མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་སྤྱིའི་ཁོར་ཡུག་ལྷན་ཚོགས་ཀྱིས་བོད་ཀྱི་ཁོར་ཡུག་མ་བརྗེད།

བོད་ཀྱི་དུས་བབ།
༢༠༡༥/༡༠/༢༠
Share on FacebookShare on TwitterShare on EmailShare on Whatsapp

 

ཕྱི་ཟླ་ ༡༡ ཚེས་ ༣༠ ཉིན་ནས་ཉིན་གྲངས་ ༡༢ རིང་ཧྥ་རན་སིའི་རྒྱལ་ས་ཕ་རེ་སི་ནས་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་ཤིག་འཚོགས་འཆར་ཡོད་པའི་སྟེང་། བོད་མིའི་སྒྲིག་འཛུགས་ཀྱིས་བོད་ཀྱི་ཁོར་ཡུག་གནས་སྟངས་གླེང་སློང་དགོས་པའི་འབོད་སྐུལ་ཞུས་སོང་།

 

2222དེ་རིང་སྔ་དྲོ་ཆུ་ཚོད་ ༡༡།༣༠ སྟེང་ཕྱི་དྲིལ་ལས་ཁུངས་ཀྱི་ལྷག་པ་ཚེ་རིང་ཚོགས་ཁང་ནང་དུ་ཕྱི་དྲིལ་ལས་ཁུངས་ཀྱི་ཁོར་ཡུག་ཚན་པའི་གོ་སྒྲིག་འོག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག ཕྱི་དྲིལ་དྲུང་ཆེ་རྣམ་གཉིས། དེ་བཞིན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས་བཅས་ལྷན་འཛོམས་ཐོག ཧྥ་རན་སིའི་རྒྱལ་ས་ཕ་རེ་སི་ནས་ཚོགས་ལ་ཉེས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་ (COP21) སྟེང་ཆེད་ཕེབས་རྒྱལ་སྤྱིའི་དབུ་ཁྲིད་རྣམ་པས་བོད་ཀྱི་ཁོར་ཡུག་གི་གནད་དོན་ངེས་པར་དུ་གླེང་དགོས་པའི་འབོད་སྐུལ་གྱི་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་སོང་།

 

གསར་འགོད་ལྷན་ཚོགས་ཐོག་༧གོང་ས་མཆོག་གིས་བརྙན་འཕྲིན་བརྒྱུད་བོད་ཀྱི་ཁོར་ཡུག་སྐོར་ལ་བསྩལ་བའི་བཀའ་སློབ་བརྙན་ཐུང་སྐར་མ་ ༧།༤༣ ཅན་ཞིག་བསྟན་པའི་ནང་ཁོང་གིས། གལ་ཏེ་གོ་ལའི་གནམ་གཤིས་ཀྱི་དྲོད་ཚད་སོགས་དཀའ་ངལ་ཆེན་པོ་ཆགས་ཏེ་ང་ཚོ་གནས་མ་ཐུབ་པ་ཆགས་ན། གོ་ལ་གཞན་ཞིག་ལ་སྤོ་ས་མེད་སྟབས། ང་ཚོ་འཚོ་སྡོད་བྱེད་སའི་གོ་ལ་འདི་གཅིག་པུ་ཡིན་སྟབས། གོ་ལ་འདིའི་ཚ་དྲོད་འཕར་བར་གདོང་ལེན་བྱ་རྒྱུའི་ལས་དོན་ཧ་ཅང་གལ་ཆེན་པོ་ཡིན་པར་ངོས་འཛིན་བྱེད་དགོས། དེར་བརྟེན། མཁས་པ་འགའ་ཤས་ཀྱིས་འཛམ་གླིང་ཐོག་ཁང་དུ་འབོད་པའི་བོད་ནི་ས་བབ་ཧ་ཅང་མཐོ་ཞིང་མཁའ་རླངས་ལ་རླན་གཤེར་ཉུང་པས། ཁོར་ཡུག་ཉམས་ཆག་ཕྱིན་པ་ཡིན་ན་རང་འབྱུང་གི་ནུས་པས་སླར་གསོ་ཡོང་རྒྱུར་དུས་ཚོད་མང་བ་འགོར་རྒྱུ་དེ། རྒྱ་གར་ཁོར་ཡུག་ཉམས་ཞིབ་མཁས་དབང་ཚོས་དེ་ལྟར་ངོས་འཛིན་གནང་གི་འདུག རྒྱ་རིགས་ཁོར་ཡུག་ཉམས་ཞིབ་པ་ཁག་གཅིག་གིས་གོ་ལའི་ཚ་དྲོད་རྒྱས་པའི་ཤུགས་རྐྱེན་དེ་འཛམ་གླིང་ལྷོ་སྣེ་དང་གཅིག་མཚུངས་བོད་ལའང་འབྱུང་བཞིན་ཡོད་སྟབས། བོད་ལ་འཛམ་གླིང་སྣེ་མོ་གསུམ་པར་འབོད་བཞིན་ཡོད། གནས་ཚུལ་དེ་དག་ཆབ་སྲིད་བསྒྲགས་གཏམ་མིན་པར་མཁས་པ་དང་ཚན་རིག་པ་སོགས་ཀྱིས་གཏན་འབེབས་གནང་བ་ཞིག་རེད། གནད་དོན་འདི་བོད་མི་ཙམ་མིན་པར་རྒྱ་ནག་ཚུད་པའི་འཛམ་གླིང་མི་འབོར་ཐེར་འབུམ་ལྷག་གི་འཚོ་གནས་དང་འབྲེལ་བ་ཡོད་པ། དེ་བཞིན། ཧི་མཱ་ལ་ཡི་ལྷོ་རྒྱུད་དུ་ཆགས་པའི་པ་ཀི་སི་ཐན་དང་བྷང་ལ་དྷེ་ཤེ རྒྱ་གར་སོགས་ཀྱང་ཚུད་ཡོད། པ་ཀི་སི་ཐན་བར་རྒྱུག་བཞིན་པའི་རྒྱུག་ཆུ་ཆེ་ཁག་གི་ཆུ་མགོ་བོད་ལ་ཡོད་པ་དང་། རྒྱུག་ཆུ་དེ་དག་ལ་མི་འབོར་ཐེར་འབུམ་གཅིག་ཙམ་གྱི་འཚོ་བརྟེན་ཡོད་སྟབས། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཐད་སེམས་འཚབ་ཆེན་པོའི་ཐོག་ནས་བསམ་བློ་གཏོང་རྒྱུའི་དུས་ལ་བབ་ཡོད། དེ་བཞིན། བོད་ཀྱི་ཁོར་ཡུག་ལ་འགྱུར་ལྡོག་ཕྱིན་ན་རྒྱལ་ཁབ་གཞན་ལ་དོ་ཕོག་འགྲོ་བཞིན་ཡོད་པ་མཁས་པ་ཁག་གཅིག་གིས་གསུངས་ཡོད་པ་རེད། དེར་བརྟེན། གནད་དོན་འདི་ཧ་ཅང་གལ་ཆེན་པོ་རེད། དེ་ཆབ་སྲིད་དང་ཆོས་ཀྱི་གནད་དོན་ཞིག་མིན་པར་འགྲོ་བ་མིའི་རིགས་ཀྱི་འཚོ་གནས་དང་འབྲེལ་བ་ཡོད་པ་རེད། ང་ཚོ་དུས་རབས་ ༢༠ ནང་མི་རྣམས་ཕལ་ཆེར་རྫོགས་འགྲོ་ཡི་ཡོད། ད་ཆ་དུས་རབས་ ༢༡ བསླེབས་ཡོད་པ་དང་། གཞོན་སྐྱེས་ཚོས་བོད་གཙོས་གོ་ལའི་གནམ་གཤིས་ཆེད་སྲུང་སྐྱོབ་ཀྱི་འབད་བརྩོན་མང་ཙམ་བྱེད་དགོས་ཀྱི་འདུག ཅེས་གསུངས་སོང་།

 

3333བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་གསུངས་དོན། ད་ལོའི་ཕྱི་ཟླ་ ༡༡ ཚེས་ ༣༠ ནས་ཕྱི་ཟླ་ ༡༢ ཚེས་ ༡༡ བར་དུ་ཧྥ་རན་སིའི་རྒྱལ་ས་ཕ་རེ་སི་ནས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་བསྐོང་རྒྱུ་ཡིན་པ་དང་། ཉེ་བའི་ལོ་ ༥ ནང་བོད་མིའི་སྒྲིག་འཛུགས་ཀྱི་ཁོར་ཡུག་ཚན་པ་ལོ་རྟག་པར་ཚོགས་འདུ་དེར་ཉམས་བཞུགས་གནང་གི་ཡོད་ཀྱང་། ད་རེས་ཀྱི་ཚོགས་འདུ་དེ་གལ་ཆེན་པོ་རྩི་བཞིན་ཡོད་སྟབས། ང་ཚོས་གོ་སྐབས་འདི་བཟུང་ནས་ཟླ་བ་གཅིག་ལྷག་རིང་ལ་ཚོགས་འདུ་འདིར་དམིགས་ནས་རྒྱལ་སྤྱིའི་སྟེང་བོད་ནང་གི་ཁོར་ཡུག་དང་འབྲེལ་བའི་གནམ་གཤིས་འགྱུར་ལྡོག་འགྲོ་བཞིན་པའི་གནད་དོན་གོ་རྟོགས་སྤེལ་རྒྱུར་འབད་བརྩོན་བྱས་པ་ཡིན། ད་རེབ་ཀྱི་ཚོགས་འདུ་ (COP21) ཞེས་པ་དེ་དོན་ཚན་གསུམ་གྱི་ཐོག་ནས་ང་ཚོ་དང་འབྲེལ་བ་ཆེན་པོ་ཞིག་ཆགས་འགྲོ་ཡི་ཡོད་པ་རེད། ༡༽ བོད་མཐོ་སྒང་གི་གནམ་གཤིས་དྲོད་ཚད་འཕར་བའི་གནས་སྟངས། ༢༽ འཁྱག་རོམ་ཞུ་བའི་གནས་སྟངས།  ༣༽ གཏན་འཇགས་འཁྱག་རིམ་གྱི་གནས་བབ་ཞན་དུ་འགྲོ་བ། ང་ཚོས་དེ་རེས་ལས་འགར་སྤེལ་བའི་བརྒྱུད་ལམ་གཙོ་བོ་སྤྱི་ཚོགས་དྲ་རྒྱའི་ཐོག་ནས་ཞུ་རྒྱུ་ཡིན་སྟབས། ལས་འགུལ་ནང་མི་མང་པོ་འཛུལ་བཞུགས་བྱ་རྒྱུའི་འབོད་སྐུལ་ཞུ་བཞིན་ཡོད། ཅེས་སོགས་གསུངས་སོང་།

 

5555སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། ཧྥ་རན་སིའི་རྒྱལ་ས་ཕ་རེ་སི་ནས་ཁོར་ཡུག་དང་གནམ་གཤིས་འགྱུར་ལྡོག་ཐོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་འདུ་གལ་ཆེན་ (COP21) ཞེས་པ་བསྐོང་གནང་གི་རེད། དེའི་ནང་ལ་འཛམ་གླིང་སྤྱི་ཡོངས་ཀྱི་རྒྱལ་ཁབ་ཁག་གི་སྐུ་ཚབ་ཕེབས་ཀྱི་ཡོད་པ་མ་ཟད། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ནས་མང་པོ་ཞིག་ཕེབས་ཀྱི་ཡོད་པ་རེད། དེའི་ནང་ང་ཚོའི་ཁོར་ཡུག་ཚན་པ་དང་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཕེབས་ཏེ། ཉི་མ་གཅིག་ལ་མཁས་དབང་དེ་འདྲ་གདན་འདྲེན་ཞུས་ནས་བོད་དེ་གལ་ཆེན་པོ་ཡིན་པའི་གོ་རྟོགས་ལས་འགུལ་སྤེལ་རྒྱུ་རེད། བོད་དུ་ཡོད་པའི་འཁྱག་པར་རྒྱ་རིགས་ཁོར་ཡུག་མཁས་དབང་ཚོས་ཉམས་ཞིབ་གནང་པའི་སྡོམ་བརྒྱབ་སྟེ། འདས་པའི་ལོ་ ༥༠ ནང་ལ་བོད་ལ་ཡོད་པའི་འཁྱག་པ་བརྒྱ་ཆའི་ ༥༠ ཞུ་ཚར་ཡོད་ཅིང་དེ་བཞིན་ ༢༠༥༠ བར་དུ་ཞུ་ཚར་རྒྱུའི་ཉེན་ཁ་འདུག དེ་ལྟར་བྱུང་ན་འཛམ་གླིང་ནང་ལ་གནམ་གཤིས་འགྱུར་ལྡོག་ལ་གནོད་སྐྱོན་ཆེན་པོ་ཞེ་དྲགས་ཡོང་གི་རེད་ཅེས་ནས་ཁོར་ཡུག་མཁས་དབང་ཚོས་བགྲོ་སློང་མིན་པའི་མོས་མཐུན་བྱེད་ཀྱི་ཡོད་པ་རེད། དེ་བརྟེན་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་སྟེང་ནས་དེ་བཞིན་གཟིགས་དགོས་ ཀྱི་འདུག དེ་བཞིན་བོད་ནང་ཁོར་ཡུག་སྲུང་སྐྱོབ་ག་རེ་བྱ་དགོས་ཀྱི་ཡོད་མེད་སྐོར་ལ་བགྲོ་གླེང་བྱ་དགོས་ཀྱི་འདུག་ཅེས་ནས་འབོད་སྐུར་ཞུ་རྒྱུ་ཡོད། ཅེས་སོགས་གསུངས་སོང་།

 

ཡིག་ཐོག་གི་གསལ་བསྒྲགས་ནང་བཀོད་དོན། མཐོ་སྒང་བོད་ནི་འཛམ་གླིང་ནང་འཁྱགས་རོམ་གྲངས་ ༤༦༠༠༠ ལྷག་ཡོད་སྟབས་འཁྱགས་རོམ་མང་ཤོས་གསུམ་པར་གྲགས་ཤིང་། འཛམ་གླིང་ནང་འཐུང་ཆུའི་ཆུ་མཛོད་ཆེ་ཤོས་ཡིན་པ་མ་ཟད། གཏན་འཇགས་འཁྱགས་རོམ་དང་འཁྱགས་རོམ་གྲངས་ཚད་ཧ་ཅང་རྒྱ་ཆེ་བས་ཨེ་ཤ་ཡའི་གླིང་ཆེན་གྱི་རྒྱུག་ཆུ་ཆེ་ཤོས་དྲུག་གི་ཆུ་སྒོ་ཆགས་ཏེ། འཛམ་གླིང་མི་འབོར་གསུམ་ཆ་གཅིག་གི་འཚོ་རྟན་དུ་གྱུར་ཡོད། འོན་ཀྱང་དེང་སྐབས་བོད་ནང་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་ཧ་ཅང་མངོན་གསལ་དོད་པོ་ཆགས་ཡོད། ཉེ་ལམ་བོད་ཀྱི་གནམ་གཤིས་དྲོད་ཚད་འཕར་བ་དེ་ཇེ་ཆེར་ཕྱིན་ནས་རོབ་རྩིས་བྱས་ན་ལོ་བཅུ་རེའི་མཚམས་སུ་དྲོད་ཚད་ 0.3 རྒྱས་བཞིན་ཡོད་སྟབས། འདས་པའི་ལོ་ངོ་ ༥༠ ནང་བོད་ཀྱི་གནམ་གཤིས་དྲོད་ཚད་ 1.3 degrees Celsius ཆེ་རུ་ཕྱིན་ཡོད། དེ་ནི་གོ་ལ་སྤྱིའི་གནམ་གཤིས་ཚ་དྲོད་རྒྱས་པའི་ཆ་སྙོམས་ཀྱི་གྲངས་ཚད་དང་བསྡུར་ན་ལྡབ་གསུམ་གྱི་ཆེ་བ་ཡོད།

 

གོ་ལའི་གནམ་གཤིས་འགྱུར་ལྡོག་ཕྱིན་པ་དེས་མཐོ་སྒང་བོད་ཀྱི་འཁྱགས་རོམ་མྱུར་ཚད་ཆེན་པོའི་ཐོག་བྲི་བ་དང་། གཏན་འཇགས་འཁྱགས་རོམ་ཉམས་ཆག་ཤུགས་ཆེན་འགྲོ་བཞིན་པ། དེ་བཞིན། རྩྭ་ཐང་རྣམས་རིམ་བཞིན་བྱེ་སར་འགྱུར་བཞིན་ཡོད། འདས་པའི་ལོ་ ༥༠ རིང་བོད་ཀྱི་འཁྱགས་རོམ་བརྒྱ་ཆ་ ༨༢ ཉུང་དུ་སོང་བ་མ་ཟད། ༢༠༥༠ ལོར་བོད་ཀྱི་འཁྱགས་རོམ་ད་ཡོད་ལས་གསུམ་ཆ་གཉིས་ཉུང་དུ་སོང་ནས་རྩ་མེད་དུ་འགྲོ་སྲིད། གོ་ལའི་གནམ་གཤིས་ལ་ཧ་ཅང་གལ་ཆེ་བའི་གཏན་འཇགས་འཁྱགས་རོམ་གྱི་གནས་སྟངས་ཛ་དྲག་ཅན་དུ་གྱུར་ཡོད། བོད་མཐོ་སྒང་ལ་མཚོན་ན་གཏན་འཇགས་འཁྱགས་རོམ་གྱི་ནག་རྫས་སམ་ carbon ཀར་བོན་ཚད་གཞི་ཊོན་ས་ཡ་ ༡༢༣༠༠ ཉར་ཚགས་བྱེད་བཞིན་ཡོད། གཏན་འཇགས་འཁྱགས་རོམ་དེ་རིགས་ཀྱི་བརྒྱ་ཆ་བཅུ་འདས་པའི་ལོ་བཅུའི་ནང་ཉམས་ཆག་ཕྱིན་ཡོད། དེ་བཞིན་བོད་ཀྱི་རྩ་ཐང་རྣམས་མྱུར་ཚད་ཧ་ཅང་ཆེན་པོས་བྱེ་སར་འགྱུར་བཞིན་ཡོད། དེ་ཡང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཐོ་ལྟར་ན། བོད་ཀྱི་རྩ་ཐང་ས་ཁྱོན་ཀི་ལོ་མི་ཊར་གྲུ་བཞི་མ་ ༢༣༣༠ ལོ་རེ་བཞིན་བྱེ་སར་འགྱུར་བཞིན་ཡོད།

 

ཐེངས་འདིར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ཁོར་ཡུག་ལྷན་ཚོགས་སྐབས་གྲོས་མཐུན་གསར་པ་ཞིག་གཏན་འབེབས་ཀྱིས་ལག་བསྟར་ཐོག་ནས་ཡར་རྒྱས་འགྲོ་ཐུབ་དགོས། གྲོས་མཐུན་དེ་དག་ལ་སྲིད་གཞུང་ཚང་མས་ཕྱི་གསལ་ནང་གསལ་དང་ཆོད་སེམས་བརྟན་པོས་རྒྱབ་སྐྱོར་གནང་དགོས། ཕ་རེ་སིར་ལྷན་ཚོགས་ནང་ཆེད་ཕེབས་དབུ་ཁྲིད་རྣམ་པས་བོད་མཐོ་སྒང་དེ་གོ་ལའི་གནམ་གཤིས་ཡག་པོ་ཡོང་བར་ཧ་ཅང་གལ་ཆེ་ཡིན་པར་ངོས་འཛིན་ཐོག ལྷན་ཚོགས་སྐབས་བརྗོད་གཞི་གཙོ་བོར་བཞག་ནས་གོ་ལའི་གནམ་གཤིས་སྲུང་སྐྱོབ་ཆེད་གྲོས་ཆོད་ཤུགས་ཆེན་པོ་ཞིག་འཇོག་ཐབས་གནང་དགོས། ཞེས་སོགས་འཁོད་འདུག

 

གསར་འགོད་པ། འཇིགས་མེད་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༨ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༨ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༡༣ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese