མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙན་བྱོལ་ནང་ནས་བོད་པའི་དམངས་སྲོལ་རིག་གནས་འཚོལ་བ།

བོད་ཀྱི་དུས་བབ།
༢༠༡༥/༡༠/༡༩
Share on FacebookShare on TwitterShare on EmailShare on Whatsapp

 

དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༠༠ སྟེང་། ས་ར་མཐོ་སློབ་ཏུ་ཚོགས་ཁང་དུ། ས་ར་བོད་ཀྱི་གཞོན་ནུའི་རུ་ཁག་གི་གོ་སྒྲིག་འོག བགྲོ་གླེང་ཐེངས་དགུ་པ་ ༼ཉམས་རྒུད་དུ་འགྲོ་བཞིན་པའི་གནའ་བོའི་བོད་ཀྱི་དམངས་སྲོལ་རིག་གནས་འཚོལ་བ༽ ཞེས་པའི་བརྗོད་གཞིའི་ཐོག་ཉིན་གསུམ་རིང་གི་བགྲོ་གླེང་ཚོགས་འདུ་ཞིག་མགོ་འཛུགས་གནང་སོང་། དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་དང་བོད་མི་མང་སྤྱི་འཐུས་བསོད་ནམས་རྒྱལ་མཚན་ལགས། དེ་བཞིན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བཀྲ་ཤིས་ལམ་བཟང་ལགས། དེ་བཞིན། དྷ་རམ་ས་ལའི་ཉེ་ཁོར་གྱི་དགོན་སྡེ་དང་སློབ་གྲྭ། ཚོགས་པ་ཁག་བཅས་ཀྱི་སྐུ་ཚབ་དང་། ས་ར་མཐོ་སློབ་ཀྱི་དགེ་ལས་སློབ་ཕྲུག་བཅས་མི་ ༡༠༠ ཡས་མས་འཛོམས་སོང་།

 

DSC_8377མཛད་སྒོའི་དབུ་འཛུགས་ཐོག་ས་ར་གཞོན་ནུའི་རུ་ཁག་གི་ཚོགས་གཙོ་བསོད་ནམས་ཚེ་བརྟན་ལགས་ཀྱིས་བགྲོ་གླེང་ངོ་སྤྲོད་གནང་དོན། དེ་རིང་གི་སྐབས་སུ་བབ་པའི་བགྲོ་གླེང་གི་བརྗོད་གཞི་དེ་བོད་ཀྱི་དམངས་སྲོལ་རིག་གནས་ཐོག་རེད། ཕྱི་ལོ་ ༡༩༥༩ ནས་ ༢༠༢༠ ནང་བཙན་བྱོལ་གྱི་མི་རབས་དང་པོ་དེ་རྫོགས་འགྲོ་ཡི་ཡོད་པ་རེད། མི་རབས་གསར་པ་དང་མི་རབས་གོང་མའི་བར་ལ་མཚམས་སྦྱོར་མཁན་སྐབས་སུ་བབ་པའི་བརྗོད་གཞི་འདི་གནད་འགག་ཆེན་པོ་ཞེ་དྲགས་ཆགས་ཀྱི་ཡོད་པ་རེད། ད་ལན་བརྗོད་གཞི་འདིའི་ཐོག་བགྲོ་གླེང་ཚོགས་པ་དེ། ང་ཚོ་རྒྱུན་ལས་མི་གཅིག་གཉིས་ཤིག་གིས་ཐག་བཅད་པ་མ་ཡིན་པར་རྒྱུན་ལས་ནང་ནས་མང་པོ་ཞིག་གིས་བགྲོ་གླེང་གི་བརྗོད་གཞི་མང་པོ་ཞིག་བདམས་པ་མ་ཟད། དེའི་ནང་ནས་ས་ར་མཐོ་སློབ་ཀྱི་སློབ་དཔོན་རྣམ་པར་བཀའ་འདྲི་ཞུས་ཏེ། ད་ལྟའི་ང་ཚོའི་ཆག་འཇིག་གི་གནས་བབ་ལ་དགོས་མཁོ་ཆེ་ཤོས་ཀྱི་བརྗོད་གཞི་ལྔ་བདམས་རོགས་ཞུས་ནས་གདམ་གསེས་བྱས་པ་ཡིན། ཞེས་བརྗོད་སོང་།

 

ས་ར་མཐོ་སློབ་གྱི་དྲུང་ཆེ་པ་སངས་ཚེ་རིང་ལགས་ཀྱིས་གཏམ་བཤད་གནང་དོན། སྤྱིར་བཏང་འཛམ་གླིང་འདིའི་ཐོག་མི་རིགས་མང་པོ་ཞིག་ཡོད་ཀྱང་། དམིགས་བསལ་བོད་པ་ཟེར་བ་འདི་མི་རིགས་ཤིག་ཡིན་པ་༧གོང་ས་མཆོག་དང་། ང་ཚོའི་མཁས་པ་ཚོས་གསུངས་བསྡད་ཀྱི་ཡོད་པ་རེད། ད་ལྟ་ང་ཚོ་འཐབ་རྩོད་བྱེད་མཁན་གྱི་མི་རིགས་ཤིག་ཡིན་སྟབས། བོད་པའི་ངོ་བོ་ཟེར་བ་འདི་གལ་ཆེན་པོ་ཞིག་ཆགས་ཀྱི་འདུག ང་ཚོས་དང་པོ་བོད་པ་ཟེར་བ་འདི་གང་འདྲ་ཞིག་ཡིན་མིན་དང་། བོད་པའི་ངོ་བོ་ཟེར་བ་དེ་གང་འདྲ་ཞིག་ལ་འཇོག་དགོས་མིན་ངོས་འཛིན་དགོས་འདུག དེ་གཉིས་ངོས་འཛིན་ཐུབ་པ་ཡིན་ན། སོ་སོའི་སྐད་ཡིག་དང་རིག་གཞུང་ལ་གཞི་ནས་དོ་སྣང་དང་བྱིངས་བསླེབ་རྒྱུ་མ་ཟད། གལ་ཆེན་པོ་ཞིག་ཡིན་པའི་ཚོར་བ་སླེབ་ཀྱི་རེད་བསམ་གྱི་འདུག སྤྱིར་བཏང་ཕྱི་རྒྱལ་གྱི་མཁས་པ་ཚོས་བྲིས་པ་དེ་ཚོའི་ནང་བོད་པའི་ངོ་བོ་འཇོག་སྟངས་ལ་གཞིགས་ན། བོད་པ་ཟེར་མཁན་འདི་མི་རིགས་དང་རྒྱལ་ཁབ། ལོ་རྒྱུས་གཅིག་ཡིན་པའི་རྒྱལ་ཁབ་ཅིག་ཡིན་པ་མ་ཟད། སྐད་ཡིག་དང་ཆོས། རིག་གཞུང་དང་མི་རིགས་གཅིག་པ་ཡིན་པ་གསུང་གི་ཡོད་སྟབས། ས་ར་མཐོ་སློབ་ནང་ཕྱི་རྒྱལ་གྱི་སློབ་མ་མང་པོ་ཞིག་ཕེབས་བསྡད་ཀྱི་ཡོད་པར་བརྟེན། ངས་འཇོན་མིན་ལ་མ་ལྟོས་པར་ཁོ་ཚོར་དབྱིན་ཡིག་ཐོག་འཛིན་གྲྭ་ཞིག་ཁྲིད་ཀྱི་ཡོད་སྟབས། སློབ་ཁྲིད་བྱེད་སྐབས་གོང་གི་དོན་ཚན་ལྔ་གཞི་བཅོལ་ནས་བོད་ཀྱི་ལོ་རྒྱུས་དང་རིག་གཞུང་། ངོ་བོ་གང་ཡིན་སློབ་ཁྲིད་བྱེད་ཀྱི་ཡོད། སྤྱིར་བཏང་བོད་པའི་སྤྱི་ཚོགས་ནང་ཚང་མས་ཁ་གཅིག་གྲགས་ཐོག་ནས་བོད་ཀྱི་ཐུན་མོང་མིན་པའི་རིག་གཞུང་ཉམས་རྒུད་འགྲོ་བཞིན་ཡོད་པའི་ཚོར་སྣང་བརྗོད་མཁན་དང་། ཐུགས་ཚབ་གནང་མཁན་མང་པོ་ཞིག་ཡོད་པ་མ་ཟད། གཞོན་སྐྱེས་ཚོས་དོ་སྣང་གནང་གི་མེད་འདུག་གསུང་མཁན་མང་པོ་ཡོད་སྟབས། ད་ལྟ་ཚང་མས་དེ་ཚོའི་གནད་འགག་ག་པར་ཐུག་ཡོད་མེད་ཐོག་རྟོག་ཞིབ་གནང་ནས་རང་འགན་རང་འཁུར་བྱ་རྒྱུའི་དུས་ལ་བབ་འདུག ཅེས་བརྗོད་སོང་།

 

སྐུ་མགྲོན་གཙོ་བོ་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས། “ཉམས་རྒུད་དུ་འགྲོ་བཞིན་པའི་གནའ་བོའི་བོད་ཀྱི་དམངས་སྲོལ་རིག་གནས་འཚོལ་བ” ཟེར་བའི་བརྗོད་གཞིའི་ནང་ནས་འཚོལ་བ་ཞེས་པའི་ཚིག་འདི། ང་རང་ལ་ཕོག་པོ་ཞེ་པོ་ཞིག་བྱུང་། ཧ་ལམ་འཚོལ་དགོས་པ་ཞིག་ཆགས་ཡོད་པ་རེད། དམངས་ཁྲོད་ཀྱི་རིག་གནས་མང་པོ་ཞིག་ཕྱི་ནང་གི་རྐྱེན་ལ་བརྟེན་ནས་འགའ་ཤས་ད་ལྟ་བཙལ་ནས་རྙེད་རྒྱུ་མེད་པ་ཆགས་ཡོད། ད་ལྟ་ངས་ཧོབ་དེ་བསམ་བློ་བཏང་ནས་དྲན་བསྡད་པ་ཁ་ཤས་ཤིག་གི་ནང་ནས། ད་ལྟ་ང་ཚོས་རིག་གནས་དང་རིག་གཞུང་ག་རེ་ལབ་ཀྱི་ཡོད་ཀྱང་། དེའི་གོ་དོན་ཁོང་དུ་ཆུད་པའི་སྒོ་ནས་འཚོལ་རྒྱུ་གལ་ཆེན་པོ་རེད་བསམ་གྱི་འདུག རིག་གནས་དང་རིག་གཞུང་ཟེར་དུས་རིག་གཞུང་ཟེར་བའི་ཚིག་འདི། གཅིག་བྱས་ན་སྐྱབས་བཅོལ་ལ་བསླེབས་ནས་ཡོང་བ་ཞིག་མིན་འགྲོ་བསམས་པ་འདུག་ཀྱང་། ང་ལ་གསལ་པོ་ཞུ་རྒྱུ་མེད། རིག་པའི་གཞུང་ལུགས་ཟེར་བ་ཞིག་ཡོད་ཀྱང་། (Culture) རིག་གཞུང་ཟེར་བ་བེད་སྤྱོད་གཏོང་བཞིན་པ་དེ་སྐྱབས་བཅོལ་ལ་བསླེབས་ནས་བཟོས་པ་མིན་འགྲོ་བསམ་པའི་དོགས་པ་འདུག གང་ལྟར། ངས་སྙིང་པོ་ག་རེ་ཞུ་ཡི་ཡོད་ཟེར་ན། རིག་གཞུང་དང་རིག་གནས་ག་རེ་བེད་སྤྱོད་གཏོང་གི་ཡོད་པ་དང་། དེ་མིན་དབྱིན་ཡིག་ཚིག་ (Culture) དང་ (Civilization) ཟེར་བ་དེ་གཉིས་ལ་སྐད་ཆ་མང་པོ་ཞིག་ཡོད་པ་རེད། མང་པོ་ཞིག་གིས་དོན་གཅིག་མིང་གི་རྣམ་གྲངས་འདྲ་པོ་ཞིག་ལ་བེད་སྤྱོད་གཏོང་གི་ཡོད་པ་རེད། དབྱིན་ཡིག་གི་ཚིག་ནང་རིག་གཞུང་ལ་ (Culture) དང་ (Civilization) ཟེར་བ་བེད་སྤྱོད་གཏོང་གི་ཡོད་ཀྱང་། གང་ལྟར་ལས་ཀ་བྱེད་ཐུབ་མཁན་དང་ཕན་ཐོགས་སྐྲུན་ཐུབ་མཁན། བདེ་སྐྱིད་སྐྲུན་ཐུབ་མཁན་ཞིག་ལ་རིག་གཞུང་ལབ་ཀྱི་ཡོད་པ་རེད། འཆམ་པོ་མེད་པ་བཟོ་མཁན་དང་གཏོར་བཤིག་གཏོང་མཁན་ལ་རིག་གཞུང་དང་རིག་གནས་ཟེར་གྱི་མེད་སྟབས། བོད་པའི་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་བཤད་ཡོང་སྐབས། གང་ལྟར་སེམས་ཅན་གཞན་ལ་བདེ་སྐྱིད་ཡོང་བ་དང་ཕན་བདེ་སྐྲུན་ཆེད་དམིགས་ནས་བཟོས་པ་ཞིག་ཡིན་པ་ལས་གསར་བཟོ་བྱས་པ་ཞིག་ལ་ཟེར་གྱི་མེད་པ་དེ་བོད་ཀྱི་ཐུན་མོང་མིན་པའི་རིག་གཞུང་གི་ཁྱད་ཆོས་ཤིག་རེད་བསམ་གྱི་འདུག ཅེས་བརྗོད་སོང་།

 

ཁོང་གིས་མུ་མཐུད་དུ། ཁྱེད་ཚོ་སློབ་མ་ཚོ་ཆོལ་ཁ་གསུམ་ནས་ཡོང་ཡོད་སྟབས། སོ་སོའི་ལུང་པའི་ནང་རིག་གཞུང་དང་ཡུལ་སྲོལ་ག་རེ་ཡོད་མེད་ཕན་ཚུན་བསམ་ཚུལ་ སྤེལ་རེས་བྱས་ཏེ། སྒེར་སོ་སོས་དོན་གཉེར་བྱས་ནས་སྦྱོང་དགོས་པ་རེད། དཔེར་ན། ཕྱི་རྒྱལ་གྱི་སློབ་མ་དེ་ཚོ་ཡིན་ན། མཚམས་རེ་ཧང་སང་བཅུག་གི་འདུག སྔོན་མ་ཕྱི་རྒྱལ་གྱི་སློབ་ཕྲུག་ཅིག་བསླེབས་སོང་། ཁོས་ཉམས་ཞིབ་བྱེད་ཀྱི་ཡོད་བཅར་འདྲི་བྱེད་དུ་བཅུག་རོགས་ལབ་བྱུང་། ངས་ག་རེའི་སྐོར་ཡིན་སྐད་ཆ་དྲིས་པས་རྡོར་རྗེ་དྲིལ་བུའི་སྐོར་ཡིན་ལབ་བྱུང་། ང་ཚོ་ཡིན་ན་དེ་ཚོའི་ཐོག་ལ་དོ་སྣང་བྱེད་ཀྱི་མ་རེད། དཔེ་ཆ་ལྟ་མཁན་ཞིག་ཡིན་ན་མཚོན་དོན་ཧ་གོ་ཡི་རེད་མ་གཏོགས། རྡོ་རྗེར་རིགས་ག་ཚོད་དང་ཕན་ཡོན་ག་རེ་ཡོད་མེད་ལ་ཉམས་ཞིབ་བྱེད་མཁན་མེད་སྟབས། དེ་ནི་དོ་སྣང་ཆུང་དྲགས་པའི་རྐྱེན་གྱིས་རེད། ཅེས་བརྗོད་སོང་།

 

མཇུག་ཏུ་གཞོན་ནུའི་དྲུང་ཆེ་བཀྲ་ཤིས་ལམ་བཟང་ལགས་ཀྱིས། དེ་རིང་འདིར་རྣམ་པ་ཚོ་མང་པོ་ཞིག་བགྲོ་གླེང་གནང་བར་ཕེབས་ཡོད་སྟབས། གང་ལྟར་སོ་སོའི་རིག་གནས་འདི་ངའི་མི་རིགས་ཀྱི་རིག་གནས་ཡིན་བསམ་པའི་བསམ་བློ་གཅིག་དང་། བོད་ཀྱི་རིག་གནས་འདི་ངའི་མི་རིགས་ཀྱི་བླ་སྲོག་དང་ངོ་བོ་ཡིན་བསམ་པའི་བསམ་བློའི་ངེས་པ་བརྙེད་པའི་ཐོག་ནས་བགྲོ་གླེང་གནང་བ་དང་སློབ་སྦྱོང་བྱེད་དགོས་པ་རེད། དེ་ངས་མ་སྦྱང་ན་སུས་སྦྱང་། ང་ཚོས་མ་སྤེལ་ན་སུས་སྤེལ། ང་ཚོས་མ་བཤད་ན་སུས་བཤད་བསམ་པའི་ཀུན་སློང་འཁྱེར་ཏེ། སྦྱོང་སྤྱོད་སྤེལ་གསུམ་དང་བགྲོ་གླེང་གནང་བ་ཡིན་ན་ཏན་ཏན་ཕན་ཐོགས་ཆེན་པོ་ཡོང་གི་རེད་དྲན་གྱི་ཡོད། ད་ལྟ་བར་དུ་ང་ཚོས་ཤེས་ཡོན་ཐོག་འཐུས་ཤོར་ཕྱིན་པ་དེ་གང་འདྲ་དང་ག་ནས་ཕྱིན་ཡོད་མེད་ཐད་བགྲོ་གླེང་གནང་དགོས་པ་མ་ཟད། བགྲོ་གླེང་གནང་བ་གཞིར་བཟུང་དེ་ཚོའི་ཐོག་ལ་ང་ཚོས་བསྐྱར་ཞིབ་དེ་འདྲ་བྱེད་ཐུབ་པ་ཡིན་ན། དེས་བོད་སྤྱི་སྒེར་གཉིས་ཀར་ཐུགས་ཕན་གསོ་ཡི་རེད་བསམ་གྱི་འདུག ཅེས་བརྗོད་སོང་།

 

ཐེངས་འདིའི་ཉིན་གྲངས་གསུམ་གྱི་བགྲོ་གླེང་ཚོགས་འདུའི་ནང་། བོད་བྱང་ཐང་གི་ནོར་ལུག་གསོ་ཚགས་བྱེད་སྟངས་དང་། གཏོ་རྒྱག་སྟངས། གནའ་བོའི་བོད་ཀྱི་ཐང་བྲིས་སྒྱུ་སྩལ་རིག་གནས་སྐོར། གནའ་བོའི་བོད་ཀྱི་དམག་འཐབ་ཡོ་བྱད་འཚོལ་བ། བོད་ཀྱི་གཏམ་དཔེ་དང་དེའི་ཁྱད་ཆོས་སྐོར། བོད་ཀྱི་སོ་ནམ་ཞིང་ལས་སྐོར། གཟའ་སྐར་ཟླ་ཚེས་དང་སྲོལ་རྒྱུན་བོད་ཀྱི་འཛེམ་བྱའི་བྱུང་སྟངས་སྐོར། དབུས་གཙང་ཞིང་ཁུལ་གྱི་ལོ་གཅིག་དུས་བཞིའི་སྲོལ་རྒྱུན་དུས་ཆེན་བཞི། གདོད་མའི་བོད་ཀྱི་རྨ་ལས་བྱེད་ཐབས་དང་གསོ་བ་རིག་པའི་སྐོར། བོད་ཀྱི་སྲོལ་རྒྱུན་འཚེམ་བཟོའི་སྐོར་དང་གཞུང་སྲིད་མི་སྣའི་གྱོན་ཆས་སྐོར། བྱ་གཏོར་རམ་རོ་ལས་བྱེད་སྟངས་ཀྱི་ཁྱད་ཆོས་སྐོར། བོད་ཀྱི་གླུ་དང་བྲོ་ཆེན་སྐོར། སྲོལ་རྒྱུན་བོད་ཀྱི་ཤེས་ཡོན་སློབ་གསོའི་སྐོར། བོད་ཀྱི་ཟློས་གར་ཚོགས་པ་ཆེན་པོ་བཞི་ལས་གཅིག་བསྡུས་གྱུར་བའི་བོད་གཞུང་གི་ཟློས་གར་ལྷ་མོའི་འཁྲབ་གཞུང་གི་ཁྱད་ཆོས། གནའ་བོའི་སྒྲུང་གི་འཕེལ་རིམ་དང་བྱེ་བྲག་གེ་སར་གླིང་སྒྲུང་གི་ཁྱད་ཆོས་སྐོར། བོད་ཀྱི་ཆོ་ག་ཕྱག་ལེན་སྐོར། འབྲོག་པའི་སྦྲ་ནག་གི་ཁྱད་ཆོས་བརྗོད་པ་བཅས་ཀྱི་ཐད། བཙན་བྱོལ་ནང་གི་མཁས་པ་དང་ཉམས་ཞིབ་པས་བཀའ་སློབ་གནང་རྒྱུ་རེད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༨ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༨ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༡༣ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese