཁྲུངས་སྐར་དང་འབྲེལ་བའི་གསུང་བཤད་གནང་སྐབས། སྤྱིར་བཏང་སྐྱེས་སྐར་ཟེར་བ་དེ་ཕྱི་རྒྱལ་བའི་བརྩི་སྟངས་དང་ལྟ་སྟངས་ཤིག་ཡིན་སྟབས། ཁོང་སྐུ་སྒེར་གྱི་ངོས་ནས་འཁྲུངས་སྐར་སྲུང་གཙི་གནང་རྒྱུར་ཐུགས་དགྱེས་བོ་མེད་པ་དང་། ས་སྐྱ་བར་འཁྲུངས་སྟོན་ཞུ་བ་ཞིག་གཏོང་སྲོལ་ཡོད་ཀྱང་དེའི་དགོས་དམིགས་སོགས་ཕྱི་རྒྱལ་གྱི་སྐྱེས་སྐར་གཏོང་སྲོལ་དང་ཁ་ཁ་ཡིན་ལ། སྔོན་ཆད་ས་སྐྱ་བར་གདུང་སྲས་འཁྲུངས་དཀོན་པོ་ཆགས་སྐབས་སྲས་དང་པོ་འཁྲུངས་བ་དེར་འཁྲུངས་སྟོན་གཏོང་བ་དང་། དེའི་རྗེས་ཀྱི་སྲས་རྣམས་ལ་འཁྲུངས་སྟོན་གཏོང་སྲོལ་མེད་སྐོར་དང་། ཡང་ཁོང་གིས་དགོན་སྡེ་གྲྭ་ཚང་ཁག་གི་གྲྭ་བ་རྣམས་ཀུན་སྤྱོད་གང་ལེགས་ཐོག་བཞུགས་དགོས་པ་མ་ཟད། སློབ་སྦྱོང་ཡོད་པ་དང་སྤུས་དག་གི་ཐོག་ནས་རིག་གྲོལ་ཡོན་ཏན་གྱི་བརྒྱན་བྱས་ཏེ་བཞུགས་དགོས་པ་གལ་ཆེན་པོ་ཡིན་སྐོར་སོགས་ཀྱི་བཀའ་སློབ་ལམ་སྟོན་གནང་འདུག

 

 

དེ་རིང་ནས་བཟུང་༧གོང་མ་རིན་པོ་ཆེ་མཆོག་ཀ་རྡོར་སྒང་གསུམ་དུ་ཆེད་ཕེབས་ཀྱིས་ཆོས་ཕྱོགས་ཀྱི་མཛད་འཕྲིན་ཁག་ཅིག་སྐྱོང་བཞིན་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་ཀ་ལོན་སྦུག་ཏུ་གསར་བཞེངས་གནང་བའི་ས་དགོན་བརྩེ་ཆེན་འཕྲིན་ལས་དར་རྒྱས་གླིང་དབུ་འབྱེད་མཛད་སྒོའི་ཚོགས་མགོན་དུ་ཕེབས་རྒྱུ་ཡིན་འདུག

 

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

ཆུ་ཚོད་ ༢༠ སྔོན་ལ།
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

ཆུ་ཚོད་ ༢༢ སྔོན་ལ།
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤

མཆན། 1

  1. རིག་པའི་གླིང་བུ།t says:
    ལོ་ 11 སྔོན།

    སྐྱབས་མཆོག་༧གོང་མ་བདག་ཁྲི་རིན་པོ་ཆེ་ཁྱེད་སྐུ་ཚེ་བརྟན་ཞིང་མཛད་འཕྲིན་རྒྱས་པའི་སྨོན་འདུན་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese