དབུ་མའི་ལམ་མི་མང་ལས་འགུལ་ཁང་༢༠༠༨ ལོར་དབུ་བརྙེས་པ་ནས་ད་ལྟའི་བར་ལྷག་བསམ་ཆེ་བའི་མི་སྒེར་དང་འབྲེལ་ཡོད་རྒྱུན་ལས་ཁག་ཅིག་གིས་མ་དངུལ་ཞལ་འདེབས་ཀྱི་བཀའ་དྲིན་ལ་བརྟེན་ཏེ། མི་ལོ་བརྒྱད་ཙམ་གྱི་རིང་ལ་ཕྱི་ནང་གི་མི་རིགས་འདྲ་མིན་ལ་དབུ་མའི་ལམ་གྱི་གོ་རྟོགས་མི་དམན་པ་ཙམ་སྤེལ་ཐུབ་ཡོད། འདི་ལོའི་དུས་འཁོར་དབང་ཆེན་དང་སྟབས་བསྟུན་གྱིས་ལས་འགུལ་ཁང་གི་མ་དངུལ་འདུ་འགོད་ཀྱི་རྒྱན་ཤོག་ཅིག་འདོན་སྤེལ་བྱས་ཏེ། རྒྱན་ཤོག་གང་མང་ཞིག་སྤྱི་ཚོགས་སུ་འགྲེམས་སྤེལ་བྱས་དང་བྱེད་མུས་ཡིན་ཡང་། བར་ལམ་འཛིན་སྐྱོང་བཀའ་ཤག་གིས་དུས་འཁོར་དབང་ཆེན་འཕར་འགྱངས་གནང་བར་བརྟེན་འདི་ག་ལས་འགུལ་ཁང་གི་རྒྱན་ཤོག་གི་གྲུབ་འབྲས་ཀྱང་ ༢༠༡༧ ལོའི་དུས་འཁོར་དབང་ཆེན་སྐབས་སུ་ཁྱབ་བསྒྲགས་བྱ་རྒྱུ་ཡིན་པ་ལགས་ན་དེ་ལུགས་མཁྱེན་ཆུབ་ཡོང་བའི་གསལ་བསྒྲགས་སུ།
ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༡༡ ལ།
དབུ་མའི་ལམ་གྱི་དབུས་མི་མང་ལས་འགུལ་ཁང་།