མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱུ་མཚན་ལྔ་ཡི་ཐོག་ནས་བོད་དོན་ཐག་མ་ཆོད་བར་དུ་ཡལ་མི་སྲིད།

བོད་ཀྱི་དུས་བབ།
༢༠༡༥/༡༠/༢༦
Share on FacebookShare on TwitterShare on EmailShare on Whatsapp

 

གནད་དོན་མེད་ན་རྒྱ་ནག་གཞུང་གིས་བོད་རྒྱ་གཉིས་ཀྱི་མཐུན་སྒྲིལ་ཐད་སྔར་ལས་ཤུགས་སྣོན་དགོས་པ་རྒྱུན་དུ་བཤད་དགོས་དོན་མེད་ཟེར།

 

 

DSC_1856དེ་རིང་ཉིན་རྒྱབ་ཆུ་ཚོད་ ༢ པ་ཐོག དྷ་ས་ནོར་བུ་མགྲོན་ཁང་གི་ཚོགས་ཁང་ནང་དུ། རྒྱལ་སྤྱིའི་བོད་རྒྱ་སྨྱུག་ཚོགས་ཀྱི་གོ་སྒྲིག་འོག ད་ལྟའི་བོད་རྒྱའི་ཆབ་སྲིད་གནས་བབ་དང་མ་འོངས་འཕེལ་ཕྱོགས་ཞེས་པའི་བརྗོད་གཞིའི་འོག་རྒྱ་སྐད་ཀྱི་བགྲོ་གླེང་ཚོགས་འདུ་ཐེངས་གཉིས་པ་སྐོང་ཚོགས་གནང་སོང་བ་དང་། ཐེངས་འདིའི་བགྲོ་གླེང་ཐོག་ཐའེ་ཝན་ཀྲུང་ཧྭ་སློབ་གྲྭ་ཆེན་པོའི་སློབ་དཔོན་སྐུ་ཞབས་ཙིན་ཅན་ཡོན་ལགས་དང་ཧོང་ཀོང་གི་རང་དབང་རྩོམ་པ་པོ་སྐུ་ཞབས་ཡང་ཁེ་ལིང་ལགས། དེ་བཞིན། བོད་མི་མང་སྤྱི་འཐུས་དང་བོད་རྒྱ་སྨྱུག་ཚོགས་ཀྱི་ཚོགས་གཙོ་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་བཅས་ཀྱིས། རྒྱ་ནག་གཞུང་གི་དྲག་པོའི་དབང་བསྒྱུར་ལ་འཐབ་རྩོད་བྱེད་མཁན་གྱི་ས་ཁུལ་མི་འདྲ་བ་གསུམ་གྱི་ཞི་ཅིན་ཕིན་གཞུང་གི་དབང་བསྒྱུར་སྲིད་བྱུས་ལ་ལྟ་ཚུལ་དང་། ལྷག་པར་དུ་རྒྱའི་དབང་བསྒྱུར་འོག་གི་བོད་ཀྱི་གནས་སྟངས་སོགས་ཀྱི་སྐོར་གཏམ་བཤད་གནང་སོང་བ་དང་། དེའི་རྗེས་ཐའེ་ཝན་སློབ་གྲྭ་ཆེན་པོའི་རྒྱལ་ཁབ་གོང་སྤེལ་ཉམས་ཞིབ་ཁང་གི་འབུམ་རམས་པ་སྐུ་ཞབས་ཝོ་ཞིང་ཅེན་ལགས་ཀྱིས་གཏམ་བཤད་པ་རྣམ་པའི་སྐད་ཆར་དཔྱད་བརྗོད་གནང་བ་དང་འབྲེལ། སྔར་ལས་བོད་དོན་བདེན་མཐའ་སེལ་བར་ནུས་པ་མཉམ་དུ་སྤུངས་དགོས་སྐོར་གྱི་འབོད་སྐུལ་གནང་སོང་། དེ་ནས་བགྲོ་གླེང་ནང་ཞུགས་པའི་ཕྱི་དྲིལ་རྒྱ་ཡིག་ཚན་པ་དང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འབྲེལ་ཡོད་ལས་བྱེད། དེ་བཞིན་འབྲེལ་བ་ལས་ཁུངས་ཀྱི་ལས་བྱེད་རྣམས་དང་ལྷན་དུ་དྲི་བ་དྲིས་ལན་བཅས་གནང་སོང་།

 

 

ཙིན་ཅན་ཡོན་ལགས།བགྲོ་གླེང་ཐོག་སྐུ་ཞབས་ཙིན་ཅན་ཡོན་ལགས་ཀྱིས་ཁོ་རང་དམའ་འབྲིང་ཡིན་སྐབས་ནས་བོད་དོན་སྐོར་ལ་དོ་སྣང་བྱུང་སྟེ་ད་ལྟའི་བར་ལོ་ངོ་ཉི་ཤུ་སུམ་ཅུའི་ཕྱིན་ཡོད་སྐོར་དང་། ཞི་ཅིན་ཕིན་གྱིས་རྒྱ་ནག་གི་སྲིད་དབང་བཟུང་སྟེ་ལོ་ངོ་ ༣ ལྷག་ཕྱིན་པའི་རིང་ཐའེ་ཝན་གོ་མིན་ཏང་སྲིད་གཞུང་དང་རྒྱ་ནག་བར་གྱི་ཚོང་འབྲེལ་དང་རིག་གཞུང་བརྗེ་རེས་ཀྱི་འབྲེལ་བ་ཤུགས་ཆེ་རུ་ཕྱིན་ཡོད་པ་ཧ་ཅང་མངོན་གསལ་ཡིན་ནའང་། ཆབ་སྲིད་ཀྱི་ཐོག་ནས་ཉི་དགའ་མེ་ཏོག་གི་ལས་འགུལ་བྱུང་བ་སོགས་འབྲེལ་བ་སྔར་ལས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་མ་ཟད། སང་ལོར་ཐའེ་ཝན་དམངས་གཙོ་ཡར་སྐུལ་ཚོགས་པར་རྒྱལ་ཁ་འཐོབ་ཏེ་ཐའེ་ཝན་སྲིད་གཞུང་འཛིན་རྒྱུ་ཡིན་པར་བརྒྱ་ཆ་བརྒྱ་ཐམ་པ་ཡིད་ཆེས་ཡོད་པ་དང་། དེ་བཞིན་བོད་ཀྱི་གནད་དོན་ཡང་ཛ་དྲག་ཏུ་འགྲོ་བཞིན་ཡོད་པ་ལས་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་ཕྱིན་མེད་སྐོར་བརྗོད་པ་དང་འབྲེལ་ཁོང་གིས། ཞི་ཅིན་ཕིན་གྱི་ད་ལྟའི་དབང་ཤུགས་དེ་ཧུའུ་ཅིན་ཐའོ་དང་ཅང་ཙི་མེན་གྱི་སྐབས་ཀྱི་དབང་ཤུགས་ལས་བརྒལ་ཟིན་པར་བརྟེན། ཞི་ཅིན་ཕིན་ལ་བོད་རྒྱ་གཉིས་ཀྱི་ད་ལྟའི་གནས་སྟངས་ལ་འགྱུར་བ་གཏང་བའི་གོ་སྐབས་མང་བ་ཡོད་པ་རེད། བོད་རྒྱའི་གནས་སྟངས་ཐད་རྒྱ་གཞུང་ལ་རང་མོས་ཀྱིས་ཐག་གཅོད་བྱེད་པའི་དབང་ཆ་ཆེན་པོ་ཡོད་དུས། ང་ཚོས་རྒྱ་གཞུང་ལ་སྔར་ལས་འབོད་སྐུལ་དང་རྒྱུ་ཆ་མང་བ་མཁོ་སྤྲོད་བྱས་ཏེ། ང་ཚོས་བོད་རྒྱའི་མདུན་ལམ་སྐོར་གྱི་ལྟ་སྟངས་ཤེས་རྟོགས་བྱུང་དུ་འཇུག་དགོས། ང་ཚོས་ཐབས་ལམ་བཙལ་ཏེ་དེང་སང་གི་བརྒྱུད་ལམ་སྣ་མང་ཅན་བརྒྱུད་ནས་ང་ཚོའི་འབོད་སྒྲ་དེ་རྒྱ་ནག་སྐམ་སའི་ནང་ཁྱབ་ཐབས་བྱེད་དགོས་པ་རེད། ང་ཚོ་ཐའེ་ཝན་ལ་མཚོན་ན། རྒྱ་རིགས་འདུས་སྡོད་ཀྱི་ས་ཁུལ་ཁག་གི་ནང་ནས་སྨྲ་བརྗོད་རང་དབང་དང་གསར་འགྱུར་རང་དབང་ཆེས་ཡར་རྒྱས་ཕྱིན་པའི་ས་ཁུལ་ཞིག་ཡིན་སྟབས། གལ་སྲིད་བཙན་བྱོལ་བོད་མིའི་སྤྱི་ཚོགས་འདི་ཐའེ་ཝན་དང་སྔར་ལས་འབྲེལ་འདྲིས་ཆེན་པོ་བྱུང་བ་ཡིན་ན། ཐའེ་ཝན་གྱི་གསར་འགྱུར་བརྒྱུད་ལམ་བརྒྱུད་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་འབོད་སྒྲ་དེ་ཐའེ་ཝན་མི་མང་གྱིས་རྒྱ་ནག་ནང་ལོགས་སུ་སྐྱེལ་ཐུབ་པ་རེད། ཅེས་བརྗོད་སོང་།

 

 

ཡང་ཁེ་ལིང་ལགསདེའི་རྗེས་སྐུ་ཞབས་ཡང་ཁེ་ལིང་ལགས་ཀྱིས་ཁོ་བོ་དེ་སྔོན་བཅིངས་གྲོལ་དམག་མི་ཞིག་ཡིན་པ་དང་། ལོ་རབས་བདུན་ཅུ་པའི་ལོ་སྟོད་དུ་བོད་ནང་ཕྱིན་ཏེ་ལོ་རྒྱུས་རང་བཞིན་ལྡན་པའི་པར་མང་པོ་བརྒྱབ་པ་དང་། ཐེངས་ཤིག་ཡར་ཀླུང་གཙང་བོའི་ནང་ལྷུང་གྲབས་བྱེད་སྐབས་བོད་མི་ཁག་ཅིག་གིས་ཁོ་བོའི་སྲོག་བསྐྱབས་པར་བརྟེན། བོད་མི་རིགས་ནི་བྱམས་བརྩེ་ལྡན་པའི་མི་རིགས་བཟང་པོ་ཞིག་ཡིན་པའི་བག་ཆགས་ཟབ་མོ་བཞག་པ་མ་ཟད། ཕྱི་ལོ་ ༡༩༩༢ ལོར་ཁོ་བོ་ཧོང་ཀོང་ནང་བསྐྱབས་བཅོལ་དུ་ཕྱིན་རྗེས། དྷ་རམ་ས་ལར་ཡོང་སྟེ་༧གོང་ས་མཆོག་ལ་མཇལ་བཅར་ཐེངས་འགའ་ཞུ་རྒྱུ་བྱུང་བ་དང་། མི་ཁ་ཤས་ཀྱིས་བཤད་པ་ལྟར་༧གོང་ས་མཆོག་གིས་བོད་རང་བཙན་རྩོད་ལེན་གནང་གི་མེད་པ་དང་རྒྱ་ནག་ལའང་ཐུགས་བརྩེ་ཆེན་པོ་ཡོད་པ་ཤེས་རྟོགས་བྱུང་སྐོར་བརྗོད་པ་དང་འབྲེལ་ཁོང་གིས། རྒྱ་གཞུང་གིས་ཆེས་ཐོག་མ་ནས་བོད་རྒྱ་གཉིས་ཀྱི་མཐུན་སྒྲིལ་ལ་སྔར་ལས་ཤུགས་སྣོན་དགོས་ཞེས་པའི་སྐད་ཆ་དེ་ངས་བལྟས་ན་ཧ་ཅང་གལ་ཆེན་པོ་རེད། གལ་སྲིད་ཕན་ཚུན་བར་གནད་དོན་མེད་པ་ཡིན་ན་སྔར་ལས་ཤུགས་སྣོན་དགོས་དོན་མེད། སྔར་ལས་ཤུགས་སྣོན་དགོས་ཚེ་གནད་དོན་ཡོད་པ་ཡིན་པས་ཡག་པོ་བྱས་ནས་ཐག་གཅོད་བྱེད་དགོས་པ་རེད། ཡང་དོན་གནད་གལ་ཆེན་གཞན་ཞིག་ཡོད་པ་ནི། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ཀྱི་བརྟན་བརླིང་སྲུང་སྐྱོབ་བྱེད་དགོས་ཟེར་བ་དེ་རེད། བོད་ཀྱི་བརྟན་བརླིང་སྲུང་སྐྱོབ་བྱེད་པ་དེ་གལ་ཆེན་པོ་ཞེ་དྲགས་ཤིག་ཏུ་རྩི་ཡི་ཡོད་པ་རེད། ངས་བལྟས་ན་དེ་གཉིས་ཧ་ཅང་གལ་གནད་ཆེན་པོ་རེད་བསམ་གྱི་འདུག དེ་མིན་དྲིལ་བསྒྲགས་བྱེད་ཕྱོགས་དང་ད་རུང་ཡིག་ཆ་རྫབ་བེ་རྫོབ་བེ་དེ་ཚོའི་ནང་གི་སྐད་ཆ་གཟན་པོ་དེ་ཚོས་ཞི་ཅིན་ཕིན་གྱི་ལངས་ཕྱོགས་མཚོན་ཐུབ་ཀྱི་མ་རེད་བསམ་གྱི་འདུག ཅེས་དང་། རྭ་སྒྲེང་རིན་པོ་ཆེ་ནི་བོད་ཀྱི་ལོ་རྒྱུས་ཐོག་ནས་ནམ་ཡང་བརྗེད་མི་རུང་བའི་མི་སྣ་བྱས་རྗེས་ཅན་ཞིག་ཡིན་སྐོར་སོགས་བརྗོད་སོང་།

 

 

3དེ་ནས་བོད་རྒྱ་སྨྱུག་ཚོགས་ཀྱི་ཚོགས་གཙོ་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་ཞི་ཅིན་ཕིན་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་སྐོར་ལ་ཁོང་གིས། ཞི་ཅིན་ཕིན་གྱིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུའི་སྲིད་བྱུས་ཀྱི་བསྡོམས་འདྲ་བོ་དེ་ག་རེ་བྱས་ནས་ཡོང་པ་རེད་ཞུས་པ་ཡིན་ན། བོད་ནང་གི་སྲིད་བྱུས་དེ་གང་ལ་གང་འཚམ་གྱིས་འགྱུར་བ་བཏང་སྟེ་བོད་ཀྱི་ས་ཁུལ་ཡོངས་རྫོགས་ཀྱི་སྲིད་བྱུས་གཅིག་འཛིན་པའི་ཐོག་ལ་སྲིད་བྱུས་བཏིང་བ་དང་། བོད་ཀྱི་འཛུགས་བསྐྲུན་གྱི་ཐད་ནས་མི་མང་གི་འཚོ་བ་ཡར་རྒྱས་གཏོང་བ་དང་། སློབ་གྲྭ་ཁག་གི་སློབ་ཡོན་མེད་པ་བཟོ་བ་སོགས་ཤེས་ཡོན་སྲིད་བྱུས་དང་། དམིགས་བསལ་གྱིས་ཁོར་ཡུག་སྲུང་སྐྱོབ་ཐད་འགྱུར་བ་ཤུགས་ཆེན་པོ་ཞིག་འགྲོ་ཡི་ཡོད་པ་དེ་ཚོ་ང་ཚོས་མཐོང་དགོས་པ་རེད། ཡིན་ཡང་རྒྱལ་སྤྱིའི་གནོན་ཤུགས་དང་ཡང་ན་འབོད་སྐུལ། བོད་མིའི་སྒྲིག་འཛུགས་ཀྱིས་བཏོན་པའི་སྲིད་བྱུས་དེ་ཚོར་ཡ་མི་བྱེད་པའི་ངོ་བོ་ཞིག་ཏུ་ཕྱི་ནས་བལྟས་ན་འགྲོ་ཡི་ཡོད་ཀྱང་། ཞི་ཅིན་ཕིན་གྱི་གཏམ་བཤད་ཀྱི་མཇུག་སྡོམ་གཙོ་བོའི་ནང་། དབུ་མའི་ལམ་ལ་ངོས་ལེན་མེད་སྐོར་ཡོད་པ་མ་རེད། རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱིས་ཕྱིས་སུ་བྲིས་བཞག་པ་ཞིག་རེད། དོན་དག་རྡོག་རྡོག་དེ་རྒྱ་ནག་ཁ་བྲལ་གཏོང་མཁན་ལ་རྡུང་རྡེག་གཏོང་དགོས་ལབ་ཡོད་པ་རེད། དེ་རྒྱལ་ཁབ་སུ་ཡིན་ཡང་ལབ་དགོས་པ་རེད། ཡིན་ཡང་ཁྱོན་ཡོངས་ནས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་དང་མི་གྲངས་འཕེལ་རྒྱས་འགོག་ཐབས། མི་མང་གི་འཚོ་བ་ཡར་རྒྱས་གཏོང་བའི་ཐོག་སྲིད་བྱུས་དང་མ་འདྲ་བ་ཞིག་གི་སྟེང་ནས་ཡོང་དགོས་པ་ཡིན་དུས། ང་ཚོས་ངོ་བོ་གཉིས་ལ་བལྟས་ཏེ། བོད་ནང་ལ་ག་འདྲ་བྱས་ནས་འགྲོ་ཡི་འདུག ཕྱི་ལ་ག་འདྲ་བྱས་ནས་འགྲོ་ཡི་འདུག་དེར་ལྟ་དགོས་པ་དེ་གལ་ཆེན་པོ་རེད། ཅེས་དང་།

 

 

ཡང་ཁོང་གིས་བོད་ཀྱི་གནད་དོན་དེ་ཐག་མ་ཆོད་ཀྱི་བར་དུ་མེད་པ་ཆགས་མི་སྲིད་པའི་སྐོར་ལ་རྒྱུ་མཚན་ལྔ་བགྲངས་དོན།

༡༽ ང་ཚོ་བོད་ལ་མི་རིགས་གཞན་དང་མ་འདྲ་བར་བོད་ཕྱི་ནང་གཉིས་ཀྱིས་དད་པ་དང་བརྩི་བཀུར་ཞུ་སའི་རྒྱལ་སྤྱིའི་སྙན་གྲགས་ཅན་གྱི་མགོ་ཁྲིད་ཅིག་ཡོད་པ་དེ། བོད་མི་རྣམས་ཁ་འཐོར་དུ་མི་འགྲོ་བར་རྡོག་རྩ་ཆིག་སྒྲིལ་གྱིས་ནུས་པ་གཅིག་ཏུ་སྤུངས་ཐུབ་པའི་ནུས་སྟོབས་གལ་ཆེ་ཤོས་ཤིག་ཆགས་ཡོད་པ་རེད།

 

༢༽ བོད་ནང་གི་བོད་མི་ཚོའི་ཞུམ་པ་མེད་པའི་སྙིང་སྟོབས་ཏེ་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སྲུང་སྐྱོབ་ཆེད་རང་སྲོག་བློས་གཏོང་དགོས་ཀྱང་གཏོང་པའི་སྙིང་སྟོབས་ཡོད་པར་བརྟེན། བོད་ཀྱི་གནད་དོན་དེ་དུས་ནམ་ཡང་ཡལ་མི་སྲིད་པའི་ང་ཚོའི་སྨོན་འདུན་འདྲ་བོ་དེ་ཆགས་ཡོད་པ་རེད།

 

༣༽ སུ་གང་གིས་བཅད་མ་ཐུབ་པའི་བོད་ཕྱི་ནང་གཉིས་ཀྱི་འབྲེལ་ཐག་དེ་རེད། གལ་སྲིད་ང་ཚོའི་གཞུང་དང་མི་མང་བར་གྱི་འབྲེལ་ལམ་ཆད་པ་ཡིན་ན་ང་ཚོར་ནུས་སྟོབས་གང་ཡང་མེད་པ་ཆགས་འགྲོ་ངེས་རེད། ཡིན་ནའང་། ང་ཚོ་ཆོས་ལ་དད་པ་ཡོད་པ་དང་། སྐད་ཡིག་དང་རིག་གཞུང་ལ་བརྩེ་བ་ཡོད་སྟབས། བོད་ཕྱི་ནང་གཉིས་ཀྱི་གདུང་སེམས་མཉམ་སྐྱེད་ཀྱི་འབྲེལ་ལམ་རྩ་བ་ནས་ཆད་མེད་པ་མ་ཟད། ནུས་པ་དེ་མ་འོངས་པར་བོད་ཀྱི་གནད་དོན་ཐག་གཅོད་བྱ་ཐུབ་པའི་འགུལ་ཤུགས་ཆེ་ཤོས་དེ་རེད།

 

༤༽ ༧གོང་ས་མཆོག་དགོངས་པ་རྫོགས་སྲིད་ཀྱང་ཡང་སྲིད་ཕེབས་ངེས་རེད། ང་ཚོ་བོད་པ་ཁྱིམ་ཚང་གཅིག་ནང་བཞིན་སྡོད་ཐུབ་པ་དེ། རང་དབང་དམངས་གཙོའི་ངོ་བོར་བསྒྱུར་བའི་ནུས་པ་ལྡན་པའི་བོད་མིའི་སྒྲིལ་འཛུགས་ཀྱི་གཞུང་ཞིག་ཡོད་པ་རེད། གལ་སྲིད་གཞུང་དེ་མེད་པ་ཡིན་ན། ང་ཚོ་མི་སྒེར་དང་ཚོགས་པ་ཁག་གི་ནུས་སྟོབས་ག་ཚོད་ཆེན་པོ་ཆགས་པ་ཡིན་ནའང་མ་འོངས་པར་རྒྱ་མཚོ་ལྟ་བུའི་འཛམ་གླིང་རྒྱལ་ཁབ་ནང་ཡལ་འགྲོ་ཡི་རེད། ཡིན་ཡང་ང་ཚོར་གཞུང་ཡོད་པའི་བཀའ་དྲིན་གྱིས་བོད་མི་ཡོངས་རྫོགས་རྡོག་རྡོག་བྱས་ནས་གནས་ཐུབ་པ་ཞིག་ཡིན་དུས། བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འདི་མུ་མཐུད་གནས་དགོས་པ་དེ་མ་འོངས་པར་བོད་ཀྱི་གནད་དོན་ཐག་གཅོད་བྱེད་པའི་རེ་བ་ཆེ་ཤོས་དེ་ཆགས་ཀྱི་ཡོད་པ་རེད།

 

༥༽ རྒྱལ་སྤྱིའི་ངོ་བོ་འགྱུར་བཞིན་པའི་བོད་ཀྱི་གནད་དོན་དེ་རེད། རྒྱ་གཞུང་གིས་བོད་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུའི་མོས་པ་དང་འཆར་གཞི་མེད་པ་ཡིན་ནའང་། བོད་ཀྱི་གནད་དོན་རྒྱལ་སྤྱིའི་སྟེང་ཤུགས་ཆེན་པོ་ཁྱབ་བསྒྲགས་བྱེད་དགོས་པ་དང་། ག་དུས་ཡིན་ནའང་རྒྱལ་སྤྱིའི་ཐོག་བོད་ཀྱི་གནད་དོན་དེ་མ་ཤི་བ་བཟོ་དགོས་པ་རེད། རྒྱལ་སྤྱིའི་ཐོག་ནས་ཡིན་ནའང་བོད་ཀྱི་གནད་དོན་ཐོག་དོ་སྣང་བྱེད་མཁན་དང་རྒྱབ་སྐྱོར་བྱེད་མཁན་མི་མང་རང་གི་ནང་རྒྱ་ཆེན་པོ་ཞེ་དྲགས་ཡོད་པ་ཡིན་དུས། རྒྱལ་སྤྱིའི་མགོ་ཁྲིད་ཚོས་རྒྱ་ནག་གི་མགོ་ཁྲིད་ཚོར་ག་དུས་ཡིན་ནའང་བོད་ཀྱི་གནད་དོན་ཐག་གཅོད་དགོས་སྐོར་ལབ་བསྡད་དགོས་པ་ཞིག་ཆགས་ཡོད་དུས། རྒྱ་ནག་གིས་ངེས་པར་དུ་དེར་ཅིག་མ་བྱས་ན་འགྲིག་ས་མ་རེད་བསམ་པའི་གནད་དོན་མི་ཡོང་ཀ་མེད་རེད། དེར་བརྟེན་ང་ཚོས་དོན་ཚན་ ༥ དེ་རྡོག་རྡོག་བྱས་ནས་བསྡད་པ་ཡིན་ན་ང་ཚོའི་རེ་བ་དང་ནུས་སྟོབས་ཆགས་ཡོད་པ་རེད། དེའི་ནང་གི་གང་རུང་ཞིག་མེད་པའི་ཉིན་མོར་ང་ཚོའི་ནུས་སྟོབས་ཉམས་འགྲོ་ཡི་རེད། དེ་མེད་པ་ཆགས་དུས་རྒྱ་ནག་གིས་ང་ཚོར་འབྲེལ་མོལ་བྱ་རྒྱུ་མ་རེད་ལ། བོད་ཀྱི་གནད་དོན་བཤད་དགོས་པ་མེད། ང་ཚོ་བོད་མི་ཡོངས་སུ་ཚར་འགྲོ་བའི་ཉེན་ཁ་ཞིག་ཆགས་ཀྱི་ཡོད་པ་རེད། ཅེས་བརྗོད་སོང་།

 

 

གཏམ་བཤད་ཀྱི་མཇུག་ཏུ་སྐུ་ཞབས་ཝོ་ཞིང་ཅེན་ལགས་ཀྱིས་གཏམ་བཤད་པ་རྣམ་པའི་སྐད་ཆར་དཔྱད་བརྗོད་གནང་བ་དང་འབྲེལ། དེ་རིང་གི་བོད་པ་ཚོས་སོ་སོའི་རང་བཙན་རྒྱལ་ཁབ་སླར་གསོ་དང་། སྐད་ཡིག་དང་ཆོས་ལུགས། རིག་གཞུང་བཅས་སྲུང་སྐྱོབ་ཐུབ་པ་དང་། དེ་བཞིན་༧གོང་ས་མཆོག་ཕྱིར་བོད་དུ་གདན་འདྲེན་ཞུ་རྒྱུ་སོགས་བོད་རིགས་མི་མང་གི་འབོད་སྒྲ་དེ་རྒྱལ་སྤྱིའི་སྤྱི་ཚོགས་ནང་གོ་ཐོས་ཐུབ་པར་འབད་བརྩོན་དགོས་ལ། རྒྱ་རིགས་ཤེས་ཡོན་པ་ཚོས་ད་ལྟ་ལས་ལྷག་གིས་འབད་བརྩོན་མང་པོ་བྱེད་དགོས་པ་དང་། དབུས་བོད་མིའི་སྒྲིག་འཛུགས་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས། དེ་བཞིན་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་འབད་བརྩོན་གནང་བཞིན་ཡོད་པ་ལས་ལྷག་གིས། བོད་དང་རྒྱ་མིའི་བར་ལྷད་མེད་ཀྱི་ལངས་ཕྱོགས་བཟུང་སྟེ། བོད་ཀྱི་སྐད་ཡིག་དང་ཆོས་ལུགས། རིག་གཞུང་། དེ་བཞིན་བོད་མིའི་མངོན་འདོད་ལྟར་༧གོང་ས་མཆོག་བོད་དང་ཕོ་བྲང་པོ་ཏ་ལའི་ནང་ཞབས་སོར་འཁོད་ཐུབ་པར་རྒྱ་རིགས་ཤེས་ཡོན་ཚོས་རྒྱ་ནག་གཞུང་དང་འཁུར་མཉམ་ལེན་དགོས་སྐོར་བརྗོད་སོང་།

 

 

བོད་རྒྱ་སྨྱུག་ཚོགས་དེ་ཕྱི་ལོ་ ༢༠༠༩ ལོར་སུད་སི་ཇེ་ནེ་ཝ་རུ་ཚོགས་པའི་བོད་རྒྱ་ཚོགས་ཆེན་གྱི་གྲོས་ཆོད་གཞིར་བཟུང་ཐའེ་ཝན་དུ་བཙུགས་ཤིང་། ཨ་རིའི་ནང་དེབ་སྐྱེལ་བྱས་ཟིན་པའི་ཚོགས་པ་ཞིག་ཡིན་ལ། ད་ལྟའི་ཆར་བོད་མི་ ༤ དང་རྒྱ་རིགས་ ༣ བཅས་རྒྱུན་ལས་བདུན་དང་། ཚོགས་མི་ ༡༠ ལྷག་ཡོད་ཅིང་། མ་འོངས་པར་ཚོགས་མི་བསྡུ་རུབ་ཀྱི་ལས་གཞི་དངོས་སུ་མགོ་འཛུགས་འཆར་ཡོད་འདུག ཚོགས་པ་དེའི་དམིགས་ཡུལ་གཙོ་བོ་ནི་བོད་ཀྱི་གནད་དོན་དེ་རྒྱའི་སྤྱི་ཚོགས་ནང་ཁྱབ་བསྒྲགས་བྱེད་པའི་ཆེད་དུ་ཡིན་ལ། ད་ལྟའི་ཆར་ང་ཚོའི་སྤྱི་ཚོགས་ནང་རྒྱ་ཡིག་ཐོག་ནས་བོད་དོན་སྐོར་གྱི་རྩོམ་ཡིག་འབྲི་མཁན་ཉུང་ཉུང་ཡིན་སྟབས། ཚོགས་པ་དེ་བརྒྱུད་བོད་མིའི་ངོས་ནས་བོད་དོན་སྐོར་གྱི་རྒྱུ་ཆ་གང་མང་རྒྱ་མི་ཚོར་མཁོ་སྤྲོད་བྱས་ཏེ། རྒྱ་རིགས་ནང་བོད་དོན་སྐོར་གྱི་རྩོམ་ཡིག་སྤེལ་མཁན་མང་པོ་ཡོང་ཐུབ་པའི་ཆེད་དུ་ཡིན་འདུག

 

 

གསར་འགོད་པ། འཇིགས་མེད་རྒྱ་མཚོ་དང་པདྨ་མཚོ།

 

 

འབྲེལ་ཡོད་གསར་འགྱུར།

Front Slider

༧རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཐུགས་དགོངས་དང་དེའི་གལ་གནད་སྐོར་ལ་གླེང་མོལ།

ཆུ་ཚོད་ ༤ སྔོན་ལ།
Mobile App

དྷ་ས་ཁུལ་གྱི་ཁང་རྙིང་དག་ལ་ཀ་བ་ཡོད་མེད་སོགས་ཞིབ་འཇུག་གནང་གལ་ཆེ་སྐོར་བརྗོད་སོང་།

ཆུ་ཚོད་ ༡༩ སྔོན་ལ།
༧གོང་ས་མཆོག་ནས་ཟངས་དཀར་དུ་ལམ་གཙོ་རྣམ་གསུམ་གྱི་བཀའ་ཆོས་སྩལ།༢༠༢༥།༠༧།༢༥ དུས་བབ་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

བོད་ནང་དུས་ལོག་བྱུང་སྐབས་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བ་བྱས་པར་ཧ་ཅང་ཕན་ཐོགས་བྱུང་ཞེས་གསུངས།

ཆུ་ཚོད་ ༡༩ སྔོན་ལ།
དྲ་འབུས་སིམ་འཛུལ་བྱས་པའི་བོད་ཀྱི་ཐེབས་རྩའི་དྲ་རྒྱ།
Mobile App

གོ་སྟོན་སྐབས་མཉེན་ཆས་རྫུན་མ་བཟོས་ཏེ་བཙན་བྱོལ་བོད་མིར་འཇབ་རྒོལ་བྱས་ཡོད།

ཆུ་ཚོད་ ༢༠ སྔོན་ལ།
Newcastle Lord Mayor Ross Kerridge and Chinese Consul General Wang Yu.
Mobile App

རྒྱ་ནག་གཞུང་ཚབ་པས་གནས་མཁར་གསར་གྱི་བོད་མི་དང་ཐའེ་ཝན་གྱི་མི་མང་ལ་རོགས་རམ་གནང་རྒྱུ་མེད་པའི་ངན་སྐུལ་བྱས།

ཆུ་ཚོད་ ༢༡ སྔོན་ལ།
Mobile App

བོད་མི་མང་སྤྱི་འཐུས་ཁག་ཅིག་ཞུ་གཏུག་བྱས་པའི་གནད་དོན་ཐོག་གསར་འགོད་གསལ་བསྒྲགས་བྱས་སོང་།

ཆུ་ཚོད་ ༢༢ སྔོན་ལ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese