མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རེ་དོགས་ཁྲོད་ཀྱི་གྲོས་མཐུན།

བོད་ཀྱི་དུས་བབ།
༢༠༡༥/༡༠/༡༦
Share on FacebookShare on TwitterShare on EmailShare on Whatsapp

 

བདུན་ཕྲག་རྗེས་མའི་ནང་པ་ཀི་སི་ཐན་གྱི་སྲིད་བློན་དང་ཨ་རིའི་སྲིད་འཛིན་བར་རྡུལ་ཕྲན་མཚོན་ཆའི་བདེ་འཇགས་ཐད་གྲོས་མོལ་གནང་རྒྱུ་ཡིན་འདུག

 

imagesཁ་སང་ཨ་རིའི་ཕོ་བྲང་དཀར་པོས་བདུན་ཕྲག་རྗེས་མའི་ནང་པ་ཀི་སི་ཐན་གྱི་སྲིད་བློན་ནཱ་ཝ་སེ་ཤཱ་རེབ་ཨ་རིར་རྒྱལ་དོན་སྐོར་སྐྱོད་བྱེད་སྐབས། རྒྱལ་ཁབ་གཉིས་ཀྱིས་པ་ཀི་སི་ཐན་གྱི་རྡུལ་ཕྲན་མཚོན་ཆའི་བདེ་འཇགས་དང་བཟོ་སྐྲུན་གྱི་ཉེན་ཚབས་གནད་དོན་ཐད་གོ་བསྡུར་གནང་ནས་གཉིས་མོས་གྲོས་མཐུན་གཅིག་འཇོག་འཆར་ཡོད་ཅིང་། དེ་ནི་ལོ་བཅུའི་གོང་པ་ཀི་སི་ཐན་གྱི་རྡུལ་ཕྲན་མཚོན་ཆའི་ཡབ་ཆེན་ཨབ་དྷུལ་ཁཱ་ཌར་ཁཱང་ (Abdul Qadeer Khan) གིས་རྒྱལ་ཁབ་གཞན་ལ་རྡུལ་ཕྲན་མཚོན་ཆ་ཚོང་གཉེར་བྱེད་བཞིན་ཡོད་པ་ཤེས་རྟོགས་བྱུང་རྗེས་ཀྱི་གྲོས་མཐུན་ཐོག་མ་དེ་ཆགས་རྒྱུ་ཡིན་སྐོར་བསྒྲགས་འདུག

 

གནད་དོན་དེའི་ཐད་རྒྱལ་སྤྱིའི་སྙན་གྲགས་ཅན་གྱི་གསར་འགྱུར་བརྒྱུད་ལམ་ནེའུ་ཡོག་དུས་བབ་ཀྱིས། ཨོ་བྷ་མའི་གཞུང་གིས་པ་ཀི་སི་ཐན་ནི་རྒྱལ་སྤྱིའི་ཐོག་རྡུལ་ཕྲན་མཚོན་ཆ་འཕེལ་རྒྱས་གཏོང་ཚད་མགྱོགས་ཤོས་ཡིན་པར་བརྟེན། ཁོ་ཚོས་བཟོ་སྐྲུན་བྱས་པའི་རྡུལ་མཚོན་མང་པོ་ཞིག་ད་ལྟ་བདག་སྲུང་བྱ་རྒྱུ་ཁག་པོ་ཆགས་ནས་དྲག་སྤྱོད་པའི་ལག་ཏུ་ཤོར་ཏེ། རྒྱ་གར་སོགས་ལ་འཕེན་སྲིད་པ་ཞིག་ཡིན་སྟབས། ཨ་རིས་པ་ཀི་སི་ཐན་གཞུང་དང་གྲོས་མོལ་བྱས་ནས་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་སྔོན་འགོག་བྱ་རྒྱུར་ཤུགས་སྣོན་རྒྱག་གི་རེད། བྷུ་ཤི་གཞུང་གིས་ཨ་སྒོར་ས་ཡ་ ༡༠༠ ལྷག་གི་འགྲོ་སོང་བཏང་ནས་པ་ཀི་སི་ཐན་གྱི་རྡུལ་མཚོན་གྱི་བདེ་འཇགས་ལས་གྲྭར་རོགས་སྐྱོར་བྱས་ཡོད་པ་མ་ཟད། ཨོ་བྷ་མའི་གཞུང་ངོས་ནས་ཀྱང་གཅིག་མཚུངས་རོགས་སྐྱོར་བྱེད་བཞིན་ཡོད་སྟབས། ཨ་རིས་ད་ཐེངས་པ་ཀི་སི་ཐན་གྱི་མགོ་ཁྲིད་དང་རྡུལ་མཚོན་གྱི་གནད་དོན་ཐོག་གྲོས་མོལ་བྱས་ནས་གཉིས་སྨན་གྲོས་མཐུན་ཞིག་འཇོག་སྲིད་པ་རེད། ཅེས་བརྗོད་འདུག

 

༣༣༣༣ཕྱི་ལོ་ ༡༩༦༥ ལོར་རྒྱ་གར་དང་པ་ཀི་སི་ཐན་བར་དམག་འཁྲུག་བྱུང་རྗེས། སྐབས་དེའི་པ་ཀི་སི་ཐན་གྱི་སྲིད་བློན་ཛཱལ་ཧྥེ་ཀཱར་ཨ་ལི་བྷོ་ཌོ་(Zulfikar Ali Bhutto) ཡིས། གལ་སྲིད་རྒྱ་གར་གྱིས་འབར་མདེལ་བཟོ་ཡི་ཡོད་ན། ང་ཚོས་ལོ་སྟོང་ཕྲག་ཁ་ཤས་རིང་རྩྭ་ཟ་དགོས་ཐུག་ནས་བཀྲེས་སྐོམ་གྱི་སྡུག་བསྔལ་མྱོང་དགོས་བྱུང་ཡང་། ང་ཚོར་ང་ཚོས་བཟོས་པའི་མཚོན་ཆ་དགོས་པ་རེད། ཡེ་ཤུ་བ་དང་ཇེའུ་མི་རིགས་ལ་མཚོན་ཆ་ཡོད་པ་མ་ཟད། ད་ལྟ་ཧིན་རྡུ་བར་ཡོད་སྟབས། ཁ་ཆེ་བར་ག་རེ་བྱས་ནས་མཚོན་ཆ་མི་དགོས་པ་རེད་ཅེས་བརྗོད་ཡོད་སྟབས། དེའི་རྗེས་པ་ཀི་སི་ཐན་གཞུང་གིས་ནུས་ཤུགས་གང་ཡོད་བཏོན་ནས་མཚོན་ཆ་འདྲ་མིན་བཟོ་མགོ་བཙུགས་པ་མ་ཟད། ལྷག་པར་དུ་ ༡༩༧༤ ལོར་པ་ཀི་སི་ཐན་གྱི་རྡུལ་ཕྲན་མཚོན་ཆའི་ཡབ་ཆེན་ཨབ་དྷུལ་ཁཱ་ཌར་ཁཱང་རྡུལ་མཚོན་ཚོགས་ཆུང་ཁོངས་ཞུགས་ནས་མཚོན་ཆ་འདྲ་མིན་དང་། རྡུལ་ཕྲན་མཚོན་ཆ་ཤུགས་ཚད་ཆེ་འབྲིང་ཆུང་གསུམ་སྣ་ཚོགས་བཟོས་ཡོད་པ་རེད། ཁོས་དེ་བཞིན་ཕྱི་ལོ་ ༡༩༨༠ ནས་ ༢༠༠༢ བར་རྒྱལ་སྤྱིའི་ཐོག་ཉེན་ཚབས་ཅན་གྱི་ནག་ཚོང་ཁྲོམ་རྭའི་ནང་ཞུགས་ཏེ་ཨི་རན་དང་བྱང་ཀོ་རི་ཡ། ལི་བྷི་ཡ་དང་རྒྱ་ནག་སོགས་ལ་རྡུལ་ཕྲན་མཚོན་ཆའི་རྒྱུ་ཆ་སོགས་བཙོངས་ཡོད་སྟབས། ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཤེས་རྟོགས་བྱུང་སྟེ་པ་ཀི་སི་ཐན་གྱི་རྡུལ་ཕྲན་བཟོ་སྐྲུན་ཁང་ལ་ཆད་པ་ལྕི་མོ་བཅད་པ་མ་ཟད། ཁོང་བཟང་བཙོན་དུ་བཅུག་པ་དང་འབྲེལ་གཞུང་ལ་རོགས་སྐྱོར་བྱེད་མཚམས་བཞག་ཡོད་པ་རེད། ཡིན་ཡང་འདས་པའི་ལོ་ཤས་ནས་པ་ཀི་སི་ཐན་གཞུང་གིས་ཕྱིའི་གནོན་ཤུགས་ལ་མ་ལྟོས་པར་ལོ་རེར་གོ་མཚོན་ཆེ་བ་རིགས་མི་འདྲ་བ་ ༡༠ ལྷག་འདོན་སྤེལ་བྱེད་བཞིན་ཡོད་སྟབས། ད་ལྟ་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་མཚོན་ཆ་དེ་དག་ཁྲོད་ནས་ཁག་ཅིག་པ་ཀི་སི་ཐན་གྱི་འཇིགས་སྐུལ་རིང་ལུགས་པ་ཚོའི་ལག་ཏུ་རག་སྟེ། ཁྱིམ་མཚེས་རྒྱལ་ཁབ་དང་རྒྱལ་སྤྱིའི་ཐོག་བེད་སྤྱོད་གཏོང་སྲིད་པའི་སེམས་ཚབ་ཤུགས་ཆེ་བྱེད་བཞིན་ཡོད་པ་རེད།

 

ཉེ་ལམ་ཨ་རིས་པ་ཀི་སི་ཐན་གྱི་རྡུལ་མཚོན་འཕེལ་ཚད་ལ་དོ་སྣང་ཤུགས་ཆེ་བྱེད་བཞིན་ཡོད་པ་མ་ཟད། པ་ཀི་སི་ཐན་གཞུང་ལ་རྡུལ་མཚོན་དེ་དག་ཊ་ལི་བྷན་དྲག་སྤྱོད་ཤོག་ཁག་གི་ལག་ཏུ་རག་སྲིད་པའི་ཉེན་བརྡ་བཏང་ཡོད་སྟབས། པ་ཀི་སི་ཐན་གཞུང་གིས་ད་བར་དྲག་སྤྱོད་པའི་ལག་པར་མཚོན་ཆ་གཅིག་རྐྱང་ཤོར་མེད་སྐོར་བརྗོད་ཡོད། ཉིན་ཤས་སྔོན་ཨ་རིའི་རྒྱལ་ས་ཝ་ཤིན་ཌོན་ནང་རྟེན་གཞི་བྱས་པའི་ཀཱར་ཎེ་གྷེ་རྒྱལ་སྤྱིའི་ཞི་བདེ་ལྟེ་གནས་ཁང་ (Carnegie Endowment for International Peace) དང་སི་ཌི་སན་བསྟི་གནས་ཁང་(Stimson Center) གིས་ལོ་རེར་པ་ཀི་སི་ཐན་གཞུང་གིས་ཆ་སྙོམ་གོ་མཚོན་ཆེ་གྲས་ ༢༠ ལྷག་ཁ་སྣོན་བྱེད་བཞིན་ཡོད་སྟབས། ལོ་ ༡༠ ནང་མཚོན་ཆ་ ༣༥༠ འཕར་སྣོན་འབྱུང་རྒྱུ་ཡིན་པ་འགྲེལ་བརྗོད་བྱས་ཡོད་པ་མ་ཟད། དེ་སྔོན་ཨ་རིའི་རིགས་གཅིག་མཁས་དབང་གཉིས་ཀྱིས་ཀྱང་པ་ཀི་སི་ཐན་གྱི་གོ་མཚོན་འཕེལ་ཚད་ནི་རྒྱལ་ཁབ་གཞན་དང་བསྡུར་ན་ལྡབ་གཉིས་ལྷག་གི་མང་བ་ཡོད་པའི་གྲུབ་དོན་སྙན་ཐོ་བཏོན་ཡོད་པ་མ་ཟད། གོ་མཚོན་ཁག་ཅིག་འཇིགས་སྐུལ་རིང་ལུགས་པའི་ལག་ཏུ་ཤོར་ཡོད་པའི་དོགས་གནད་འགའ་ཡང་བགྲངས་ཡོད་པ་རེད།

 

ཨ་རིའི་ཀཱར་ཎེ་གྷེ་རྒྱལ་སྤྱིའི་ཞི་བདེ་ལྟེ་གནས་ཁང་གི་འགན་འཛིན་གཞོན་པ་ཇོར་ཇེ་ (George Perkovich) ལགས་ཀྱིས་རོའུ་ཌར་གསར་ལམ་ཐོག པ་ཀི་སི་ཐན་གྱིས་ཨ་རིས་བཏོན་པའི་དགོས་འདུན་ལ་བསམ་ཤེས་བྱས་ནས་མོས་མཐུན་བྱས་ཚེ། དེ་ནི་གཉིས་ཕན་གྱི་བྱ་གཞག་ཅིག་ཆགས་རྒྱུ་ཡིན་སྟབས། པ་ཀི་སི་ཐན་གཞུང་གིས་དེར་ངོས་ལེན་བྱེད་ཀྱི་རེད་བསམ་གྱི་འདུག་ཅེས་དང་། ཡང་ཨ་རིའི་དུས་བབ་དུས་དེབ་ཀྱིས་ཨ་རིའི་མཐོ་རིམ་ལས་བྱེད་ཅིག་གི་སྐད་ཆ་ལུང་འདྲེན་བྱས་པའི་ནང་། རྡུལ་ཕྲན་མཚོན་ཆ་ནི་པ་ཀི་སི་ཐན་གྱིས་རྒྱ་གར་གྱི་གནོན་ཤུགས་འགོག་ཐབས་ཀྱི་དམག་དོན་ཐབས་བྱུས་ཤིག་ཡིན་སྟབས། ཨ་རིའི་གྲོས་མཐུན་ལ་ཁས་ལེན་བྱ་རྒྱུ་ཁག་པོ་ཡིན་སྐོར་བརྗོད་འདུག

 

ཨ་རིའི་ཕོ་བྲང་དཀར་པོའི་མགྲིན་ཚབ་པ་ཇོ་ཤི་ཨར་ཎེ་སི་ (Josh Earnest) ལགས་ཀྱིས་གསར་འགོད་ལྷན་ཚོགས་སྐབས། ད་ཐེངས་རྒྱལ་ཁབ་གཉིས་བར་གྲོས་མཐུན་གཅིག་འཇོག་ཐུབ་རྒྱུ་རེད་བསམ་པའི་གདེང་ཚོད་མེད་ཀྱང་། དུས་རྒྱུན་པ་ཀི་སི་ཐན་དང་ང་ཚོའི་བར་རྡུལ་ཕྲན་མཚོན་ཆའི་བདེ་འཇགས་ཐད་གྲོས་མོལ་ཡང་ཡང་བྱེད་ཀྱི་ཡོད་སྟབས། གནད་དོན་དེའི་ཐད་ད་ལན་དབུ་ཁྲིད་རྣམ་གཉིས་ཐུག་སྐབས་གྲོས་མཐུན་འཇོག་མིན་ལ་མ་ལྟོས་པར་གྲོས་མོལ་ལྷུག་པོ་ཞིག་ཡོང་ཐུབ་པའི་ཡིད་ཆེས་ཡོད། ཅེས་བརྗོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༡ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༡ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༡༥ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese