མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་ལ་རང་དབང་གི་གཟེངས་རྟཊ་ཕུལ།

བོད་ཀྱི་དུས་བབ།
༢༠༡༥/༡༠/༢༧
Share on FacebookShare on TwitterShare on EmailShare on Whatsapp

 

ཁ་སང་ཨ་རིའི་རྩ་ཁྲིམས་ལྷན་ཚོགས་ཀྱི་འདི་ལོའི་རང་དབང་གཟེངས་རྟགས་དེ་བོད་མིའི་འདུ་ཕྱིའི་སྐྱབས་གནས་༧གོང་ས་མཆོག་ལ་ཕུལ་ཡོད་འདུག

 

Screen Shot 2015-10-27 at 12.38.07 PMཨ་རིའི་རྒྱལ་ཡོངས་རྩ་ཁྲིམས་ལྟེ་གནས་ཁང་གི་དྲ་ཚིགས་སྟེང་སྤེལ་བའི་གནས་ཚུལ་ལྟར་ན། ཨ་རིའི་རང་དབང་གཟེངས་རྟགས་ (Liberty Medal) ཞེས་པ་དེ་༧གོང་ས་མཆོག་ལ་ཕུལ་ཡོད་ཀྱང་། འདི་ཟླའི་ནང་༧གོང་ས་མཆོག་ཨ་རིར་ཆིབས་བསྒྱུར་སྐྱོང་རྒྱུའི་མཛད་འཕྲིན་ཁག་ཕྱིར་འཐེན་གནང་ཡོད་སྟབས། ཁ་སང་ཕྱི་དྲོའི་ཆུ་ཚོད་ ༥ སྟེང་ཨ་རིའི་པིན་སེལ་ཝ་ནེ་ཡ་ (Pennsylvania) མངའ་སྡེའི་གྲོང་ཁྱེར་ཧྥེ་ལ་ཌིལ་ཧྥེ་ཡ་ (Philadelphia) རུ་རྟེན་གཞི་བྱས་པའི་ཨ་རིའི་རྒྱལ་ཡོངས་རྩ་ཁྲིམས་ལྟེ་གནས་ (National Constitution Center) ཁང་གི་ཚོགས་ཁང་ཆེན་མོའི་མདུན་ཐང་དུ་རང་དབང་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་ཚོགས་པའི་ཐོག ཨ་རིའི་བོད་དོན་རྒྱབ་སྐྱོར་བ་དང་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་རེ་ཆར་གྷིར་ (Richard Gere) ལགས་དང་། སྐུའི་གསུང་སྒྱུར་བ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས། དེ་བཞིན་སེམས་དང་སྲོག་གི་ལྟེ་གནས་ཁང་གི་འགན་འཛིན་རེ་ཆི་ཌ་བེ་ཌ་སོན་ (Riche Davidson) རྣམ་པ་གསུམ་ནས་༧གོང་ས་མཆོག་གི་སྐུ་ཚབ་གནང་སྟེ། རང་དབང་གཟེངས་རྟགས་དེ་བཞེས་གནང་ཡོད་འདུག

 

དེ་ཡང་འདི་ལོའི་ཕྱི་ཟླ་ ༦ ཚེས་ ༡༧ ཉིན་ཨ་རིའི་རྒྱལ་ཡོངས་རྩ་ཁྲིམས་ལྟེ་གནས་ཁང་གིས། རང་དབང་གཟེངས་རྟགས་དེ་བཞིན་འཛམ་གླིང་ཁྱོན་ཡོངས་ཀྱི་མི་མང་གི་རང་དབང་ཐོབ་ཐང་སོགས་ཀྱི་ལས་དོན་ཁུར་དུ་བཞེས་མཁན་རླབས་ཆེན་མི་སྣ་ཚོར་འབུལ་བཞེས་གནང་སྟེ་ལོ་ངོ་ ༢༧ འཁོར་བའི་དུས་དྲན་མཛད་སྒོ་དང་སྟབས་བསྟུན། འདི་ལོའི་རང་དབང་གཟེངས་རྟགས་དེ་འཛམ་གླིང་ཁྱོན་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་། རང་དབང་དམངས་གཙོ། ཁེ་དབང་འདྲ་མཉམ། བྱམས་པ་སྙིང་བརྗེ། ལྷག་པར་འཛམ་གླིང་གི་ཆོས་ལུགས་རིས་མེད་བཅས་ཀྱི་ཐད་ལ་མཛད་རྗེས་བླ་མེད་བཞག་དང་འཇོག་གི་ཡོད་པའི་༧གོང་ས་མཆོག་ལ་བསྩལ་རྒྱུ་ཡོངས་ཁྱབ་གསལ་སྒྲགས་གནང་བ་དང་། སྐབས་དེར་ཨ་རིའི་རྒྱལ་ཡོངས་རྩ་ཁྲིམས་ལྟེ་གནས་ཁང་གི་འགན་འཛིན་ཇེར་རིའེ་རའོ་སིན་ (Jeffrey Rosen) ལགས་ཀྱིས། ཕྱི་ལོ་ ༢༠༡༥ ལོའི་རང་དབང་གཟེངས་རྟགས་འདི་བཞིན་༧གོང་ས་མཆོག་ལ་བསྩལ་རྒྱུ་གཏན་འཁེལ་བས་ང་ཚོ་ཚང་མ་དགའ་བོ་བྱུང་། ༧གོང་ས་མཆོག་གིས་བོད་ཙམ་མ་ཟད། འཛམ་གླིང་ཁྱོན་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཐུགས་འགན་དུ་བཞེས་ཏེ། ཁོང་གིས་དུས་རྒྱུན་འཛམ་གླིང་སྐྱེས་འགྲོ་ཡོངས་ཀྱི་རང་དབང་དང་འདྲ་མཉམ། མི་རིགས་ཕན་ཚུན་བར་བཟོད་སྒོམ་དང་དཀྱིལ་ཡངས། རྩོད་རྙོག་ཐད་གྲོས་མོལ་དང་མཐུན་སྒྲིལ་ཡོང་བའི་བཀའ་སློབ་ལམ་སྟོན་གནང་མུས་ཡིན་པ་ལྟར། འཛམ་གླིང་སྐྱེས་འགྲོ་ཡོངས་ཀྱི་རང་དབང་དང་བདེ་སྐྱིད་ཐུགས་འགན་དུ་བཞེས་མཁན་རླབས་ཆེན་གྱི་སྐྱེས་བུ་རྣམ་པར་བསྔགས་བརྗོད་དང་ཁོང་རྣམ་པའི་བཀའ་དྲིན་རྗེས་དྲན་མཚོན་ཆེད་དུ། འདི་ལོའི་རང་དབང་གཟེངས་རྟགས་དེ་༧གོང་ས་མཆོག་ལ་གནང་རྒྱུ་གཏན་འཁེལ་བ་རེད། ཅེས་བརྗོད་འདུག

 

དེ་བཞིན། ༧གོང་ས་མཆོག་གིས། གྲོང་ཁྱེར་ཧྥེ་ལ་ཌིལ་ཧྥེ་ཡའི་ལོ་རྒྱུས་ནང་ཨ་རིའི་རྒྱལ་ཡོངས་རྩ་ཁྲིམས་ལྟེ་གནས་ཁང་གི་རང་དབང་གཟེངས་རྟགས་དེ་ནི་ཆེས་བསྟོད་གཟེངས་རྟགས་ཤིག་ཡིན་དུས། འཛམ་གླིང་སྒང་གི་རླབས་ཆེན་དབུ་ཁྲིད་རྣམ་པ་དང་ལྷན་དུ། ངོས་ལ་རང་དབང་གཟེངས་རྟགས་འདི་གནང་བར་དགའ་བོ་བྱུང་། འདི་ནི་ངོས་ཀྱི་མི་ཚེ་ནང་གྲོང་ཁྱེར་ཧྥེ་ལ་ཌིལ་ཧྥེ་ཡའི་སྤུན་ཟླ་ཕོ་མོ་ཡོངས་ལ་ངོས་ཀྱིས་བྱམས་པ་དང་བརྩེ་བའི་གོ་རྟོགས་སྤེལ་བའི་ལས་དོན་བསྒྲུབས་པར་བརྟེན་ནས་བསྩལ་གནང་བ་ཞིག་རེད། ཅེས་གསུངས་འདུག

 

Screen Shot 2015-10-27 at 12.32.42 PMའཛམ་གླིང་ཐོག་སྙན་གྲགས་ཆེན་པོ་ཡོད་པའི་ཨ་རིའི་རང་དབང་གཟེངས་རྟགས་འདི་ནི་ཕྱི་ལོ་ ༡༩༨༨ ལོར་གསར་འཛུག་གནང་སྟེ། སྔར་རྗེས་སུ་འཛམ་གླིང་གི་སྐྱེས་འགྲོ་ཡོངས་ཀྱི་རང་དབང་དང་དམངས་གཙོ། འགྲོ་བ་མིའི་ཐོབ་ཐང་དང་ཁེ་དབང་འདྲ་མཉམ་སོགས་ཀྱི་ལས་དོན་ཐད་ལ་མཛད་རྗེས་བླ་མེད་འཇོག་མཁན་ཕོ་ལན་ཌའི་ལི་ཆ་ཝལ་ས་ (Lech Wałęsa) མཆོག་དང་། ལྷོ་ཨ་ཧྥེ་རི་ཁའི་སྲིད་འཛིན་ནེལ་སོན་མན་ཌི་ལ་ (Nelson Rolihlahla Mandela) མཆོག དེ་བཞིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཟུར་བ་ཁོ་ཧྥེ་ཨན་ནན་ (Kofi Atta Annan) མཆོག་དང་། ཨ་རིའི་སྲིད་འཛིན་ཟུར་བ་བྷེལ་ཁུ་ལེན་ཊོན་ (Bill Clinton) དང་རྗོར་རྗི་ཝ་བྷུ་ཤུ་ (George W. Bush) མཆོག དབྱིན་ཇིའི་སྲིད་བློན་ཟུར་བ་ཊོ་ནེ་བྷ་ལེར་ (Tony Blair) མཆོག་དང་། པ་ཀི་སི་ཐན་གྱི་བྱིས་པའི་ཁེ་དབང་རྩོད་ལེན་གནང་མཁན་མ་ལ་ལ་ (Malala) སོགས་སུ་བསྩལ་ཡོད་ཅིང་། འདི་ལོར་༧གོང་ས་མཆོག་ལ་ཕུལ་ཏེ། ཁོང་ཉིད་ད་ལྟའི་བར་ནོ་བྷིལ་ཞི་བདེ་གཟེངས་རྟགགས་བཞེས་མཁན་རྣམ་པའི་གྲས་ནས་རང་དབང་གཟེངས་རྟགས་འདི་བཞེས་མཁན་ཨང་ ༦ པ་དེ་ཆགས་ཡོད་འདུག

 

 གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༡ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༡ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༡༥ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese