མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐྱབས་བཅོལ་བའི་ཛ་དྲག་གནས་སྟངས།

བོད་ཀྱི་དུས་བབ།
༢༠༡༥/༡༠/༢༦
Share on FacebookShare on TwitterShare on EmailShare on Whatsapp

 

ཡུ་རོབ་མཐུན་ཚོགས་ཀྱིས་དཀྱིལ་ཤར་ཡུལ་གྲུ་ནས་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་ཏུ་སྐྱབས་བཅོལ་ཡོང་མཁན་ཚོའི་དཀའ་སྡུག་སེལ་ཐབས་སྐོར་ལ་གྲོས་མོལ་བྱས་འདུག

 

_86323719_86323718ཁ་སང་སྦེལ་ལྗམ་རྒྱལ་ས་སྦར་སིལ་དུ་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་གཙོ་ཇེན་ཁཱོ་ལོ་ཌི་ཇུན་ཁཱར་ (Jean-Claude Juncker) ལགས་ཀྱིས། མཐུན་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་ ༡༠ ཡི་མགོ་ཁྲིད་དང་། ཡུ་རོབ་ཀྱི་ལྷོ་ཤར་རྒྱལ་ཁབ་ཨལ་བྷ་ནི་ཡ་དང་སར་བྷེ་ཡ། མ་སི་ཌོ་ནི་ཡ་བཅས་ཀྱི་མགོ་ཁྲིད་བར་ཛ་དྲག་གི་ཚོགས་འདུ་བསྡུས་ཏེ། ཡུ་རོབ་མཐུན་ཚོགས་ཀྱིས་བདུན་ཕྲག་གཅིག་ནང་ཚུད་དུ་སི་ལོ་ཝེ་ནི་ཡར་ཉེན་རྟོག་པ་ ༤༠༠ བཏང་ནས་སྐྱབས་བཅོལ་བར་རོགས་རམ་བྱ་རྒྱུ་དང་། སྐྱབས་བཅོལ་བ་རྒྱལ་ཁབ་གཅིག་ནས་རྒྱལ་ཁབ་གཞན་ལ་གནས་སྤོ་སྐབས་རྒྱལ་ཁབ་དེའི་ཆོག་མཆན་ཞུ་དགོས་པ་སོགས་ཀྱི་གྲོས་འཆར་ཁག་ ༡༦ ལ་གྲོས་མོལ་གནང་ཡོད་འདུག

 

ཉེ་ལམ་འཇར་མན་དང་ཨོ་སི་ཊིར་ཡ། ཧང་གྷ་རི་བཅས་ཀྱིས་ས་མཚམས་ཁུལ་དུ་ལྕགས་རྭ་བསྐོར་ཏེ། ཡུ་རོབ་ཀྱི་ནུབ་བྱང་རྒྱལ་ཁབ་བྷུལ་གྷེ་རི་ཡ་དང་རོ་མ་ནི་ཡ། སར་བྷེ་ཡ་བཅས་བརྒྱུད་དེ། སི་རི་ཡ་དང་ཨབ་གྷན་གྱི་སྐྱབས་བཅོལ་བ་ཚོ་ཡུ་རོབ་རྒྱལ་ཁབ་ཁག་ཏུ་འཛུལ་འཇུག་གི་མེད་སྟབས། བདུན་ཕྲག་སྔོན་མའི་རེས་གཟའ་སྤེན་པའི་ཉིན་བྷུལ་གྷེ་རི་དང་རོ་མ་ནི་ཡ། སར་བྷེ་ཡ་བཅས་ཀྱི་རྒྱལ་ཁབ་ཀྱི་མགོ་ཁྲིད་ཚོས་གསར་འགོད་ལྷན་ཚོགས་བསྐོངས་ཏེ། འཇར་མན་དང་ཨོ་སི་རི་ཡ་བཅས་ཀྱི་རྒྱལ་ཁབ་ཁག་གིས་ས་མཚམས་བཀག་ཡོད་སྟབས། ང་ཚོས་ཀྱང་ས་མཚམས་ཁག་ལ་ལྟ་སྲུང་ནན་མོ་བྱས་ཏེ་སྐྱབས་བཅོལ་བ་ཡོང་དུ་འཇུག་རྒྱུ་མིན་སྐོར་བརྗོད་ཡོད་པ་རེད།

 

ཡུ་རོབ་ཀྱི་རྒྱལ་ཁབ་ཁག་ནང་སྐྱབས་བཅོལ་དུ་ཡོང་མཁན་མང་ཆེ་བ་སི་རི་ཡ་དང་དཀྱིལ་ཤར་ཡུལ་གྲུ་ཨབ་གྷན་དང་ལྷོ་ཨ་ཧྥི་རི་ཁའི་རྒྱལ་ཁབ་ཁག་ཡིན་པ་དང་། བདུན་ཕྲག་སྔོན་མའི་ནང་སི་ལོ་ཝེ་ནི་ཡའི་ནང་སྐྱབས་བཅོལ་བ་ ༦༠༠༠༠ ལྷག་དང་གྷེར་སིའི་ནང་ ༤༨༠༠༠ འབྱོར་ཡོད་ཅིང་། འདི་ལོ་གྷེར་སི་དང་ཀྲར་ཀི། སི་ལོ་ཝེ་ནི་ཡ་བརྒྱུད་ཡུ་རོབ་རྒྱལ་ཁབ་ཁག་ཏུ་སྐྱབས་བཅོལ་བ་ ༦༧༠༠༠༠ འབྱོར་ཡོད་འདུག

 

ཉིན་ཤས་གོང་ཧང་གྷེ་རི་དང་འཇར་མན་ནེ་སོགས་ཀྱིས་ས་མཚམས་ཁག་བཀག་སྟེ་སྐྱབས་བཅོལ་བ་འཛུལ་བཅུག་གི་མེད་པ་དང་། ཨལ་བྷ་ནི་ཡ་དང་སར་བྷེ་ཡ། མ་སི་ཌོ་ནི་ཡ་བཅས་ཀྱིས་ཀྱང་ས་མཚམས་ཁག་བཀག་ནས་སྐྱབས་བཅོལ་བ་ཡོང་འཇུག་གི་མེད་པར། ད་ལྟ་སྐྱབས་བཅོལ་བ་འབུམ་གཅིག་ཙམ་ཞིག་གིས་དགུན་དུས་ཀྱི་གྲང་ངར་ལ་མ་ལྟོས་པར་ས་མཚམས་ཁུལ་དུ་སྒར་བརྒྱབ་སྟེ་དཀའ་སྡུག་གི་འཚོ་བ་རོལ་བཞིན་ཡོད་སྟབས། རྒྱལ་སྤྱིའི་ཉེས་ཡང་ཚོགས་པས་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་གིས་མཉམ་རུབ་བྱས་ནས་ཁོ་ཚོའི་དཀའ་ངལ་མ་སེལ་ན། ང་ཚོ་འགྲོ་བ་མིའི་རིགས་དམར་གསོད་གཏོང་མཁན་གྱི་གཤེད་མ་ངོ་མ་ཆགས་རྒྱུ་ཡིན་སྐོར་སྐྱོན་བརྗོད་བྱས་འདུག

 

belgium-eu-europe-migrants-balkans_5f26bc0e-7b48-11e5-9d61-41ab8e878eddཉིན་ཤས་གོང་དུ་བྷུལ་གྷེ་རི་ཡའི་སྲིད་བློན་བྷོ་ཀཱོ་ (Boyko Borisov) ཡིས་འཇར་མན་དང་ཨོ་སི་ཊིར་ཡ་གཙོས། རྒྱལ་ཁབ་ཁག་གིས་ས་མཚམས་བཀག་ཚེ། ང་ཚོས་ཀྱང་སྒོ་རྒྱག་རྒྱུ་ཡིན་སྐོར་བརྗོད་ཡོད་པ་མ་ཟད། སར་བྷེ་རི་ཡའི་སྲིད་བློན་ཨཱ་ལེག་ཛན་ཌར་ (Aleksandar Vucic) གྱིས་ཀྱང་ང་ཚོས་འཕྱར་བ་གྲུ་འདེགས་བྱས་ནས་སྐྱབས་བཅོལ་བའི་དཀའ་སྡུག་མ་སེལ་ན། མ་འོངས་པར་ང་ཚོ་རྒྱལ་སྤྱིའི་ལོ་རྒྱུས་ཁྲོད་ཀྱི་ནག་ཉེས་ཅན་ཆགས་རྒྱུའི་ཉེན་ཁ་ཡོད་སྟབས། ད་ལྟ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཁ་བཤད་ལག་བསྟར་བྱེད་དགོས་པའི་དུས་ལ་བབ་འདུག་ཅེས་བརྗོད་འདུག

 

འདི་ལོ་དཀྱིལ་ཤར་ཡུལ་གྲུའི་དམག་འཁྲུག་གི་རྐྱེན་པས་ཡུ་རོབ་རྒྱལ་ཁབ་ཁག་ཏུ་སྐྱབས་བཅོལ་ལ་ཡོང་མཁན་ཇེ་མང་དུ་ཕྱིན་ཡོད་པ་མ་ཟད། སྔོན་ཆད་དང་བསྡུར་ན་དཔལ་འབྱོར་གནས་སྟངས་ཡིན་ཡང་ད་ལྟ་ཞན་པོ་ཆགས་ཏེ། གཞོན་སྐྱེས་ལས་མེད་ས་ཡ་ ༥ མ་ཟིན་ཙམ་བྱུང་ཡོད་སྟབས། ད་ལྟ་ཡུ་རོབ་ཀྱི་རྒྱལ་ཁབ་ཁ་ཤས་ཀྱིས་སྐྱབས་བཅོལ་བ་ལེན་རྒྱུར་ཁས་ལེན་བྱེད་ཀྱི་མེད་པ་དང་། ཁ་ཤས་ཀྱིས་སྐྱབས་བཅོལ་བའི་གནད་དོན་དང་མཐའ་མཚམས་བདེ་འཇགས་ཐོག་རྟོག་ཞིབ་ཤུགས་ཆེ་རུ་གཏོང་གི་ཡོད་སྟབས། ད་ལྟ་སྐྱབས་བཅོལ་གནད་དོན་ཐད་ཡུ་རོབ་རྒྱལ་ཁབ་ཁག་གྲོས་འཆམ་ཡོང་ཁག་པོ་ཆགས་ཡོད་པ་མ་ཟད། ཡུ་རོབ་མཐུན་ཚོགས་ནང་ཁུལ་བར་ལྟ་བ་ལངས་ཕྱོགས་མ་མཐུན་པའི་དཀའ་ངལ་འཕྲད་བཞིན་ཡོད་འདུག

 

ད་ལྟའི་བར་རྒྱལ་སྤྱིའི་ཐོག་རང་ཡུལ་ནས་བྲོས་བྱོལ་གྱིས་རྒྱལ་ཁབ་གཞན་ནང་སྐྱབས་བཅོལ་དུ་འགྲོ་མཁན་ས་ཡ་ ༦༠ དང་འབུམ་ ༥༠ ལྷག་བྱུང་ཡོད་སྟབས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བྷན་ཁེ་མོན་མཆོག་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོས། རྒྱལ་ཁབ་ཁག་གིས་གཅིག་ཕན་གཅིག་གྲོགས་བྱས་ཏེ་དཀའ་ངལ་སེལ་ཐུབ་བྱེད་དགོས་པ་དང་། ཡུ་རོབ་མཐུན་ཚོགས་ངོས་ནས་སྐྱབས་བཅོལ་ལ་ཡོང་མཁན་ཚོར་འགྲོ་ལམ་གསར་པ་ཞིག་ཕྱེ་དགོས་སྐོར་བརྗོད་ཡོད་པ་དང་། རྒྱལ་སྤྱིའི་སྐྱབས་བཅོལ་ལྷན་ཚོགས་ནས་ཀྱང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་འདུའི་སྐབས་སྐྱབས་བཅོལ་གནས་སྟངས་གང་འདྲ་ཆགས་མིན་གྱི་གྲུབ་དོན་སྙན་ཐོ་བཏོན་ཏེ་ཁོ་ཚོའི་དཀའ་སྡུག་གསལ་སྟོན་བྱ་རྒྱུ་ཡིན་འདུག

 

དེ་རིང་ཨ་རབ་གསར་འཕྲིན་ཐོག་འཇར་མན་གྱི་སྲིད་བློན་ལྕམ་གྷང་གྷེ་ལ་མེར་གྷལ་མཆོག་གིས། འདི་ནི་ཡུ་རོབ་མཐུན་ཚོགས་ཀྱི་གདོང་ལེན་བྱེད་དགོས་པ་ཆེ་ཤོས་གྲས་ཤིག་ཆགས་ཡོད་སྟབས། ད་ལྟ་དུས་ཚོད་ལ་དཔག་པའི་དམིགས་བསལ་ཐབས་ལམ་ཞིག་འཚལ་རྒྱུ་གལ་ཆེན་པོ་ཆགས་ཡོད། ཅེས་དང་། ཨོ་སི་ཌོ་རི་ཡའི་སྲིད་བློན་ཝར་ནེ་ (Werner Faymann) ཡིས་གསར་འགྱུར་བརྒྱུད་ལམ་ (Kronen Zeitung daily) ཞེས་པས་བཅར་འདྲི་བྱེད་སྐབས། ད་ལྟ་ང་ཚོས་ཡུ་རོབ་གཅིག་སྒྲིལ་བཟོ་དགོས་མིན་དང་། ཡང་ན་རིམ་པས་འཐོར་བཤིག་འགྲོ་བར་བལྟས་ནས་སྡོད་དགོས་མིན་གཉིས་གདམ་ཀ་བྱེད་དགོས་པའི་གནས་ལ་གྱར་ཡོད་པ་རེད། ཅེས་བརྗོད་འདུག

 

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༥ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༦ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༦ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༨ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

ཆུ་ཚོད་ ༡༡ སྔོན་ལ།
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

མཆན། 1

  1. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    ལོ་ 10 སྔོན།

    ད་རེས་ཡུལ་གྱར་བ་རྣམ་ལ་བཀྲིན་ཆེ་ཤོས་དེ་འཇར་མན་སྲིད་བློན་ཨ་འཇུ་ལ་མེལ་ཀ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese