མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྲག་སྤྱོད་པའི་དགོས་འདུན།

བོད་ཀྱི་དུས་བབ།
༢༠༡༥/༠༩/༡༠
Share on FacebookShare on TwitterShare on EmailShare on Whatsapp

 

ཨི་རག་དང་སི་རེ་ཡའི་མཉམ་འབྲེལ་དྲག་སྤྱོད་ཤོག་ཁག་གིས་བཙན་ཁྲིད་བྱས་པའི་མི་གཏའ་གཉིས་ཕྱིར་བསྒྲགས་བྱས་ཏེ་བླུ་ཡོན་སྤྲོད་དགོས་པའི་དགོས་འདུན་བཏོན་འདུག

 

www.usnewsཁ་སང་སི་རེ་ཡ་དང་ཨི་རག་མཉམ་འབྲེལ་དྲག་སྤྱོད་ཤོག་ཁག་གིས་དྲག་སྤྱོད་པའི་དྲ་ཐོག་དུས་དེབ་ཌ་བྷེ་ཁུའུ་ (Dabiq) ཞེས་པའི་སྟེང་བཙོན་པའི་གྱོན་གོས་སེར་པོ་གཡོགས་པའི་མི་གཏའ་གཉིས་ཕྱིར་བསྒྲགས་བྱས་ཡོད་པ་མ་ཟད། ཁོ་གཉིས་ཀློད་གྲོལ་གཏོང་བར་བླུ་ཡོན་སྤྲོད་དགོས་པའི་དགོས་འདུན་བཏོན་འདུག

 

ཉེ་ལམ་དྲག་སྤྱོད་པས་འཇུ་བཟུང་བཀག་བསྐྱིལ་བྱས་པའི་མི་དེ་གཉིས་ཀྱི་ཁྲོད་ནས་གཅིག་ནི་ནོར་ཝེ་རྒྱལ་ས་ཨོ་སོ་ལོ་ནས་ཡིན་པའི་རང་ལོ་༤༠ ལ་སོན་པ་ཨོ་ལེ་ཇོ་ཧན་ (Ole Johan Grimsgaard-Ofstad) དང་། གཞན་དེ་རྒྱ་ནག་རྒྱལ་ས་པེ་ཅིང་ནས་ཡིན་པའི་རང་ལོ་ ༥༠ ཅན་གྱི་རྒྱ་ནག་གི་ཡུལ་མི་ཧྥན་ཅིན་ཧེ་ (Fan Jinghui) ཟེར་བ་གཉིས་ཡིན་པ་ཕྱིར་བསྒྲགས་བྱས་ཡོད་ཀྱང་། ཁོ་གཉིས་ག་དུས་བཙན་ཁྲིད་བྱས་མིན་དང་ས་གནས་ག་པར་བཀག་ཉར་བྱས་ཡོད་མེད་ཀྱི་གསལ་ཁ་གང་ཡང་བཏོན་མི་འདུག

 

མི་དེ་གཉིས་ཀྱི་པར་རིས་འོག་ཏུ་མི་སྒེར་གྱི་ལོ་རྒྱུས་དང་ནང་གི་ཁ་བྱང་རགས་རིམ་དང་ཡི་གེ་འགའ་བྲིས་ཡོད་པའི་ནང་། དྲང་བདེན་ལ་མོས་པའི་འཐབ་རྩོད་པ་དང་ཆོས་མེད་སྨྲ་བ། ཆོས་གྲོགས་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་ལ་ཞུ་རྒྱུར། ང་ཚོས་ཁོ་གཉིས་ནི་སོ་སོའི་རྒྱལ་ཁབ་ཀྱིས་ནུས་པ་བཏོན་ཏེ་བླུ་ཡོན་ཕོན་ཆེ་སྤྲད་དེ་བླུས་མེད་པའི་བདག་མེད་སེམས་ཅན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ཅེས་དང་། ཡང་དུས་དེབ་དེའི་ནང་ཁོ་གཉིས་ཀྱི་སྐོར་ལ་གསལ་བཤད་ཡི་གེ་ཞིག་བྲིས་ཡོད་པའི་ནང་། ཁོ་གཉིས་ལ་འགྲོ་གྲོན་བཏང་སྟེ་ཀློད་གྲོལ་ཐོབ་ཐབས་ཀྱི་ཚོང་འབྲེལ་བྱ་འདོད་ཡོད་ཚེ། གཤམ་འཁོད་ཁ་པར་ཨང་གྲངས་བརྒྱུད་འབྲེལ་གཏུག་བྱ་ཆོག་ཀྱང་དུས་ཚོད་ལ་དུས་བཀག་ཡོད། ཅེས་བྲིས་ཡོད་ཀྱང་། བླུ་ཡོན་ག་ཚོད་སྤྲོད་དགོས་མིན་དང་ག་དུས་དུས་བཀག་རྫོགས་མིན་གྱི་གསལ་བཤད་གང་ཡང་བྱས་མེད་པ་རེད།

 

ནོར་ལྦེའི་སྲིད་བློན་ཨར་ཎཱ་སོལ་བྷག་ (Erna Solberg) ལགས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་གི་ཐོག དྲག་སྤྱོད་ཤོག་ཁག་གིས་ཕྱིར་བསྒྲགས་བྱས་པའི་མི་དེ་གཉིས་ཀྱི་ཁྲོད་ནས་གཅིག་ནོར་ཝེ་ཡི་མི་སེར་ཡིན་པ་མ་ཟད། ཁོང་དྲག་སྤྱོད་པས་འདི་ལོའི་ཟླ་ ༡ པོའི་ཟླ་མཇུག་ཏུ་སི་རེ་ཡ་ནས་འཛིན་བཟུང་བྱས་ཡོད་པའི་དཔང་རྟགས་གསལ་པོ་བྱུང་སོང་། ད་ལྟ་བཙན་ཁྲིད་པས་ཁོང་ཀློད་གྲོལ་གཏོང་བར་དགོས་འདུན་འདྲ་མིན་བཏོན་པ་དང་བླུ་ཡོན་ཕོན་ཆེ་སྤྲོད་དགོས་པའི་གནོན་ཤུགས་སྤྲོད་བཞིན་ཡོད་ཀྱང་། གཞུང་གིས་དྲག་སྤྱོད་པར་བླུ་ཡོན་ནམ་ཡང་སྤྲོད་མི་སྲིད། ཅེས་བརྗོད་འདུག

 

རྒྱ་ནག་གི་ཕྱོགས་ནས་གནད་དོན་དེའི་ཐད་ཅི་ཡང་བཤད་མེད་ཀྱང་། རྒྱ་ནག་གནད་དོན་ཆེད་མཁས་པ་མཱ་ཋེའུ་ (Mathieu Duchatel) ལགས་ཀྱིས། ད་བར་རྒྱ་ནག་གཞུང་ཕྱོགས་ཀྱིས་དཀྱིལ་ཤར་ཡུལ་གྲུའི་དྲག་སྤྱོད་ཤོག་ཁག་ལ་འཛིན་པའི་ལངས་ཕྱོགས་ཁ་གསལ་གང་ཡང་མེད་སྟབས། ད་ཐེངས་དྲག་སྤྱོད་པས་རྒྱ་ནག་གི་མི་སེར་དམར་གསོད་གཏང་བ་ཡིན་ན། མ་འོངས་པར་རྒྱ་ནག་གཞུང་གིས་ཨ་རིས་སྣེ་ཁྲིད་པའི་མནའ་མཐུན་རྒྱལ་ཁབ་ཁག་དང་མཉམ་འདེགས་བྱས་ཏེ། དྲག་སྤྱོད་པར་གནམ་ས་གཉིས་ཐོག་ནས་རྒོལ་རྡུང་གཏང་སྲིད་པ་ཞིག་རེད་ཅེས་བརྗོད་ཡོད་འདུག

 

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་ཟླ་གཅིག་དང་ཉིན་གྲངས་ ༨ རིང་ལ་དྭགས་སུ་ཆོས་འབྲེལ་རྒྱ་ཆེན་བསྐྱངས།

ཆུ་ཚོད་ ༡༠ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་དུ་བསྩལ་བའི་གསུང་ཆོས་དང་བཀའ་སློབ།

༢༠༢༦/༠༢/༡༩
Mobile App

ཆོས་བརྒྱུད་ཁག་གི་བསྟན་བདག་བླ་ཆེན་རྣམ་པས་ལོ་གསར་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ།

༢༠༢༦/༠༢/༡༨
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་གཙུག་ལག་ཁང་དུ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་ཁག

༢༠༢༦/༠༢/༡༨
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ནས་བསྩལ་བའི་གསུང་འཕྲིན་ཁག

༢༠༢༦/༠༢/༡༧
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ལ་མཇལ་བཅར་ཞུ་མཁན་གྱི་གནད་ཡོད་མི་སྣ།

༢༠༢༦/༠༢/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese