མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དགེ་རྒན་གང་ན་ཡོད།

བོད་ཀྱི་དུས་བབ།
༢༠༡༥/༡༠/༡༥
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༧༥ སྟེང་གི་རྩོམ་སྒྲིག་པའི་གཏམ།

 
འདས་པའི་ལོ་ཤས་ནས་བཟུང་བཙན་བྱོལ་བོད་མིའི་ལོ་ངོ་ ༥༠ ལྷག་ནང་ཤེས་ཡོན་ཐོག་འཐུས་ཤོར་ཆེན་པོ་ཕྱིན་ཡོད་པའི་གླེང་ཕྱོགས་མང་པོ་བྱུང་བ་མ་ཟད། བོད་མིའི་གཞི་རིམ་སློབ་གྲྭ་ཁག་གིས་ཤེས་ཡོན་སྲིད་བྱུས་ལག་བསྟར་ཐད་གནད་དུ་འཁེལ་བའི་སྐྱོན་གནས་འདོན་མཁན་མང་པོ་བྱུང་སོང་ལ། མངོན་གསལ་ཡིན་མིན་གྱི་ཐོག་ནས་གོང་འོག་བར་གསུམ་ལ་སྐྱོན་བརྗོད་བྱས་ཏེ་མུན་ནག་ནང་ལག་སྙོབ་བྱེད་མཁན་ཡང་གང་འཚམ་བྱུང་བ་རེད། ད་ལན་སྤྱི་འཐུས་ལྷན་ཚོགས་ཀྱི་ཤེས་ཡོན་ཚོགས་ཆུང་གི་ཞིབ་འཇུག་སྙན་ཐོ་སྒྲོག་སྦྱང་དང་བགྲོ་གླེང་གནང་རྗེས། བཙན་བྱོལ་བོད་མིའི་སྔོན་འགྲོ་སློབ་གྲྭ་ ༦༣ གྱི་ནང་ནས་ ༣༨ ཙམ་གྱིས་ཤེས་ཡོན་སྲིད་བྱུས་གང་འཚམ་ཞིག་ལག་བསྟར་གནང་བཞིན་ཡོད་པ་གསལ་བོ་ཆགས་སོང་།

 
ཚོགས་ཆུང་གི་སྙན་ཐོ་དེ་ཀློག་ཡོང་དུས། ཕྱི་ལོ་ ༡༩༩༠ ནང་རྒྱ་གཞུང་གིས་བོད་ཁུལ་གྱི་སྐད་གཉིས་སློབ་གསོ་ཟེར་བའི་མིང་ཐོག་ནས་བོད་ཀྱི་སྐད་ཡིག་དམར་གསོད་གཏོང་ཐབས་ཀྱི་ངན་ཇུས་ཤིག་སྟེ། ཡིག་ཚད་ནང་བརྒྱ་ཆའི་ ༢༠ བོད་ཡིག་ཁོ་ནར་སྤྲོད་ཀྱི་ཡིན་ལུཊ་བསྒྲཊ་མོད། བརྒྱ་ཆའི་ ༢༠ སྤྲད་འཆར་གྱི་དྲི་ཤོག་ནང་རྗེས་འཇུག་ལ་རྗེས་སུ་འཇོག་པའི་ཡི་གེ་བཅུ་དང་། སྔོན་འཇུག་ལ་སྔོན་དུ་འཇོག་པའི་ཡི་གེ་ལྔ་ཞེས་རྒྱ་ཡིག་གིས་བྲིས་ཡོད་པ་དང་། དྲིས་ལན་ཡང་རྒྱ་ཡིག་གིས་འདེབས་དགོས་པའི་ངན་ཇུས་དེ་དྲན་དུ་བཅུག་སོང་། ཡིན་ནའང་ངན་ཇུས་དེར་གཞུང་གི་དཔོན་གནས་སུ་བཞུགས་པའི་བོད་རིགས་དང་། ལྷག་པར་དུ་གྲངས་ཉུང་མི་རིགས་ཀྱི་རང་སྐད་རང་ཡིག་འཛིན་སྐྱོང་སྤེལ་གསུམ་ལ་ཐུཊ་ཁུར་གནང་མཁན་ཚོའི་བཀའ་དྲིན་ལ་བརྟེན་ནས་ཐོག་མའི་སྲིད་བྱུས་བཞིན་ལག་བསྟར་ཐུབ་མེད་པ་རེད། འོན་ཀྱང་སྟབས་མ་ལེགས་པ་ཞིག་ལ། བཙན་བྱོལ་བོད་མིའི་ཤེས་ཡོན་སློབ་གསོའི་དཔེ་སྟོན་མཁན་ཏེ། དཔེ་སྟོན་སློབ་གྲྭའི་འཛིན་རིམ་ ༦ པ་ནས་ ༨ པའི་བར་བོད་དབྱིན་སྐད་གཉིས་སྲེ་ལྷད་ཀྱིས་སློབ་ཁྲིད་བྱེད་ཀྱི་ཡོད་པ་མ་ཟད། ཡིག་རིཊ་གཉིས་མཉམ་བསྲེས་བྱས་པའི་ཚན་རིག་དང་ཨང་རྩིས། སྤྱི་ཚོགས་ཚན་རིག་གསུམ་ཀྱི་དྲི་ཤོག་ཐོག་དབྱིན་ཡིག་གིས་དྲིས་ལན་འདེབས་དགོས་པ་དེ་ཇི་འདྲའི་ཐབས་རྡུཊ་ཤིག་རེད། གང་ལྟར་དབྱིན་ཡིག་གིས་རྗེས་མ་ཆོད་ཅིང་བོད་ཡིག་གིས་རང་མགོ་མ་ཐོན་པར་བརྟེན་ནས་འདི་ལྟར་མི་བྱེད་ཀ་མེད་དུ་གྱུར་བ་རེད།

 
ད་སྐབས་དཀའ་གནད་དེ་དག་སེལ་སླད་དགེ་རྒན་ཚད་ལྡན་གསོ་སྐྱོང་དང་སྦྱོང་བརྡར་གྱི་ལས་གཞི་མང་པོ་ཞིག་འགྲོ་བཞིན་ཡོད་ལ། དེ་དག་གི་ནང་ནས་ཀྱང་དམིགས་སྒོ་གཏད་ས་གཙོ་བོ་བྷུན་ཏར་དགེ་འོས་མཐོ་སློབ་ཁང་གི་སློབ་ཕྲུག་ཚོ་རེད། ཡིན་ནའང་། ཞིབ་འཇུག་ཚོགས་ཆུང་གི་མི་སྣ་དངོས་སུ་ཕེབས་ཏེ་རྒྱུས་ལོན་གནང་བའི་གྲུབ་འབྲས་ལ་དཔྱད་ན། སྦྱོང་བརྡར་དེའི་ཁྲོད་ནས་ཀྱང་བོད་སྐད་ཡིག་གི་ཚེ་སྲོག་ཕྲ་མོ་འདི་སྐྱོབ་ཐུབ་པའི་རེ་བ་ཞིག་གཏན་ནས་མངོན་གྱི་མི་འདུག ད་ལྟའི་བར་མཐོ་སློབ་དེ་ནས་ཁྱོན་སློབ་མ་ ༤༥ ཐོན་པའི་ཁོངས་ནས་རེ་ཟུང་ཞིག་མ་གཏོགས་ཕལ་ཆེ་བ་ལས་མེད་དུ་ལྷག་བསྡད་ཡོད་པ་དང་། དགེ་རྒན་ཞིག་གི་ས་མིག་སྟོང་པར་ལྷག་བསྡད་ཡོད་པ་ཕུད་ཁྱོན་དགེ་རྒན་ ༡༤ ཡོད་པའི་ནང་ནས་བོད་རིགས་དགེ་རྒན་གཉིས་ལས་མེད་པས། དགེ་འོས་སྦྱོང་བརྡར་དུ་ཞུགས་པའི་སློབ་ཕྲུག་ ༡༠༨ ལ་བོད་རིགས་དགེ་རྒན་གཉིས་ཀྱིས་འདང་གི་རེད་དམ།

 
རྒྱལ་སྤྱིའི་སློབ་གསོ་རིག་པ་བ་ཚོས་དཔྱད་ནས་བརྗོད་པ་ལྟར་ན། སྔོན་འགྲོའི་སློབ་གསོའམ་སློབ་ཆུང་གི་སློབ་གསོ་ནི་བྱིས་པའི་མི་ཚེའི་ནང་ནས་གལ་གནད་ཆེ་ཤོས་དེ་ཆགས་ཡོད་པ་དང་། ཕྱི་རྒྱལ་གྱི་ཤེས་ཡོན་སྡེ་ཁག་མིང་དུ་གྲགས་པ་དེ་ཚོས་དགེ་རྒན་ཚད་ལྡན་ཚོ་སྔོན་འགྲོའི་དགེ་རྒན་དུ་བསྐོ་བཞག་བྱེད་སྲོལ་ཡོད་འདུག ཡིན་ན་ཡང་བཙན་བྱོལ་བོད་མིའི་སྔོན་འགྲོ་སློབ་གྲྭའི་འཛིན་སྐྱོང་ནང་སྡེ་ཚན་མི་འདྲ་བ་ ༧ ཡོད་པའི་ཁྲོད་དུ་དབུས་བོད་སློབ་འཛིན་ཚོགས་ནི་སློབ་ཕྲུག་གྲངས་མང་ཤོས་ཀྱི་གྲས་ཡིན་ནའང་། དགེ་རྒན་གྱི་ས་མིག་ཁྱོན་ ༥༡ ཡོད་པའི་ནང་ནས་ས་མིག་ ༡༦ སྟོང་པར་ལྷག་ཡོད་པ་དང་། སྔོན་འགྲོའི་སློབ་གྲྭ་གཞན་དག་ལའང་དགེ་རྒན་མེད་པའི་དཀའ་ངལ་མི་ཉུང་བ་ཞིག་འཕྲད་ཀྱི་ཡོད་འདུག ལོ་རེར་མཐོ་སློབ་ཁག་ནས་སློབ་མ་མང་པོ་ཐོན་བཞིན་ཡོད་པའི་གྲངས་འབོར་ལ་གཞིག་ན། བོད་མིའི་ཚོགས་པ་དང་སྒྲིག་འཛུགས་ག་འདྲ་ཞིག་ཡིན་ནའང་དགེ་ལས་ཀྱི་ས་མིག་སྟོང་པར་ལྷག་དགོས་པ་དང་། ཁྱད་པར་དུ་ཆུ་ཚོད་གཅིག་ལའང་དགེ་རྒན་མེད་ན་སློབ་ཕྲུག་མང་པོའི་སློབ་སྦྱོང་ལ་དོ་ཕོག་འགྲོ་ཡི་ཡོད་པའི་སློབ་གྲྭ་མང་པོར་དགེ་རྒན་མེད་པའི་མུ་གེ་ག་རེ་བྱས་ནས་འབྱུང་གི་ཡོད་པ་རེད། འདི་ལ་ཕྱི་ནང་གི་རྒྱུ་རྐྱེན་མང་པོ་ཞིག་བསྔོག་རྒྱུ་ལོས་ཡོད་བསམ་གྱི་འདུག

འབྲེལ་ཡོད་གསར་འགྱུར།

AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠
Mobile App

ཞི་ཅིན་ཕིན་ལ་བསུ་སྐྱེལ་བྱེད་མཁན་ཚོར་གླ་ཆ་སྤྲད་རྒྱུ་ཡིན་ཟེར།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese