མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ནང་གི་གཞོན་སྐྱེས་ཚོའི་སེམས་པེ་ཅིང་ལ་མེད་པར་རྡ་སར་ཡོད་པ་གསལ་པོ་རེད།

བོད་ཀྱི་དུས་བབ།
༢༠༡༥/༠༩/༢༩
Share on FacebookShare on TwitterShare on EmailShare on Whatsapp

 

བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་ཡོངས་གྲགས་བྱས་པའི་གཏམ་བཤད་གཅིག་དང་ཡོངས་གྲགས་མ་བྱས་པའི་གཏམ་བཤད་དྲུག་འདུག་ཟེར།

 

3.pic_hdདེ་རིང་སྔ་དྲོའི་ཆུ་ཚོད་ ༩།༡༥ ཐོག་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག བོད་ནང་གི་ད་ལྟའི་གནས་སྟངས་ཐོག་བགྲོ་གླེང་ཚོགས་འདུ་ཞིག་ཚོགས་སོང་བ་དང་། ཚོགས་ཐོག་ཏུ་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་ཀྱི་དྲུང་འཕར་ཀུན་དགའ་བཀྲ་ཤིས་ལགས་དང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་གཉིས་གཙོས། སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་རྒན་གཞོན་རྣམ་གཉིས་དང་སྲི་ཞུ་ལས་བྱེད། དེ་བཞིན་སྲིད་བྱུས་ཉམས་ཞིབ་ཁང་གི་གཏམ་བཤད་གནང་མཁན་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་བཅས་འཛོམས་འདུག

 

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས་བོད་ནང་གི་རང་ལུས་མེར་སྲེག་དང་འབྲེལ་བའི་ཐོག་གཏམ་བཤད་གནང་དོན། ཕྱི་ལོ་ ༢༠༡༤ ལོར་ཨ་རིའི་ཨར་ཝར་ཌི་གཙུག་ལག་སློབ་ཆེན་གྱིས་བོད་ནང་གི་རང་ལུས་མེར་སྲེག་གི་གནད་དོན་དང་འབྲེལ་བའི་ཐོག་ལ་ཉམས་ཞིབ་ཅིག་བྱས་འདུག དེའི་ནང་རྒྱ་ནག་གཞུང་གིས་སྤྱི་ཚོགས་དྲ་ལམ་ཁག་ལ་གནས་ཚུལ་དམ་བསྒྲགས་བྱེད་སྐབས་གང་འདྲ་བྱས་ནས་བྱེད་ཀྱི་ཡོད་མེད་དང་། དམིགས་བསལ་ ༢༠༡༡ ནས་ ༢༠༡༣ ལོའི་བར་བོད་ནང་བོད་མི་ ༡༢༠ ཡིས་རང་ལུས་མེར་བསྲེགས་གནང་སྟེ། ཕྱི་ལོ་ ༢༠༡༢ ལོར་རང་ལུས་མེར་སྲེག་གནང་མཁན་མང་ཤོས་ཆགས་ཡོད་པ་མ་ཟད། སྐབས་དེའི་ཕྱི་ཟླ་ ༡༠ དང་ ༡༡ ནང་རྒྱ་ནག་གི་སྲིད་འཛིན་གསར་པ་བསྐོ་བཞག་བྱ་རྒྱུ་གཙོས་ཚོགས་འདུ་མང་པོ་ཚོགས་དགོས་པ་ཁ་ཐུག་བརྒྱབ་སྟེ། རང་ལུས་མེར་བསྲེགས་མང་པོ་གནང་ཡོད་སྟབས། ཉམས་ཞིབ་ཀྱི་གྲུབ་དོན་ནང་རང་ལུས་མེར་སྲེག་བྱེད་སྐབས་ཀྱི་གནས་ཚུལ་ཁ་ཤས་གསལ་པོ་མེད་པ་མ་ཟད། པར་རིགས་མ་རག་པའི་གནས་ཚུལ་བྱུང་བ་དང་། ཡང་ཁ་ཤས་ཀྱིས་རང་ལུས་མེར་བསྲེགས་གནང་དགོས་པའི་རྒྱབ་ལྗོངས་གནས་ཚུལ་དང་བཅས་པ་ཁྱབ་བསྒྲགས་ཤུགས་ཆེ་ཆགས་དགོས་དོན་ཁྲོད་ནས་གཅིག་ནི། གཟའ་སྤེན་པ་དང་ཉི་མར་རང་ལུས་མེར་སྲེག་གནང་བ་ཡིན་ན། ཕྱི་ཕྱོགས་ལ་གནས་ཚུལ་མགྱོགས་པོ་ཞེ་པོ་ཞིག་བཏང་ཐུབ་ཀྱི་ཡོད་པ་དང་། རེས་གཟའ་ཟླ་བ་ནས་པ་སངས་ནང་ལོགས་ལ་རང་ལུས་མེར་བསྲེགས་གནང་བ་ཡིན་ན། དམ་དྲག་གི་དབང་གིས་ཕྱི་ཕྱོགས་ལ་གནས་ཚུལ་ཁྱབ་བརྡལ་འགྲོ་རྒྱུ་ཁག་པོ་ཡོད་པ་མ་ཟད། རྒྱུན་རིང་ས་ཁུལ་གཅིག་ནང་ལྷག་གི་ཡོད་པ་གསལ་སྟོན་བྱས་ཡོད་སྟབས། ང་ཚོས་དེའི་ཐོག་ཉམས་ཞིབ་བྱ་རྒྱུ་ཡོད་རེད་བསམ་གྱི་འདུག རྒྱ་ནག་རྒྱལ་ཡོངས་ནང་སྤྱི་ཚོགས་དྲ་ལམ་སྤྱོད་མཁན་ས་ཡ་མང་པོ་ཡོད་ཀྱང་། རྒྱ་ནག་གཞུང་གིས་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་ག་རེ་ཐོན་པ་ཡིན་ཡང་། ཁོ་ཚོས་ཚབས་ཆེན་ཞིག་ལ་བརྩིས་ནས་དུས་ཐུང་ནང་བརྒྱ་ཆ་ ༨༠ ཙམ་ནག་བསུབ་གཏོང་ཐུབ་ཀྱི་ཡོད་སྟབས། ང་ཚོས་དེ་ཚོའི་ཐོག་ལའང་བསམ་བློ་གཏོང་དགོས་པ་རེད་བསམ་གྱི་འདུག ཅེས་བརྗོད་སོང་།

 

ཚེ་རིང་མཚོ་མོ་ལགས་ཀྱིས་བོད་དང་རྒྱ་ནག་ནང་ཚབས་ཆེན་གནས་ཚུལ་ག་རེ་ཐོན་པ་ཡིན་ཡང་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཐོག་རྒྱལ་ནང་གི་གནས་ཚུལ་ཡིན་ལུགས་ལོག་འགྲེལ་བྱེད་བཞིན་ཡོད་སྐོར་བརྗོད་དོན། ང་ཚོ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་འདུ་མང་པོ་ཞིག་ལ་འགྲོ་སྐབས། ང་ཚོར་ཚོར་སྣང་ཆེན་པོ་ཞིག་ག་རེ་བྱུང་ཟེར་ན། ལོ་ཤས་ནང་རྒྱ་ནག་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ནང་ལས་ཀ་བྱེད་སྟངས་འདྲ་པོ་སྟེ། ཁོ་ཚོར་དངུལ་མང་པོ་ཡོད་སྟབས། མི་མང་པོ་ཞིག་གཏོང་ཐུབ་ཀྱི་ཡོད་པ་མ་ཟད། ཐ་ན་ཚོགས་འདུ་དེ་འདྲར་སོ་པ་བཀྲམ་རྒྱུའི་སྐད་ཆ་ཡང་ཆགས་ཡོད་པ་རེད། མཉམ་འབྲེལ་རྒྱལ་ཚོགས་ནི་ལུང་པ་མེད་པ་དང་རང་དབང་མེད་པ་དག་གི་སྐད་རྒྱག་ས་ཞིག་ཆགས་ཀྱི་ཡོད་སྟབས། རྒྱ་ནག་གཞུང་གིས་མཉམ་ཞུགས་བྱེད་ཀྱི་ཡོད་མདོག་བྱས་ནས་ལས་ཀ་ལོག་པར་བྱེད་བསྡད་ཀྱི་འདུག ད་བར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྒྲིག་གཞི་མང་པོ་ཞིག་བཟོས་ཡོད་པ་མ་ཟད། ལྷག་པར་དུ་གཞུང་འབྲེལ་མིན་པའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་ཁག་དང་འཐབ་རྩོད་པ་སོགས་ཀྱིས་ཞུ་གཏུག་རྒྱག་ཆོག་པའི་སྒྲིག་གཞི་འདྲ་མིན་བཟོས་ཡོད་ཀྱང་། འདས་པའི་ལོ་ཤས་ནང་རྒྱ་ནག་གཞུང་གིས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཁ་འགོག་རྒྱུ་གཙོས། བོད་ནང་གི་གནས་སྟངས་དང་སྲིད་བྱུས་ཐོག་སྐྱོན་བརྗོད་བྱས་པ་ཡིན་ན། རྒྱ་ནག་རྒྱལ་ཁབ་ཀྱི་བདག་དབང་གནད་དོན་ལ་ཐེ་བྱུས་བྱེད་ཀྱི་ཡོད་པའི་ལོག་འགྲེལ་རྒྱག་གི་ཡོད་པ་དེ་ཚབས་ཆེན་ཞིག་རེད་བསམ་གྱི་འདུག དཔེར་ན། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་དོན་རྐྱེན་བྱུང་སྐབས། རྒྱ་ནག་གཞུང་གིས་མེ་མདའ་བརྒྱབ་ནས་ཞི་རྒོལ་བ་སློབ་ཕྲུག་མང་པོ་བསད་པའི་གནད་དོན་མཉམ་འབྲེལ་རྒྱལ་ཚོགས་ནང་གླེང་སློང་བྱེད་སྐབས། ཁོ་ཚོས་སོ་སོའི་མི་མང་ལ་མེ་མདའ་རྒྱག་ཆོག་པའི་བདག་དབང་ཡོད་སྐོར་བརྗོད་ཡོད་སྟབས། ད་ལྟ་ང་ཚོས་རྒྱ་ནག་དང་བོད་ནང་གི་གནས་སྟངས་གང་འདྲ་ཡིན་མིན་ཚོད་དཔག་གང་ལ་གང་འཚམ་བྱེད་ཐུབ་ཀྱི་རེད་བསམ་གྱི་འདུག ཅེས་སོགས་བརྗོད་སོང་།

 

དེའི་རྗེས་བདེ་སྲུང་ལས་ཁུངས་ཀྱི་དྲུང་འཕར་ཀུན་དགའ་བཀྲ་ཤིས་ལགས་ཀྱིས་ད་ལྟའི་བོད་ནང་གི་གནས་སྟངས་ཐོག་བོད་རིགས་ལས་བྱེད་ཚོའི་བསམ་བློ་གཏོང་སྟངས་གང་ཡིན་སྐོར་བརྗོད་དོན། ང་ཚོས་བོད་ནང་གི་བོད་རིགས་ལས་བྱེད་ཀྱི་བསམ་བློ་གཏོང་སྟངས་དེ། བདེ་སྲུང་ལས་ཁུངས་གིས་ག་དུས་ཡིན་ཡང་གནས་ཚུལ་རྟོག་ཞིབ་བྱ་རྒྱུའི་ནང་ནས་གལ་ཆེ་ཤོས་ཤིག་ལ་འཛིན་གྱི་ཡོད་པ་རེད། གང་ཡིན་ཟེར་ན། བོད་ཀྱི་དོན་གྱི་བདག་པོ་བོད་ནང་ཡོད་སྟབས། ཁོ་ཚོས་བོད་ཀྱི་གནས་ཚུལ་ལ་ལྟ་སྟངས་དང་ང་ཚོས་ལྟ་སྟངས་བར་ལ་ས་དང་གནམ་གྱི་ཁྱད་པར་ཡོད་པ་རེད། དཔེར་ན། རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་གནས་ཚུལ་མར་བཤད་སྐབས་ཐ་སྙད་འགའ་ཤས་ང་ཚོས་ཀློག་གི་ཡོད་ཀྱང་ཚིག་གི་གོ་དོན་ངོ་མ་གང་ཡིན་ཤེས་ཀྱི་མེད་སྟབས། བོད་རིགས་ལས་བྱེད་ཀྱི་བསམ་བློ་གཏོང་སྟངས་གལ་ཆེན་པོ་ཆགས་ཡོད་པ་རེད། ང་ཚོ་ཚང་མས་སྐོར་རྭ་རྒྱག་ས་ནི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཞི་ཅིན་ཕིན་གྱི་གཏམ་བཤད་ལ་བལྟས་ནས་སྐོར་རྭ་རྒྱག་གི་ཡོད་པ་རེད། ང་རང་གི་ལྟ་ཚུལ་ག་རེ་ཡིན་ཟེར་ན། འདིའི་ཐོག་ནས་མ་འོངས་པར་བོད་ལ་ཞེ་པོ་ཞིག་ཡག་ཏུ་འགྲོ་གི་རེད་བསམ་བསམ་ཞིག་མཐོང་གི་མི་འདུག་ལ། ད་ལྟ་ལས་སྡུག་ཏུ་འགྲོ་རྒྱུ་ཨེ་ཡོད་བསམ་གྱི་འདུག ང་རང་གིས་བལྟས་པ་ཡིན་ན་ཆབ་སྲིད་ཐོག་དམ་དྲག་ཧ་ཅང་གི་ཆེན་མོ་དང་དཔལ་འབྱོར་ཐོག་ལྷོད་ཏུ་འགྲོ་ས་རེད། འདི་ངའི་སྤྱི་ཡོངས་ཀྱི་ཚོགས་ཆེན་དྲུག་པའི་ལྟ་སྟངས་རེད། ཉེ་ཆར་ང་ཚོར་ཁག་གཉིས་ཙམ་ནས་ལན་བསླེབས་བྱུང་། རིགས་གཅིག་ཕྱི་རྒྱལ་དང་རིགས་གཅིག་རྒྱ་རིགས་ངོ་ཤེས་པ་དེ་འདྲ་བརྒྱུད་ནས་བོད་ནང་ནས་ཚུར་ལན་བསླེབས་པའི་ནང་ལ། ཚོགས་ཆེན་ཐེངས་དྲུག་པའི་ཞི་ཅིན་ཕིན་གྱི་གཏམ་བཤད་དེ་ག་རེ་རེད་ཟེར་ན། སྔོན་ནས་ཚོགས་འདུ་ཚོགས་ཏེ་ཡོངས་གྲགས་བྱས་པའི་གཏམ་བཤད་དེ་དང་། དེ་མིན་པའི་གཏམ་བཤད་དྲུག་ཡོད་པ་དེ་རེད། ལན་སྐུར་མཁན་གྱིས་གང་འདྲ་བྱས་ནས་བསྐུར་ཡོད་རེད་ཟེར་ན། ཞི་ཅིན་ཕིན་གྱི་གཏམ་བཤད་དེ་ཡོངས་གྲགས་བྱས་པའི་གཏམ་བཤད་དེ་རེད། ཡོངས་གྲགས་མ་བྱས་པའི་གཏམ་བཤད་ཁ་ཤས་ཤིག་འདུག དེ་ཚོའི་ནང་དོན་གསལ་པོ་རྟོགས་ཀྱི་མི་འདུག་ཟེར་བ་ངག་ཐོག་གི་ལན་འབྱོར་པ་དེ་རེད། ཧོང་ཀོང་ནང་ལ་རྒྱ་ནག་གཞུང་གི་གསར་འགྱུར་ཧྥི་ནེག་སི་ (Phoenix) ཟེར་བ་ཞིག་ཡོད་པ་རེད། ཚགས་པར་དེའི་ནང་ག་རེ་བྲིས་ཡོད་པ་རེད་ཟེར་ན། བོད་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དེའི་སྒང་ལ་གཏམ་བཤད་དྲུག་ཡོད་པ་རེད། ལན་བསྐུར་མཁན་སྔོན་མ་དེས་གཏམ་བཤད་ཀྱི་གྲངས་ཀ་ལབ་ཡོད་པ་མ་རེད། ཚོགས་ཆེན་དྲུག་པའི་ཐོག་གི་ཞི་ཅིན་ཕིན་གྱི་གཏམ་བཤད་དེ་ཡོངས་གྲགས་བྱ་རྒྱུ་ཡིན་པ་དང་། ཡོངས་གྲགས་མ་བྱས་པ་དེ་ང་ཚོས་ཤེས་ཀྱི་ཡོད་མ་རེད་ཟེར་བ་དེ་ཆགས་ཡོད་སྟབས། ཧྥི་ནེག་སི་ཟེར་བ་དེའི་ནང་ག་རེ་བྲིས་ཡོད་རེད་ཟེར་ན། ཉེ་ཆར་ཚོགས་འདུ་ཐེངས་དྲུག་པ་དེའི་སྒང་ལ་གཏམ་བཤད་མི་འདྲ་བ་དྲུག་ཡོད་པ་རེད། གསུམ་དེ་སུ་རེད་ཟེར་ན་ཞི་ལི་ཡུད་ཀྱི་གཏམ་བཤད་རེད། དེ་ཡང་ཞི་ཅིན་ཕིན་དང་ལི་ཁེ་ཆང་། ཡུས་ཀྲིང་ཧྲིང་གསུམ་གྱི་གཏམ་བཤད་དང་། གཞན་གསུམ་དེ་ག་རེ་རེད་ཟེར་ན་བགྲོ་གླེང་གི་གཏམ་བཤད་ཡིན་པར་བརྟེན། ཚོགས་འདུའི་ཐོག་བཀྲམ་རྗེས་ཡར་བསྡུས་ཡོད་སྟབས། བོད་ཀྱི་གནས་ཚུལ་དེ་གང་འདྲའི་རྫི་གསང་པོ་རེད་འདུག་གསལ་པོ་མཐོང་གི་རེད་ཅེས་བཀོད་ཡོད་པ་རེད། ཅེས་དང་།

 

ཁོང་གིས་མུ་མཐུད། ལན་བསྐུར་མཁན་རིགས་གཅིག་ཕྱི་རྒྱལ་དང་རིགས་གཅིག་བོད་རིགས་ལས་བྱེད་རེད། བོད་རིགས་ལས་བྱེད་ཀྱི་ལན་དེའི་ནང་ག་རེ་ཡོད་རེད་ཟེར་ན། ཉེ་ཆར་ཚོགས་འདུ་དྲུག་པའི་ནང་ལ་སྔར་མེད་པའི་སྐད་ཆ་བཤད་པ་དེ་འདྲ་འདུག ཁོ་རང་གིས་དཔེ་མཚོན་བགྲངས་པའི་ནང་། གཅིག༽ མི་མང་གི་འཚོ་བར་དོ་སྣང་བྱེད་དགོས་པ་དང་། གཉིས༽ སྲོལ་རྒྱུན་གྱི་རིག་གནས་ལ་སྔར་ལྷག་དོ་སྣང་བྱེད་དགོས་པ། གསུམ༽ བླ་མ་ཚོས་སྤྱི་ཚོགས་ཀྱི་ལས་འགུལ་དང་རིག་གཞུང་གི་ཁྱབ་ཁོངས་ནང་ལ་ནུས་པ་འདོན་རྒྱུར་འབད་བརྩོན་བྱེད་དགོས་པ་རེད་ལབ་པ་དེ་ཚོ་དོ་སྣང་བྱེད་དགོས་པའི་གནས་ཚུལ་རེད་ཅེས་དང་། རིགས་གཅིག་གིས་ཚོགས་འདུའི་ནང་བྱུང་བའི་སྐད་ཆ་དེ་ཚོ་ཕྱི་ལོགས་ལ་ཞེ་པོ་ཞིག་གོ་རྒྱུ་མི་འདུག དེར་བརྟེན། ཞི་ཅིན་ཕིན་གྱི་གཏམ་བཤད་ནང་བལྟས་པ་ཡིན་ན། ཆོས་དད་རང་དབང་ལ་བརྩི་བཀུར་བྱེད་དགོས་པ་དང་། མི་མང་གི་དཔལ་འབྱོར་དང་འཚོ་བ་ཡར་རྒྱས་གཏོང་དགོས་པ་སོགས་ཀྱི་གནད་དོན་ཐོག་ཁོ་ཚོས་མངོན་གསལ་དོད་པོས་ལབ་མེད་ཀྱང་། མི་སེམས་འཐོར་ཞིག་རུག་རུག་བཟོ་དགོས་ཀྱི་འདུག་ཟེར་བའི་བཟོ་སྟངས་བཟོ་ལུགས་དེ་ཡང་དཔལ་འབྱོར་ཡར་རྒྱས་ལ་བརྟེན་ནས་བྱེད་ཀྱི་ཡིན་ཟེར་གྱི་ཡོད་སྟབས། ཁོ་རང་གི་ལན་དེའི་ནང་བོད་རིགས་ལས་བྱེད་པའི་ལྟ་སྟངས་མི་འདྲ་བ་ཡོད་རེད་ཟེར་བ་དེ། དེ་རིང་ཚོགས་འདུའི་ཐོག་ནས་གསལ་པོ་མཐོང་ཐུབ་པ་ཞིག་ལ་༧རྒྱལ་བ་རིན་པོ་ཆེར་ཁོ་ཚོའི་རྣམ་འགྱུར་དེ་ཧ་ལས་པའི་མཁྲེགས་པོ་རེད་བཞག ང་ཚོས་ནམ་རྒྱུན་རྒྱ་ནག་ནང་ལ་རྙིང་ཞེན་དང་གུ་ཡངས་ཕྱོགས་ཁག་གཉིས་ཀྱི་ཁྲོད་ནས་༧རྒྱལ་བ་རིན་པོ་ཆེར་རྣམ་འགྱུར་མཁྲེགས་པོ་སྟོན་མཁན་གྱི་དཔོན་ངན་རྙིང་ཞེན་ཅན་ཚོས། ༧རྒྱལ་བ་རིན་པོ་ཆེར་མཁྲེགས་པོ་བྱ་རྒྱུར་དགའ་པོ་བྱེད་ཀྱི་འདུག ངའི་བསམ་ཚུལ་ལ་༧རྒྱལ་བ་རིན་པོ་ཆེར་མཁྲེགས་བཟུང་ཅན་གྱི་རྣམ་འགྱུར་སྟོན་སྟངས་དེ་གནས་ཚུལ་གསུམ་ལ་ལྟ་དགོས་ཀྱི་འདུག དང་པོ༽ ཞི་ཅིན་ཕིན་གྱི་མི་ཚེའི་ལོ་རྒྱུས་ལ་བལྟས་པ་ཡིན་ན། ཆབ་སྲིད་ཀྱི་འཐབ་རྩོད་དང་ཁོར་ཡུག་འདྲ་མིན་ནང་འཚར་ལོངས་བྱུང་མཁན་གྱི་མི་ཞིག་ཡིན་སྟབས། དུས་ཚོད་གང་འདྲ་ཞིག་ལ་སྐད་ཆ་གང་འདྲ་ཞིག་བཤད་དགོས་མིན་ཆ་ཚང་རྒྱུས་མངའ་ཡོད་མཁན་གྱི་མི་ཞིག་ཡིན་པར་བརྟེན། ༧རྒྱལ་བ་རིན་པོ་ཆེར་མཁྲེགས་འཛིན་གྱི་རྣམ་འགྱུར་འཛིན་རྒྱུ་དེ། ཞི་ཅིན་ཕིན་ཁོ་རང་གི་ཐབས་བྱུས་ཀྱི་ཐོག་ནས་འདི་འདྲ་ཞིག་མ་བྱས་ན་འགྲོ་ས་ཡོད་མ་རེད་ཟེར་ནས་བསམ་བློ་བཏང་བཞག་པ་ཞིག་ཡིན་ན་ཞེས་པ་དང་གཅིག་དང་། དེ་མིན་ན་རྙིང་ཞེན་ཤོག་ཁག་གི་འགོག་རྐྱེན་བསླེབས་ནས་ཆགས་པ་ཡིན་ན་ཞེས་པ་དང་གཉིས། ཡང་མིན་ན་ཞི་ཅིན་ཕིན་ཁོ་རང་གི་བསམ་བློ་རང་དེ་འདྲ་ཡིན་ན་ཟེར་བ་བཅས་གང་ཡིན་ང་ཚོས་ཚོད་དཔག་བྱེད་ཐུབ་ཀྱི་མི་འདུག ཡིན་ནའང་ངའི་གྲོགས་པོ་ཁག་ཅིག་གིས་གལ་སྲིད་གོང་གི་དེ་གཉིས་ཡིན་པ་ཡིན་ན། མ་འོངས་པར་ང་ཚོར་རེ་བ་ཡོད་ཡོད་པ་རེད། ག་རེ་རེད་ཟེར་ན་དེ་གཉིས་ག་དུས་ཡིན་ནའང་འགྱུར་བ་འགྲོ་བསྡད་པ་ཞིག་རེད། གལ་སྲིད་གསུམ་པ་དེ་ཡིན་ན། ང་ཚོར་ཏོག་ཙམ་ཁག་པོ་བྱེད་ཀྱི་རེད། དེ་ཡིན་ན་ཁོ་ཚོའི་རྩིས་དེ་ག་རེ་རེད་ཟེར་ན། ༧རྒྱལ་བ་རིན་པོ་ཆེ་ཕྱི་རྒྱལ་ལ་དགོངས་པ་རྫོགས་བཅུག སྐུ་མདུན་དགོངས་པ་རྫོགས་པ་ཡིན་ན་བོད་དོན་བརླག་གི་རེད་ཟེར་བའི་བསམ་བློ་དེ་གཏོང་གི་མིན་འགྲོ་ཞེས་པ་དེ་ཁོ་རང་གི་བསམ་བློ་རེད། ད་ལྟ་ཁོ་ཚོའི་བསམ་བློ་གསུམ་པོ་དེ་ཚོའི་ཁྲོད་ནས་ཤུགས་ཆེ་བས་ག་པར་འགྲོ་གི་ཡོད་རེད་ཟེར་ན། གོང་གི་གཉིས་དེར་འགྲོ་གི་ཡོད་པ་མ་ཟད། ང་རང་གི་ལྟ་སྟངས་ཀྱང་དེ་རང་ཡིན། ཞེས་བརྗོད་སོང་།

 

ཁོང་གིས་བོད་ནང་གི་གནས་སྟངས་ལ་ལྟ་སྐབས་དགའ་སྐྱོ་ཟུང་འབྲེལ་ཐོག་ནས་ལྟ་རྒྱུ་གལ་ཆེན་ཡིན་སྐོར་བརྗོད་དོན། ང་ཚོས་སྐྱོ་སྣང་ཐོག་ནས་བལྟས་པ་ཡིན་ན། ད་ལྟའི་བོད་ནང་གི་གནས་སྟངས་ཛ་དྲག་དང་ཐབས་སྐྱོ་པོ་རེད། གནས་ཚུལ་ལ་ལྟ་སྐབས་དགའ་སྣང་དང་སྐྱོ་སྣང་གཉིས་ཀྱི་ལྟ་སྟངས་མི་འདྲ་བ་ཡོད་སྟབས། སྐྱོ་སྣང་ཐོག་ནས་ལྟ་སྐབས་ཞེ་དྲགས་དཀའ་ལས་ཁག་པོ་ཡོད་པ་འདྲ་པོ་ཞིག་ཡོད་ཀྱང་། དགའ་སྣང་ཐོག་ནས་བལྟས་པ་ཡིན་ན་རེ་བ་མེད་པ་རྩ་ནས་མ་རེད། བོད་ནང་གི་གཞོན་སྐྱེས་མི་རབས་དེ་ཚོ་རྒྱ་ནག་གཞུང་གིས་བཤད་པ་ལྟར། ཁོ་ཚོའི་སེམས་དེ་པེ་ཅིང་ལ་མེད་པར་རྡ་རམ་ས་ལར་ཡོད་པ་ང་ཚོས་གནས་ཚུལ་ལ་བལྟས་ན་གསལ་པོ་རེད། ཁོ་ཚོས་ནམ་རྒྱུན་ལབ་ཀྱི་ཡོད་པ་རེད། ང་ཚོར་རྒྱུག་པ་གཞུས་ཀྱང་ཡར་འ་འུར་ལབ་ས་མི་འདུག་ཀྱང་། ང་ཚོས་རྒྱུག་པ་གཟེད་པ་ཡིན་ཡང་འ་འུར་ཕྱི་ལོགས་ནས་ལབ་ཀྱི་ཡོད་སྟབས། ཕྱི་རྒྱལ་ལ་ཡོད་མཁན་གྱི་བོད་པ་ཚོར་ཁོ་ཚོས་རེ་བ་བཅོལ་གྱི་ཡོད་པ་གསལ་པོ་ཡིན་པར་བརྟེན། ངས་མ་འོངས་པར་རེ་བ་ཡོད་རེད་བསམ་གྱི་འདུག ཅེས་སོགས་བརྗོད་སོང་།

 

ལྷན་ཚོགས་ཐོག་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བདུན་གྱིས་ད་ལྟའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་། ད་ལྟའི་བོད་ནང་གི་གནས་སྟངས་སྤྱི་དང་བྱེ་བྲག་ཏུ་ཛ་དྲག་གི་གནད་དོན་ཁག དེ་བཞིན་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་དྲུག་པ། རྒྱ་ནག་གི་དམག་དཔུང་ནང་གྲངས་ཉུང་མི་རིགས་སྤྱི་དང་ཡང་སྒོས་བོད་རིགས་ཀྱི་གནས་ཚུལ། བོད་ནང་སྤྱི་ཚོགས་དྲ་ལམ་གྱི་ཤུགས་རྐྱེན། བོད་ནང་གི་འཛུགས་སྐྲུན་དང་འཁྱོག་བཤད་ཀྱི་དོན་འགྲེལ། བོད་མཐོ་སྒང་གི་གནད་དོན་དེ་ཇི་ལྟར་བྱས་ནས་གལ་ཆེ་ཆགས་པ་ཡིན། རྒྱ་ནག་ནང་དམར་ཤོག་ཚོགས་པས་ད་བར་ལུགས་མཐུན་ཡིན་ཚུལ་གྱི་སྲིད་དབང་རྒྱུན་འཛིན་ཇི་ལྟར་བྱེད་ཀྱི་ཡོད་པའི་སྐོར་དང་། རྒྱ་ནག་གི་དཀའ་ངལ་དེ་ག་ཚོད་ཙམ་གྱིས་ནང་ལོགས་ཀྱི་དཀའ་ངལ་ཡིན་ནམ་ཞེས་པ་བཅས་ཀྱི་བརྗོད་གཞིའི་ཐོག་གཏམ་བཤད་དང་བགྲོ་གླེང་གནང་ཡོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༥ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༦ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

ཆུ་ཚོད་ ༡༠ སྔོན་ལ།
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 2

  1. ངར་སྒྲ says:
    ལོ་ 11 སྔོན།

    ཁོ་ཚོས་ནམ་རྒྱུན་ལབ་ཀྱི་ཡོད་པ་རེད། ང་ཚོར་རྒྱུག་པ་གཞུས་ཀྱང་ཡར་འ་འུར་ལབ་ས་མི་འདུག་ཀྱང་། ང་ཚོས་རྒྱུག་པ་གཟེད་པ་ཡིན་ཡང་འ་འུར་ཕྱི་ལོགས་ནས་ལབ་ཀྱི་ཡོད་སྟབས། ཕྱི་རྒྱལ་ལ་ཡོད་མཁན་གྱི་བོད་པ་ཚོར་ཁོ་ཚོས་རེ་བ་བཅོལ་གྱི་ཡོད་པ་གསལ་པོ་ཡིན་པར་བརྟེན། ངས་མ་འོངས་པར་རེ་བ་ཡོད་རེད་བསམ་གྱི་འདུག ཅེས་སོགས་བརྗོད་སོང་།
    གང་ལྟར་ཡང་བོད་པ་ཚོས་ཐབས་ཤེས་ཡོད་དགུ་རྩེ་སྤྲུལ་གྱིས་ཕྱི་རྒྱལ་འཕུར་ཐབས་བྱེད་ཀྱི་ཡོད་པ།དེ་མིན་བོད་ནང་ལོག་ཐབས་ཁོ་ན་བྱེད་བཞིན་ཡོད་པ་ང་ཚོས་ལས་ཀྱི་སྣེ་མོ་བ་རྣམས་ཀྱི་མཐོང་གི་ཡོད་པ་མ་རེད།མིང་དང་སྒོར་མོ་ཁོ་ན་རེད་འདུག
    ཚོགས་པ་དང་སྐྱིད་སྡུག་ཁག་མང་དག་ཞིག་ལ་སྤྱི་ཚོགས་རྙིང་པ་ལམ་དང་ལུགས་སྲོལ་ད་དུང་ཡང་ཡོད་མུས་རེད།
    དཔེར་ན་སྐྱིད་ཐུས་གྲོས་ཚོགས་སུ་ཡིན་ན་ཚོགས་པ་ནང་་ལྐོལ

    Reply
  2. chentsasopa says:
    ལོ་ 11 སྔོན།

    སྐད་ཆ་འདི་ཞིབ་འཇུག་བྱས་པའི་གྲུབ་དོན་ཞིག་ཡིན་ཐང་མོད། བོད་ནང་དུ་བཞུགས་མཁན་ཚོའི་གནས་སྟངས་དམ་དུ་གཏོང་བའི་རྒྱུར་ཡང་མི་འགྱུར་བའི་ངེས་བ་མི་འདུག

    ཁ་སང་དེ་རིང་བོད་ནང་གི་གཞོན་སྐྱེས་མང་པོར་ཁ་བརྡ་བྱས་ན་འདི་ལྟར་ཟེར་གི་འདུག ཁྱེད་ཚོར་ཕྱི་ན་རང་དབང་ཆ་བར་ཡོད་པ་དང་། རང་དབང་འཐེབ་རྩོད་ཀྱི་གནས་རིམ་དང་དགོས་མཁོ། བྱེད་ཐབས་དང་རྒྱབ་ལྗོངས་སོགས་སློབ་གསོ་སྤྲད་ཡོད་མོད། འོན་ཀྱང་དེང་སྐབས་སྲིད་སྐྱོང་དང་སྤྱི་འཐུས་འོས་འདེསབ་སླེབ་ལ་ཉེ་སྐབས། རང་ཚིགས་མེད་པའི་སྐད་ཆ་བཤད་མཁན་དང་འགན་མི་འཁྱེར་བའི་སྐད་ཆ་བཤད་མཁན། དཀྲུགས་གཞི་ཅན་གྱི་སྐད་ཆ་བཤད་མཁན། དགོས་པ་དང་དམིགས་ཡུལ་གང་ཡང་མེད་པར་ཚོད་ཚོད་ལ་དཀྲུགས་ཤིང་དཀྲོགས་བསྡད་མཁན་སོགས། མདོར་ན་སྐད་ཆ་ཚིག་གཅིག་ཡིན་རུང་ཉམས་བཞག་ནས་བཤད་ན་མ་གཏོགས།་བོད་ནང་གི་བོད་མི་ཚོས་ཅིག་ཅིག་ཅིག་བྱས་རབས་དང་མིིག་མིག་བྲིས་ནས་བཀོད་རབས། རང་དབང་ལུང་པར་རང་དབང་གི་སྨྲ་བརྗོད་བེད་སྤྱོད་གཏོང་རྐྱང་མི་གནང་བར་ཞུ། ང་ཚོའི་འདི་ནས་ཕྱིའི་རྒྱལ་ལ྄བ་ཁག་གི་ཁྲིམས་ཀྱི་འགྲོ་སྟངས་ལྟར་དང་། ཡང་ན་བོད་རང་གི་ཡིག་ཆ་ཁག་ཏུ་བཀོད་དེ་གཏན་འབེམས་གནང་འདུག་པ་གཞིར་བཞག་ནས་ཡིད་འཛིན་དང་བཤད་འབྲི་གནང་རྒྱུ་གལ་ཆེ་སྙམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese