མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྨན་བཅོས་ལྟ་སྐྱོང་གི་ལས་གཞིའི་ནང་ཆ་ཤས་ལེན་མཁན་ ༡༣༡༥༠ ཡོད།

བོད་ཀྱི་དུས་བབ།
༢༠༡༥/༠༩/༢༣
Share on FacebookShare on TwitterShare on EmailShare on Whatsapp

 

ཁ་སང་འཕྲོད་བསྟེན་ལས་ཁུངས་ཀྱི་མ་ལག་དང་བཅས་པའི་ལོ་འཁོར་ལས་བསྡོམས་སྙན་སྒྲོན་བགྲོ་གླེང་གནང་སྐབས་འཕྲོད་བསྟེན་བཀའ་བློན་མཆོག་ནས་འཕྲོད་བསྟེན་ལས་ཁུངས་གཅིག་པུས་མྱོས་རྫས་སྤྱོད་མཁན་ཚོའི་དཀའ་ངལ་སེལ་ཐབས་མི་འདུག་པས་གཞུང་སྒེར་ཚང་མ་མཉམ་རུབ་གནང་དགོས་སྐོར་གསུངས་སོང་།

 

DSC_6477ཁ་སང་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པའི་ལས་ཉིན་བདུན་པའི་སྔ་དྲོར། འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་གིས་ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༡ ནས་ ༢༠༡༥ ལོའི་ཟླ་ ༣ ཚེས་ ༣༡ བར་གྱི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་ཞུས་པ་དང་། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་སྤྱི་འཐུས་རྒྱུན་ལས་ནས་འཕྲོད་བསྟེན་གྱི་ལས་བསྡོམས་ཐོག་ཞིབ་འཇུག་བཀའ་སྡུར་གནང་བའི་གཏན་འབེབས་སྙན་ཐོ་སྙན་སྒྲོན་ཞུས་རྗེས་བགྲོ་གླེང་གནང་སོང་བ་དང་། བཙན་བྱོལ་བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞིའི་ནང་ཆ་ཤས་ལེན་མཁན་མི་གྲངས་ ༡༣༡༥༠ བྱུང་ཡོད་པ་དང་ཁྱོན་ཧིན་སྒོར་འབུམ་ ༣༧ དང་ཁྲི་བདུན། བརྒྱད་བརྒྱ་ཉེར་བཞི་ཡི་འགྲོ་སོང་བཏང་ཡོད་འདུག

 

འཕྲོད་བསྟེན་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ནང་གསལ་ལྟར་ན། འདས་པའི་ལོ་གཅིག་ནང་འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་སྨན་ཁང་ཁག་བརྒྱུད་མ་དང་བྱིས་པ་གསོ་སྐྱོང་ཆེད་བུད་མེད་གྲངས་ ༢༢༥༠ ལ་འཕྲོད་བསྟེན་ཆེད་ཧིན་སྒོར་འབུམ་ ༣༦ ལྷག་ (༣༦༢༤༩༩༦།༠༠ ) དང་། ཀྲི་སྦི་སྔོན་འགོག་དང་སྨན་བཅོས་ཆེད་ཧིན་སྒོར་འབུམ་ ༣༦ ལྷག་ (༣༦༤༧༩༥༠།༠༠)། དེ་བཞིན་མང་ཚོགས་འཕྲོད་བསྟེན་སློབ་གསོའི་ཆེད་སྒོར་འབུམ་ ༢༦ ལྷག་ (༢༦༩༢༡༧༦།༠༠)། འཕྲོད་བསྟེན་སྦྱོང་བརྡར་ཆེད་ཧིན་སྒོར་འབུམ་ ༣ ལྷག (༣༨༥༤༥༨།༠༠) བཏང་ཡོད་འདུག སྨན་བཅོས་ལྟ་སྐྱོང་ལས་གཞིའི་སྐོར་ལ་ལོ་གསུམ་པའི་ནང་ཚོགས་ཞུགས་གནང་མཁན་ཚོགས་མི་གྲངས་ ༡༣༡༥༠ བྱུང་ཡོད་པ་དང་སྔར་ལས་ཚོགས་མི་ ༣༠༠༠ ལྷག་མང་དུ་སོང་ཡོད་ལ། སྨན་བཅོས་ལྟ་སྐྱོང་གི་ལས་གཞི་ཁྱབ་བསྒྲགས་སོགས་ཀྱི་ཆེད་དུ་ཧིན་སྒོར་འབུམ་ ༣༧(༣༧༧༠༨༢༤།༠༠) བཏང་ཡོད་པ་དང་། ཕྱི་ལོ་ ༢༠༡༤ དང་ ༢༠༡༥ ལོར་སྨན་བཅོས་ལྟ་སྐྱོང་གི་ཚོགས་མི་ ༩༡༠ ལ་འཕྲོད་བསྟེན་རིམ་པ་གཉིས་པ་དང་གསུམ་པའི་སྨན་བཅོས་ཆེད་ཁྱོན་སྒོར་འབུམ་ ༡༨༥ ལྷག་(༡༨༥༥༧༧༩༦།༠༠) སོང་ཡོད་འདུག

 

དེ་བཞིན་མྱོས་རྫས་ངན་གོམས་ཅན་གྱི་སྨན་གྲོན་དང་སྦྱོང་བརྡར་ཆེད་ཧིན་སྒོར་འབུམ་ ༨ ལྷག་ (༨༧༩༢༩༩།༠༠) དང་། གཉན་ནད་རེག་སྔོན་འགོག་དང་སྨན་བཅོས་ཆེད་ཧིན་སྒོར་འབུམ་ ༡༩ ལྷག་ (༡༩༦༦༩༦༠།༠༠)། སེམས་ཁམས་འཕྲོད་བསྟེན་ཆེད་སྨན་གྲོན་ཧིན་སྒོར་འབུམ་ ༤ ལྷག་ (༤༧༥༩༩༢།༠༠)། ཚ་བ་འདར་ཚད་སྔོན་འགོག་ཆེད་ཧིན་སྒོར་ཁྲི་ ༤ ལྷག་ (༤༧༠༥༡།༠༠)། མཆིན་པའི་གཉན་ཚད་དཔྱད་ཞིབ་ལས་འཆར་ཆེད་ཧིན་སྒོར་འབུམ་ ༣ ལྷག་ (༣༣༧༠༦༠།༠༠)། གཞིས་གྲོང་ནང་ཆུ་དང་གཙང་འཕྲོད་ལས་གཞིའི་ཆེད་ཧིན་སྒོར་འབུམ་ ༤༥ ལྷག་ (༤༥༣༡༣༠༧།༠༠) བཏང་ཡོད་པ་དང་། གཞན་ཡང་། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་། གཞུང་ཞབས་བགྲེས་ཡོལ། སྲི་ཞུའི་ལས་བྱེད། ཉམ་ཐག་བཅས་པར་སྨན་གྲོན་ཁྱོན་བསྡོམས་ཧིན་སྒོར་འབུམ་ ༡༠༣ ལྷག་ (༡༠༣༩༠༤༠༠།༠༠)དང་། ཆབ་སྲིད་བཙོན་ཟུར་གྱི་འཚོ་སྣོན་དང་སྨན་གྲོན་ཆེད་ཧིན་སྒོར་འབུམ་ ༣༡ ལྷག་ (༣༡༨༣༩༦༡།༠༠)། མངོན་དགའ་སློབ་གྲྭའི་རྒྱུན་གྲོན་དང་དམིགས་བསལ་ཆེད་ཧིན་སྒོར་འབུམ་ ༧༠ ལྷག་ (༧༠༢༢༨༢༢།༠༠) བཅས་བཏང་ཡོད་འདུག

 

སྤྱི་འཐུས་རྒྱུན་ལས་ཀྱི་ཞིབ་འཇུག་སྙན་ཐོའི་ནང་། བལ་ཡུལ་དུ་བོད་མིར་དཀའ་ངལ་ཆེན་པོ་ཡོད་སྟབས་འཕྲོད་བསྟེན་ལས་རིགས་ཀྱིས་སྙོབས་ཐབས་ལ་ད་ལྟའི་བར་འབད་བརྩོན་ཇི་ལྟར་གནད་ཡོད་མེད་དང་། ས་ཡོམ་གོད་ཆག་དང་འབྲེལ་ནས་སྙོབས་ཐབས་ལ་འབད་བརྩོན་གང་གནང་ཡོད་མེད་བཀའ་འདྲི་ཞུས་པ་དེར་འཕྲོད་བསྟེན་བཀའ་བློན་མཆོག་གིས་བཀའ་ལན་གནང་སྐབས། ང་ཚོས་རྒྱ་གར་ནང་ལ་ཟབ་སྦྱོང་རིགས་གོ་སྒྲིག་གནང་བའི་སྐབས་བལ་ཡུལ་གྱི་འཕྲོད་བསྟེན་ལས་བྱེད་ཚོ་གང་ཐུབ་ཐུབ་ཀྱིས་མཉམ་བཞུགས་གནང་ཐུབ་པའི་འབད་བརྩོན་ཞུ་བཞིན་ཡོད། དེ་བཞིན་སློབ་གྲྭ་ཁག་ཏུ་འཕྲོད་བསྟེན་དང་འབྲེལ་བའི་ཐོག ཨོ་སི་ཊོ་ལི་ཡའི་སོ་ཡི་སྨན་པ་ཞིག་བརྒྱུད་ནས་སྦག་ར་གཞི་ཆགས་ཀྱི་སློབ་གྲྭ་ཁག་གི་སློབ་ཕྲུག་ཚང་མར་སོ་ཡི་སྨན་བཅོས་དང་བརྟག་དཔྱད་བྱེད་པའི་ལས་གཞི་ཞིག་སྤེལ་བ་རེད། ཉེ་ཆར་ཀ་ཋ་མན་གྲུའི་གཡས་གཡོན་གྱི་སློབ་གྲྭ་ཁག་ལ་ལས་གཞི་དེ་འདྲ་ཞིག་འབུལ་འཆར་ཡོད། རྒྱ་གར་ནང་ལ་འཕྲོད་བསྟེན་ལས་གཞི་ག་རེ་ཡོད་པ་དེ་གཅིག་མཚུངས་བལ་ཡུལ་ནང་ཞུས་བསྡད་ཡོད་པ་མ་ཟད། གང་ཐུབ་ཀྱིས་དེ་ལས་རྒྱ་ཆེ་རུ་གཏང་ཐུབ་པའི་འབད་བརྩོན་ཞུ་བཞིན་ཡོད། དེ་བཞིན་ད་ལོ་ཨ་རིའི་རོགས་ཚོགས་ནས་གཙོ་བོ་སྲིད་སྐྱོང་མཆོག་གིས་སྐུ་ལས་བརྒྱབ་ནས་འཕྲོད་བསྟེན་ལས་ཁུངས་ལ་དམིགས་བསལ་ཨ་སྒོར་ས་ཡ་གསུམ་དང་འབུམ་གཉིས་ཐུགས་གསོལ་གནང་ཐུབ་ཡོད་སྟབས། བལ་ཡུལ་གྱི་འཕྲོད་བསྟེན་ལས་གཞི་ཡང་ཨ་རིའི་རོགས་ཚོགས་ནང་བཅུག་ཐུབ་བྱ་རྒྱུའི་འབད་བརྩོན་བྱས་དང་བྱེད་བཞིན་ཡོད། ས་ཡོམ་དང་འབྲེལ་བའི་ཐོག་དེ་སྔོན་ ༢༠༡༤ ལོ་དང་ ༢༠༡༥ ལོའི་ལོ་འཁོར་ལས་བསྡོམས་ནང་དུའང་གསལ་ཡོད་པ་རེད། གཉན་རྩེ་སྤྲུ་སྐུའི་ཚོགས་པས་བལ་ཡུལ་ནང་ས་ཡོམ་གོད་ཆག་རྐྱེན་པས་འཕྲོད་བསྟེན་དང་འབྲེལ་བའི་ཐོག་དཀའ་ངལ་རིགས་བྱུང་བ་ཡིན་ན་དེ་དག་གིས་ཆེད་དུ། རོགས་དངུལ་འབུམ་ ༢༠ ཞིག་གནང་བའི་ཐུགས་གཏན་ཁེལ་ཡོད་སྟབས། གངས་ཅན་བདེ་རྩ་བརྒྱུད་ནས་དེ་མར་གཏོང་ཐབས་བྱ་བའི་འབད་བརྩོན་ཞུ་བཞིན་ཡོད། ས་ཡོམ་གོད་ཆག་ལ་གཙོ་བོ་བཀའ་ཤག་གིས་ (Nepal mega project) གཞི་རྒྱ་ཆེ་བའི་བལ་ཡུལ་རོགས་སྐྱོར་ལས་གཞི་ཞེས་པའི་ལས་གཞི་རྒྱ་ཆེན་པོ་ཞིག་འགྲོ་དང་འགྲོ་མུས་ཡོད་པའི་ནང་ལ་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་གཞི་མང་པོ་ཞིག་དེའི་ནང་ཚུད་ཡོད་པ་རེད། ཞེས་གསུངས་སོང་།

 

unnamedཡང་སྤྱི་འཐུས་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས། མེག་ལོར་ན་ཡོད་པའི་མྱོས་རྫས་བེད་སྤྱོད་བྱེད་མཁན་ཚོར་སྡོད་ས་མེད་པར་དྲུག་བདུན་བྱས་ནས་ཕུང་བོ་སྲེག་ས་རུ་བསྡད་ཡོད་པ་དང་། དེ་ཚོར་ཁ་ཡོད་ལག་ཡོད་ཀྱིས་ཕྱག་ལས་ག་རེ་གནང་གི་ཡོད་མེད་དང་། དེ་བཞིན་ལོ་ལྟར་ལྡི་ལི་གཙོས་བོད་མིའི་འདུས་སྡོད་ཁུལ་མང་པོའི་ནང་རུས་ཚད་ན་ཚ་(Dengue) ན་ཡི་ཡོད་པས་དེའི་ཐད་ག་རེ་གནང་ཡོད་མེད་སྐོར་དྲིས་པར་བཀའ་བློན་མཆོག་གིས། མྱོས་རྫས་ངན་གོམས་ནི་དཀའ་ངལ་ཆེན་པོ་ཞིག་དང་མ་འོངས་པར་དཀའ་ངལ་ཤུགས་ཆེ་རུ་འགྲོ་རྒྱུའི་ཉེན་ཁ་ཞིག་ལ་ངས་ངོས་འཛིན་ཞུ་བཞིན་ཡོད་ལ། ང་ཚོ་འཕྲོད་བསྟེན་ལས་ཁུངས་ཀྱིས་དེ་འདྲ་ཞིག་ལ་ལྟ་བསྡད་ཡོད། ཡིན་ན་ཡང་འཕྲོད་བསྟེན་ལས་ཁུངས་གཅིག་པུས་དཀའ་ངལ་དེ་ལག་ཁེལ་བ་ཞིག་རེད་མི་འདུག བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་གཙོས་ལས་ཁུངས་ཁག་དང་སྤྱི་འཐུས་ལྷན་ཚོགས། སྤྱི་འཐུས་རྣམས་པ་སོ་སོ་སྒེར་དང་སློབ་གྲྭ་ཁག གཙོ་བོ་ཕ་མ་ཚང་མར་འབྲེལ་བ་ཡོད་སྟབས། ཚང་མས་ཕྱ་གྲུ་མཉམ་འདེགས་ཀྱིས་དཀའ་ངལ་སེལ་ཐུབ་པ་ཞིག་རེད་མ་གཏོགས་དེ་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་ཀ་རེད་ཅེས་ནས་གཡུག་བཞག་པ་ཡིན་ན་དེ་ཏག་ཏག་ཅིག་བསྡད་ཀྱི་མི་འདུག ང་ཚོ་འཕྲོད་བསྟེན་ལས་ཁུངས་ཀྱིས་ལས་འགན་གཙོ་བོ་འཕྲོད་བསྟེན་དང་འབྲེལ་བའི་ཐོག་མྱོས་རྫས་ངན་གོམས་རྐྱེན་གྱིས་མ་འོངས་པར་མི་ཚེ་ནང་དཀའ་ངལ་མི་ཡོང་པའི་ཆེད་དུ་སློབ་གྲྭ་ཁག་ལ་གོ་རྟོག་སྤེལ་བ་དང་བསྐྱར་ཞིབ། ལམ་སྟོན་གང་ཐུབ་ཅི་ཐུབ་ཞིག་ཞུས་བསྡད་ཡོད་པ་མ་ཟད། དཀའ་ངལ་འཕྲད་བཞིན་པའི་གཞོན་སྐྱེས་ཚོས་སོ་སོས་དྭངས་ཏུ་བླངས་ནས་དཀའ་ངལ་དེ་ལས་ཐར་བའི་ཆོད་སེམས་ཤུགས་ཆེན་པོ་ཡོད་ན། ང་ཚོ་འཕྲོས་བསྟེན་ལས་ཁང་ལ་ས་གནས་མགོ་འཛིན་བརྒྱུད་ནས་སྙན་ཞུ་འབུལ་བ་ཡིན་ན་གཅོད་ཐབས་ཁང་དུ་གཏོང་བཞིན་ཡོད། དཔེར་ན། ལོ་སྔོན་མའི་ནང་མི་ ༡༠ ལྷག་ཅིག་དེའི་ནང་ནས་དཀའ་ངལ་དེ་ལས་ཐར་བའི་གནས་ཚུལ་ཡོད། ཅེས་དང་།

 

རུས་ཚད་ན་ཚའི་སྐོར་ལ་ཁོང་གིས། ད་ལོ་ལྡི་ལི་རུ་ (Dengue) རུས་ཚད་ན་ཚ་ཤུགས་ཆེན་པོ་ཞིག་འགྲོ་བཞིན་པ་བརྒྱུད་ལམ་ཁག་ལ་སྟོན་བཞིན་འདུག འདིའི་ཐོག་ལ་ང་ཚོས་གང་ཐུབ་ཅི་ཐུབ་གོ་རྟོགས་ཁྱབ་བསྒྲགས་མཐུན་རྐྱེན་སྦྱོར་བཞིན་ཡོད་ལ། ད་ལྟ་ལྡི་ལི་ས་གནས་མགོ་འཛིན་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཚང་མས་འགན་འཁུར་ཡོད་བཞིན་པ་དེར་བསྔགས་བརྗོད་ཡོད། ཁོ་རང་ཚོས་གང་ཅིའི་ཐོག་ལ་འཕྲོད་བསྟེན་ལས་ཁུངས་དང་མཉམ་རུབ་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་པོ་ཞིག་བྱེད་བཞིན་ཡོད་སྟབས། ང་ཚོས་འདིའི་ཐོག་ལ་སྔོན་འགོག་དང་ན་ཚ་ཉུང་དུ་གཏོང་བའི་ལས་འགུལ་གང་མང་ཞིག་སྤེལ་དང་སྤེལ་མུས་ཡིན། ཞེས་གསུངས་སོང་།

 

Dolma Tseringསྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་ཀྱིས། མངོན་དགའ་སློབ་གྲྭ་སྟེ་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་གྲྭ་དེའི་ནང་ལ་ལས་བྱེད་མཁོ་བསྡུ་བྱེད་པའི་གནས་ཚུལ་མང་པོ་ཞིག་བྱུང་ཡོད་སྟབས། ད་ལྟའི་ཆར་དམིགས་བསལ་དགོས་མཁོ་ཅན་གྱི་ལས་བྱེད་ནང་འདོད་བློ་མ་ཁེངས་པའི་སྙན་ཞུ་ཕུལ་བ་དང་། སྙན་ཞུ་ཕུལ་ཡང་དང་ལེན་བྱེད་མ་ཐུབ་པ་དེ་འདྲ་ཡོད་མེད། ད་ལྟའི་ཆར་སློབ་གྲྭ་དེའི་ནང་ལས་བྱེད་ཏག་ཏག་ཡོད་དང་མེད་དྲིས་པར་འཕྲོད་བསྟེན་བཀའ་བློན་མཆོག་གིས། ང་ཚོས་ལས་བྱེད་ཉུང་དུ་གཏོང་བའི་འཆར་གཞིའི་འོག་ནས་མངོན་དགའ་སློབ་གྲྭའི་ལས་བྱེད་དམིགས་བསལ་ཉུང་དུ་བཏང་ཡོད་པ་མ་རེད། སྒོ་སྲུང་དང་མེ་ཏོག་འདེབས་མཁན་གཉིས་གཅིག་ཏུ་བསྐོས་པ་རེད། དེ་མ་གཏོགས་སྤྱི་ཡོངས་ནས་ང་ཚོས་ལས་བྱེད་ཉུང་དུ་བཏང་ཡོད་པ་མ་རེད། ད་ལྟ་མངོན་དགའ་སློབ་གྲྭའི་ལས་བྱེད་ས་མིག་སྟོང་པ་ཁ་ཤས་ལྷག་ཡོད་པ་དེར་ང་ཚོས་གསལ་བསྒྲགས་གཏང་ནས་བསྐང་ཐུབ་པ་ཞུ་རྒྱུ་ཡིན། བར་ལམ་ཞིག་ནས་སྙན་ཞུ་རྒྱག་པའི་ཐད་དཀའ་ངལ་མང་པོ་ཞིག་ཡོང་བཞིན་འདུག དེ་དག་ལ་ང་ཚོ་འཕྲོད་བསྟེན་ལས་ཁུངས་ནས་མར་མངོན་དགའ་སློབ་གྲྭའི་འགན་འཛིན་ལ་བཀའ་མོལ་ཞུས་ནས་ག་རེ་ཞུ་དགོས་ཡིན་མིན་གྱི་ལམ་སྟོན་ཞུས་ཟིན་པ་ཞིག་ཆགས་ཡོད། ཅེས་གསུངས་སོང་།

 

གསར་འགོད་པ།  འཇིགས་མེད་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༨ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༨ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༡༢ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese