མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱི་འཐུས་འོས་མིའི་ཁྱབ་བསྒྲགས་དེ་དག་ལ་ཡིད་ཆེས་མེད།

བོད་ཀྱི་དུས་བབ།
༢༠༡༥/༡༠/༢༩
Share on FacebookShare on TwitterShare on EmailShare on Whatsapp

 

འདི་ག་བོད་ཀྱི་དུས་བབ་གསར་ཁང་གིས་སྐབས་བཅུ་དྲུག་པའི་སྤྱི་འཐུས་འོས་མིར་བཞེངས་མཁན་གསར་པ་རྣམས་ལ་ཆེད་འདོན་བཅར་འདྲིའི་ལས་རིམ་ཞིག་འགྲོ་བཞིན་ཡོད་པ་ལྟར། ཐེངས་འདིར་དྷ་སར་གནས་སྡོད་མདོ་སྨད་ཆོལ་ཁའི་སྤྱི་འཐུས་འོས་མི་བསྟན་པའི་དངོས་གྲུབ་ལཊ་སུ་བཅར་འདྲི་ཞུས་ཡོད།
Tenདྲི་བ། ཐོག་མར་ཁྱེད་ཀྱི་སློབ་སྦྱོང་གི་བརྒྱུད་རིམ་སོཊ་འདས་པའི་ལོ་རྒྱུས་མདོར་བསྡུས་ཤིག་ཤོད་དང་།
ལན། རང་ཉིད་ཀྱི་ལོ་རྒྱུས་མདོར་བསྡུས་ཤིག་ངོ་སྤྲོད་བྱས་པ་ཡིན་ན། ང་རང་ ༡༩༧༣ ལོར་མདོ་སྨད་ཆབ་ཆའི་མེ་ཏོག་ལུང་བར་སྐྱེས་པ་རེད། སྤྱིར་བཏང་སྐབས་དེ་དུས་ང་ཚོའི་ཕ་ཡུལ་དུ་སློབ་གྲྭ་ཧ་ཅང་དཀོན་པོ་ཡིན་སྟབས། ང་རང་ལོ་བརྒྱུད་དགུའི་སྟེང་སློབ་ཆུང་ལ་སོང་བ་ཙམ་ལས་སློབ་གྲྭར་འགྲོ་མྱོང་མེད། ང་ལོ་ ༡༢ ཐོག་སོ་སོའི་འདོད་བློ་ལྟར་དྷི་ཚ་དགོན་པར་གྲྭ་བ་བྱས་པ་ཡིན། བསྡུས་གྲྭ་ནས་བློ་རྟག་དང་གཞུང་ཤེར་སོགས་སྦྱངས་པ་རེད། ༡༩༩༣ ལོར་རྒྱ་གར་ལ་བཙན་བྱོལ་དུ་ཡོང་ནས་འབྲས་སྒོ་མང་གྲྭ་ཚང་དུ་ཐད་ཀར་རྟག་རིག་འཛིན་གྲྭར་ཞུཊ་པ་དང་། དེ་ནས་ཕར་ཕྱིན་རྫོགས་རག་བར་དུ་གྲྭ་སར་སློབ་གཉེར་བྱས་པ་ཡིན། དེ་ལྟར་ཤེས་ཡོན་གྱི་ཆ་ནས་རྒྱ་ཆེ་གཏིང་ཟབ་དེ་འདྲ་མིན་ཡང་། སོ་སོའི་རྒྱུད་ལ་འབྱོར་བའི་ཤེས་ཡོན་ཡོད་པ་གང་དེས་སྤྱི་ཚོཊ་ལ་ཞབས་ཞུ་བསྒྲུབ་ཐུབ་པའི་ནུས་པ་ཡོད་བསམ་གྱི་ཡོད།
དྲི་བ། སྤྱི་ཚོགས་དྲ་ལམ་རེ་ཟུང་ནང་ཁྱོད་རང་སྐབས་བཅུ་དྲུག་པའི་མདོ་སྨད་སྤྱི་འཐུས་ལ་ལང་གི་ཡོད་པའི་ཁྱབ་བསྒྲགས་ཤིག་འགྲོ་བཞིན་འདུག དེ་བདེན་པ་རེད་དམ།
ལན། སྤྱིར་ད་ལོར་ངས་གསར་འགྱུར་བརྒྱུད་ལམ་དང་སྤྱི་ཚོགས་བརྒྱུད་ལམ་གྱི་ཚོགས་པ་ཁག་གི་བཅར་འདྲི་དང་ལེན་བྱས་མེད། དེའི་རྒྱུ་མཚན། གཅིག་ནས་སྤྱིར་བཏང་ང་དང་བླངས་བྱས་ནས་སྤྱི་འཐུས་ལ་ལང་གི་མེད། ཡིན་ན་ཡང་ང་ལ་ཡིད་ཆེས་ཡོད་མཁན་དང་ང་རང་གི་དགའ་བོ་ཉེ་བོ་གྲོགས་པོ་སྐོར་ཞིག་གིས་ངའི་ལོ་རྒྱུས་དང་པར་སོགས་དྲ་ལམ་ལ་ཁྱབ་བསྒྲགས་བྱེད་སྐབས། ཁོ་ཚོས་ང་ལ་དགག་བྱ་ཡོད་མེད་འདྲི་དུས། ངས་དེ་ལ་དགག་བྱ་མེད་ལབ་པ་ཡིན། ང་ལ་མཚོན་ན་ད་ལྟའི་བར་མདོ་སྨད་སྤྱི་ཚོགས་ནང་ཁུལ་དུ་འདས་པའི་ལོ་ ༩ རིང་ཞབས་ཞུ་བསྒྲུབས་པ་ཡིན། དེ་ཡང་ངས་མདོ་སྨད་ས་རྒྱུན་ཚོགས་གཙོ་ལོ་ ༣ དང་། མདོ་སྨད་དབུས་རྒྱུན་བདེ་དོན་འགན་འཛིན་ལོ་ ༣། མདོ་སྨད་དབུས་རྒྱན་གྱི་ཚོགས་གཙོ་ལོ་ ༣ བཅས་ཁུར་བ་ཡིན། དྷ་ས་ས་གནས་རང་བདེན་ཚོགས་ཆུང་གི་དངུལ་གཉེར་དང་། ཆོལ་གསུམ་ཆིག་སྒྲིལ་ཚོགས་པའི་ཚོགས་གཙོ་སོགས་བྱས་པ་ཡིན། དེ་ལྟར་ལས་ཀ་མང་པོ་ཞིག་བྱས་པའི་རིང་མ་འགྲིག་པ་དེ་འདྲ་བྱུང་མེད་བསམ་ཡོད། མིས་བརྟག་དཔྱད་མཐིལ་ཕྱིན་གནང་སྟེ་ངོས་འཛིན་ཞིག་གནང་དགོས་པ་ལས། དང་བླངས་ཀྱིས་ཁྱབ་བསྒྲགས་བྱས་པ་དེ་ཡག་པོ་ཞིག་ཏུ་མཐོང་མ་སོང་། མདོ་སྨད་མི་མང་གི་ངོས་ནས་ང་ལ་ཡིད་ཆེས་བློ་དཀར་གྱི་སྒོ་ནས་འོས་ཤོག་བླུགས་ཡོང་བ་ཡིན་ན། ངས་ཀྱང་ཁོ་ཚོའི་ཡིད་ཆེས་དེ་ཆུད་ཟོས་སུ་མ་བཏང་བར་དང་ལེན་བྱས་ཏེ། ངས་མདོ་སྨད་མི་མང་གི་ལས་དོན་བསྒྲུབ་དགོས་ཀྱི་རེད་བསམ་གྱི་ཡོད།
    དྲི་བ། ཁྱེད་རང་སྤྱི་འཐུས་འོས་མིར་ལང་མཁན་ཞིག་ཡིན་པའི་ཆ་ནས། མི་མང་གི་འཐུས་ཚབ་ཅིག་ལ་ཆེས་མ་མཐའི་ཆ་རྐྱེན་གང་དག་ཚང་དགོས་པ་དང་། ཆེས་ཡ་མཐའི་ཤེས་འཇོན་གང་དག་ལྡན་དགོས་པར་འདོད།
ལན། རང་ཉིད་ཀྱིས་བསམ་ན། སྤྱི་འཐུས་འོས་མིར་ལང་མཁན་ཞིག་ལ་ངེས་པར་དུ་འཚང་དགོས་པའི་ཆ་རྐྱེན་འདྲ་བོ་དེ་གང་རེད་ཟེར་ན། བོད་མི་མང་སྤྱི་འཐུས་ཟེར་བ་དེ་དངོས་གནས་དྲང་གནས་ཤེས་འཇོན་གཉིས་ལྡན་ཞིག་ཡིན་དགོས་པ་དེ་ང་ཚོ་ཚང་མས་ཤོད་ཀྱི་ཡོད་པ་རེད། ཡིན་ན་ཡང་ཤེས་འཇོན་ལྡན་ཟེར་དུས། ཁ་ཤས་ཀྱིས་རྦད་དེ་ཕྱི་ནང་གི་སྐད་ཡིག་ལྔར་རང་སྐྱ་ཐུབ་པ་ཟེར་བ་དེར་ང་ལ་ཡིད་ཆེས་མེད། ད་ལྟའི་བར་སྤྱི་འཐུས་གྲོས་ཚོགས་ནང་བསླེབས་སྡོད་མཁན་ཚོ་ཚང་མ་ཕྱི་ནང་གི་སྐད་ཡིག་ལ་རང་སྐྱ་འཕེར་བ་དེ་འདྲར་ངས་མཐོང་གི་མེད་ལ། ད་ལྟ་གསལ་བསྒྲགས་སྤེལ་མཁན་མང་པོ་ཞིག་གིས་སོ་སོའི་ཤེས་འཇོན་གསལ་བསྒྲགས་བྱེད་ཀྱི་ཡོད་པ་དེར་ཡང་ངས་ཡིད་ཆེས་བྱེད་ཀྱི་མེད། ཡིན་ནའང་སྤྱི་འཐུས་ཤིག་ལ་ཆེས་མ་མཐའི་ཆ་རྐྱེན་གང་དག་ཚང་དགོས་པ་རེད་ཟེར་ན། མི་མང་གི་སྐུ་ཚབ་ཅིག་ཡིན་དུས། སྤྱི་འཐུས་དེ་ལ་རང་གཤིས་བརྟན་པོ་ཞིག་དང་རང་ཚུགས་བརྟན་པོ་ཞིག་ངེས་པར་དུ་དགོས་ཀྱི་འདུག དེ་བཞིན་སྤྱི་འཐུས་ཤིག་ལ་ཆེས་ཡ་མཐའི་ཤེས་འཇོན་གང་དག་ཚང་དགོས་སམ་ཞེ་ན། སྤྱི་ཚོགས་ལ་ཞབས་ཞུ་བསྒྲུབ་ཐུབ་པའི་ཤེས་ཡོན་ཞིག་དགོས་ཀྱི་ཡོད་པ་རེད་མ་གཏོཊ། རྩོམ་རིག་གི་ཤེས་ཡོན་དེ་འདྲ་དགོས་ཀྱི་ཡོད་པ་མ་རེད་ལ། བོད་མི་མང་སྤྱི་འཐུས་ཟེར་བ་དེ་བོད་མི་མང་གི་སྐུ་ཚབ་བྱས་ནས་བོད་སྤྱི་ལ་ཞབས་འདེགས་སྒྲུབ་མཁན་ཞིག་དང་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་ལས་ཀ་བྱེད་མཁན་ཞིག་རེད་མ་གཏོཊ། དཔོན་པོ་བྱས་ནས་སྡོད་མཁན་ཞིག་ཏུ་ངས་རྩ་བ་ནས་ངོས་འཛིན་བྱེད་ཀྱི་མེད། སྤྱི་འཐུས་ཀྱི་སྡངས་ཆ་འདིའི་སྒང་ལ་ཡོང་དགོས་ཀྱི་ཡོད་ན། མ་མཐར་ཡང་དྲུག་བཅུ་རེ་གྲངས་ནས་བཟུང་བཙན་བྱོལ་ནང་ལ་གནས་ཏེ་བཙན་བྱོལ་གྱི་ཆབ་སྲིད་འགྲོ་སྟངས་དེ་ད་ལྟའི་བར་ག་འདྲ་ཞིག་སོང་དང་འགྲོ་བཞིན་ཡོད་པའི་བརྒྱུད་རིམ་དེ་བརྒྱ་ཆའི་བརྒྱ་རེ་རེ་བཞིན་མི་ཤེས་ཀྱང་རག་ཙམ་ཞིག་སོ་སོའི་མིག་ལམ་དུ་ཁྲ་ལྷམ་མེར་ཤར་འོང་བ་ཞིག་ཤེས་དགོས་ཀྱི་ཡོད་པ་རེད།
དྲི་བ། གལ་སྲིད་ཁྱེད་རང་གྲོས་ཚོགས་ཀྱི་བཞུགས་སྟེགས་སྟེང་བསླེབ་པ་ཡིན་ན། ད་ལྟའི་སྤྱི་འཐུས་ལས་ཐོག་པ་ཚོ་ལས་ལྷག་པའི་ཤེས་འཇོན་ག་རེ་སྟོན་རྒྱུ་ཡོད།
ལན། གལ་སྲིད་ང་མ་འོངས་པར་སྐབས་བཅུ་དྲུག་པའི་སྤྱི་འཐུས་ནང་བསླེབ་པའི་དབང་དུ་བཏང་ཡང་། ད་ལྟའི་སྤྱི་འཐུས་ལས་ཐོག་པ་ཚོ་ལས་ལྷག་ཅིག་ངས་འཇོན་གྱི་རེད་བསམ་གྱི་མེད་ལ། འདི་ལས་ལྷག་ཅིག་ངས་བྱ་ཐུབ་ཀྱི་རེད་བསམ་གྱི་མེད། ཡིན་ན་ཡང་ངས་ད་ཡོད་ལས་ལྷག་ཅིག་བསྒྲུབ་མ་ཐུབ་ཀྱང་། དེ་ལས་སྡུག་ཏུ་ཕྱིན་ནས་ཞབས་འདྲེན་མི་ཞུ་བ་ང་རང་ཉིད་ལ་ཡིད་ཆེས་དང་སྤོབས་པ་ཡོད། གོང་དུ་བཤད་པ་ལྟར། ངས་ནམ་རྒྱུན་སྤྱི་འཐུས་ལ་ངེས་པར་དུ་རང་གཤིས་བརྟན་པོའི་ཆ་རྐྱེན་ཚང་དགོས་ཀྱི་འདུག་བསམ་ཡོད།
དྲི་བ། ཆོལ་གསུམ་བཀའ་སྤྱིའི་འོས་མི་མང་པོ་ཞིག་གིས། གལ་སྲིད་ཁོང་རྣམ་པ་གྲོས་ཚོགས་ར་བའི་ནང་ཐོན་ཐུབ་པ་བྱུང་ན། ད་ལྟའི་བོད་མིའི་སྒྲིག་འཛུཊ་ལ་འགྱུར་བ་གཏང་རྒྱུ་ཡིན་རབས་གླེང་གི་འདུག སྐུ་ཉིད་ཀྱིས་བོད་མིའི་སྒྲིག་འཛུཊ་ཟེར་དུས། ཅི་ལྟ་བུ་ཞིག་ལ་ངོས་འཛིན་གནང་གི་ཡོད།

 

ལན། ཆོལ་གསུམ་བཀའ་སྤྱིའི་འོས་མིར་བཞེང་མཁན་དང་། ཐ་ན་ལས་ཐོག་པ་མང་པོ་ཞིག་གི་བསྒྲགས་གཏམ་ནང་། གལ་སྲིད་ཁོ་ཚོ་གྲོས་ཚོགས་ར་བའི་ནང་བསླེབ་པ་ཡིན་ན། ད་ལྟའི་བོད་མིའི་སྒྲིག་འཛུགས་ལ་འགྱུར་བ་གཏང་གི་ཡིན་དང་ཡར་རྒྱས་གཏང་གི་ཡིན་ཞེས་མང་པོ་ཞིག་བཤད་ཀྱི་ཡོད་པ་དེ་དག་ལ་ང་རྩ་བ་ནས་མོས་མཐུན་མེད། རྒྱུ་མཚན་གང་ཡིན་ཞེ་ན། ཁོ་ཚོའི་བསྒྲཊ་ཡིག་ནང་ཕྱི་ནང་གི་སྐད་ཡིག་བཞི་ལྔར་བྱང་ཆུབ་ཚུལ་དང་ལོ་མང་རིང་བོད་སྤྱི་བའི་ལས་དོན་བསྒྲུབས་པའི་ཉམས་མྱོང་ཡོད་ལུགས་སོགས་མང་པོ་མང་པོ་ཞིག་བྲིས་འདུག་ཀྱང་། ཁོ་ཚོ་སྤྱི་འཐུས་ནང་དངོས་སུ་བསླེབས་དུས། བསྒྲགས་གཏམ་དེ་དག་ཚང་མ་རྫུན་དུ་འགྲོ་གི་ཡོད་སྟབས། དེ་ཡག་པོ་མ་རེད། ང་ཚོའི་སྤྱི་ཚོཊ་འདི་ཕྱི་རྒྱལ་མགོ་སེར་ཚོ་ལྟ་བུའི་ཆབ་སྲིད་ལ་དོ་སྣང་མེད་སྟབས། བསྒྲཊ་ཡིག་འདི་འདྲ་སྤེལ་ཡོང་དུས་མང་ཚོཊ་ལ་མགོ་སྐོར་གཏང་ཆོག་ཆོག་འདྲ་བོ་ཡོད་པ་རེད། རེ་ཟུང་གིས་ཤེས་ཡོན་སྲིད་ཇུས་དང་ཤེས་ཡོན་གྱི་ཐོག་ནས་འགྱུར་བ་གཏང་གི་ཡིན་ཞེས་པ་དང་། ཡང་རེ་འགས་གཞུང་གི་ལངས་ཕྱོཊ་རྦད་དེ་འགྱུར་བ་གཏོང་གི་ཡིན་ཟེར་བ། ང་རང་གི་ལྟ་ཚུལ་ཡིན་ན། འོས་མི་གཅིག་ལ་སྤྱི་འཐུས་ཐོབ་པ་ཙམ་གྱིས་ད་ལྟའི་བོད་མིའི་སྒྲིག་འཛུཊ་འདིར་འགྱུར་བ་གཏང་ཆོག་ཆོག་ཅིག་ཡོད་པ་མ་རེད་ལ། འགྱུར་བ་གཏང་ཐུབ་ཀྱི་མ་རེད་བསམ་གྱི་ཡོད། གང་ཡིན་ཞེ་ན། སྤྱི་འཐུས་ལྷན་ཚོཊ་ཟེར་བ་འདི་ཁྲིམས་བཟོ་ལྷན་ཚོགས་རེད། སྤྱི་འཐུས་ལྷན་ཚོགས་ནས་མང་མོས་སྤྱི་མོས་ཀྱི་ཐོག་ནས་གཏན་འབེབས་ཟིན་པའི་ཁྲིམས་དེར་བདག་པོ་རྒྱག་མཁན་བཀའ་ཤག་རེད། དེར་བརྟེན་མི་གཅིག་གིས་འགྱུར་བ་གཏོང་ཐུབ་པ་ཞིག་མ་རེད།
  

 

དྲི་བ། ཁྱེད་རང་བཙན་བྱོལ་བོད་མིའི་ལས་དོན་སྒྲུབ་མཁན་ཞིག་ཡིན་པའི་ཆ་ནས། ད་ལྟའི་བཙན་བྱོལ་བོད་མིའི་སྤྱི་ཚོཊ་ནང་ངེས་པར་བསྒྲུབ་དགོས་པའི་ལས་དོན་གཙོ་བོ་ག་རེ་མཐོང་སོང་།

 

ལན། ང་རང་གི་བསམ་ཚུལ་ཡིན་ན། ད་ལྟའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ངེས་པར་སྒྲུབ་དགོས་པ་དང་འགྲུབ་དགོས་པ་གཙོ་བོ་དོན་ཚན་ཁ་ཤས་ཡོད་པར་མཐོང་གི་འདུག གཅིག་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུཊ་ཟེར་དུས། སྤྱི་འཐུས་རྣམ་པས་ཆབ་སྲིད་ཀྱི་ཕྱོཊ་ལ་དངོས་གནས་དྲང་གནས་ཀླད་པ་གསལ་བོ་བྱེད་དགོས་ཀྱི་འདུག ཀླད་པ་གསལ་བོ་བྱེད་དགོས་པའི་རྒྱུ་མཚན་གང་ཡིན་ཟེར་ན། ང་ཚོས་མང་ཚོཊ་ལ་འབྲེལ་འདྲིས་བྱས་ནས་མང་ཚོཊ་ཀྱི་དཀའ་ངལ་དང་མང་ཚོགས་ཀྱི་བདེ་སྡུག་ཨང་དང་པོར་ངོས་འཛིན་བྱེད་དགོས་པ་རེད། སྒང་དུ་སྡོད་མཁན་ལས་ཀྱི་སྣེ་མོ་བ་ཚང་མས་མང་ཚོཊ་ནང་དཀའ་སྡུག་གང་ཡོད་པ་དེར་རྒྱུས་ལོན་དང་སེལ་ཐབས་བྱེད་རྒྱུ་དེ་ངས་གལ་ཆེ་ཤོས་ཤིག་ཏུ་མཐོང་གི་ཡོད། མང་ཚོགས་ཀྱི་དཀའ་སྡུག་དང་ལེན་བྱེད་མ་ཐུབ་པ་ཡིན་ན། ང་ཚོས་མི་མང་པོ་ཞིག་བརླག་འགྲོ་གི་འདུག་ཟེར་བའི་ལམ་ཁ་དེར་སླེབ་ཀྱི་ཡོད་པ་རེད། དེ་ཡང་མང་ཚོཊ་ཀྱི་དཀའ་སྡུག་ཆ་ཚང་སེལ་མ་ཐུབ་པའི་རྒྱུ་མཚན་ལ་བརྟེན་ནས། མང་ཚོཊ་ཀྱི་ངོས་ནས་གཞུང་ལ་རེ་བ་རྒྱག་ས་མི་འདུག་ཅེས་ཐང་ཆད་ཀྱི་ཡོད་པ་རེད། གཞུང་གི་ངོས་ནས་ཀྱང་མང་ཚོཊ་ཀྱི་ལས་དོན་ཆ་ཚང་ཞིག་བསྒྲུབ་ཐུབ་ཀྱི་ཡོད་པ་མ་རེད། གཉིས་ནས་འཛིན་སྐྱོང་བཀའ་ཤག་ཡིན་ན་འདྲ། སྤྱི་འཐུས་ལྷན་ཚོཊ་ཡིན་ན་འདྲ། བོད་ནང་གི་དངོས་ཡོད་གནས་ཚུལ་དང་། གཞིས་ལུས་རྒྱ་ཆེའི་མི་མང་གི་ལྷག་བསམ་དང་སྙིང་སྟོབས་དེ་ང་ཚོས་སྒྲུང་བཤད་པ་ནང་བཞིན་མ་ཡིན་པར་སོ་སོའི་སེམས་ལ་དངོས་གནས་དྲང་གནས་ཁྲ་ལྷམ་མེར་ཤར་སྡོད་པ་ཞིག་དང་། སུ་ཞིག་ལ་འགྲེལ་བཤད་རྒྱག་དགོས་ན་གསལ་གསལ་ཐང་ཐང་གནང་ཐུབ་མཁན་ཞིག་དགོས་ཀྱི་འདུག གང་ཡིན་ཟེར་ན། ད་སྔ་བོད་ནས་ཡོང་མཁན་དང་འདི་ནས་སྐྱེས་མཁན་སུ་ཡིན་ཡང་། མཚམས་རེར་ཁྱབ་བསྒྲཊ་ནང་ཐབ་ཆག་ཞེ་དྲགས་དེ་འདྲ་ཡོང་གི་འདུག

 

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༥ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༡༩ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༢༢ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༢༣ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༢༣ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༢༣ སྔོན་ལ།

མཆན། 5

  1. བདེན་ཐུབ། says:
    ལོ་ 10 སྔོན།

    བསྟན་པ་དངོས་གྲུབ་ཟེར་བ་འདི་སྤྱི་འཐུས་སུ་ལངས་ནས་བག་ཆགས་ཆེན་པོ་ཞིག་འཇོག་མི་ཐུབ་པ་གསལ་པོ་ཡིན་ཡང་སྤྱི་འཐུས་སུ་ལངས་པར་དགག་བྱ་བྱེད་པ་མེད། བསྟན་རྣམ་ཟེར་བ་ཞིག་གིས་བསྟན་པའི་དངོས་གྲུབ་ཀྱིས་སྐུའི་གྱ་སྟོན་སྐབས་བག་ཆགས་བཞག་རབས་ཟེར་བྱུང་བ་དེ་ངོས་ལེན་བྱེད་ཐུབ་མི་འདུག གྱ་སྟོན་ལས་བྱེད་ནང་དུ་ཟླ་ཕོགས་གླ་ཆ་ལེན་མཁན་གཅིག་ཡོད་པ་དེ་བསྟན་པ་དངོས་གྲུབ་རེད་ཟེར། གངས་དཀར་རྒྱལ་སྲས་ཀྱིས་གླ་ཆ་བླངས་པར་བཤད་ནས་མཛད་རྣམ་གྱི་དེབ་ནང་མིང་ཙམ་ཡང་འཁོད་མེད་པ་དྲ་ཐོག་ཏུ་གསལ་བཤད་སླེབས་པ་མཐོང་སོང་། འོ་ན་བསྟན་པའི་དངོས་གྲུབ་ཀྱིས་གླ་ཕོགས་ཟ་བཞིན་དུ་གྱ་སྟོན་དྲུང་ཆེ་ཡི་མིང་དེ་ཡིག་ཐོག་གང་སར་བཀོད་འདུག་པས་གྱ་སྟོན་ལས་བྱེད་ཚོས་ཕྱོགས་རིས་དེ་འདྲ་གང་ནས་བྱས་ནས་བྱུང་བ་རེད།
    བསྟན་པ་དངོས་གྲུབ་ལ་འོས་མ་བླུགས་པ་ཙམ་གྱིས་མདོ་སྨད་ནང་ཁུལ་ལ་མཐུན་པོ་མེད་པ་དང་འགལ་བ་སློང་གིན་ཡོད་པ་ཞིག་སུས་ཀྱང་ཚོར་མི་སྲིད་མོད་ནམ་རྟོགས་ཅན་ལ་འདྲེ་དགུ་འཁོར་བ་ཡོང་བ་ཡང་འཇིག་རྟེན་གྱི་ཆོས་ཉིད་ཡིན་པ་རེད།

    Reply
  2. བསྟན་རྣམ། says:
    ལོ་ 10 སྔོན།

    སྤྱི་འཐུས་འོས་མི་བསྟན་པའི་དངོས་གྲུབ་ལགས་ལ་རྒྱབ་སྐྱོར་ཞུ་གི་ཡོད། རྒྱབ་སྐྱོར་ཞུ་དགོས་པའི་རྒྱུ་མཚན་མང་པོ་ཞིག་བཤད་འདོད་མི་འདུག ད་ལོ་༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གི་བརྒྱད་ཅུ་གྱ་སྟོན་ལ་མདོ་སྨད་དབུས་དང་ས་གནས་རྒྱུན་ལས་ཚོས་དཀའ་ལས་ཞེ་དྲགས་བརྒྱབ་ཡོད་ལ། དེ་ལ་བརྟེན་ནས་མདོ་སྨད་པ་ཚོས་མིག་དཔེ་ཡག་པོ་ཞིག་དང་༧གོང་ས་མཆོག་ཡིན་ནའང་ཐུགས་མཉེས་པོ་བྱུང་ཡོད། དེའི་ནང་གི་གཅིག་དེ་བསྟན་པའི་དངོས་གྲུབ་ལགས་ཡིན་ལ། ང་ལ་མཚོན་ན་ཁོང་མདོ་སྨད་སྤྱི་འཐུས་ལ་འོས་ཤོག་ངེས་པར་བླུགས་དགོས་པའི་བསམ་ཚུལ་འཛིན་མཁན་ཞིག་ཡིན། མི་ཁ་ཤས་ཀྱིས་ཆེད་མངགས་ཁ་གཡོར་ས་འདྲ་མིན་བཙལ་ནས་མདོ་སྨད་ནང་ཁུལ་ལ་འགལ་བ་སློང་གི་ཡོད། མདོ་སྨད་པ་ཚོ་རྡོག་རྩ་གཅིག་སྒྲིལ་བྱས་ན་གཞི་ནས་བོད་ཀྱི་རྩ་དོན་ལ་ནུས་པ་ཞིག་ཐོན་རྒྱུ་མ་གཏོགས་ནང་ཁུལ་དཀྲུགས་དཀྲུགས་བཏང་ནས་སྡེ་གཟར་བྱུང་ན་བོད་མིའི་རྩ་དོན་རྩོད་རྒྱུ་ཕར་ཞོག ནུས་པ་ཆུང་ཆུང་ཞིག་ཡོད་པ་དེའང་མེད་པར་འགྱུར་རྒྱུ་རེད། དེ་ལྟར་བྱུང་ན་མི་ངན་རེ་ཟུང་ལ་རྐུབ་ལྕགས་དང་གོ་སྐབས་རེག་སྲིད་ནའང་སྤྱི་པར་གནོད་ཀྱི་ཡིན་པ་རེད། དང་པོ་མདོ་སྨད་ནང་ཁུལ་མཐུན་པོ་ཡོང་ན་ཆོལ་ཁ་གཞན་ལ་མཐུན་སྒྲིལ་བྱེད་ཐུབ་པ་མ་གཏོགས། ནང་ཁུལ་འཁྲུགས་ཐེབས་པའི་སྒང་ལ་བོད་མིའི་རྡོག་རྩ་གཅིག་སྒྲིལ་ལ་ཕན་ཐོགས་མེད། དེར་བརྟེན་གཟབ་གཟབ་བྱེད་དགོས།

    Reply
  3. རྣམ་རྒྱལ། says:
    ལོ་ 10 སྔོན།

    མདོ་སྨད་དབུས་རྒྱུན་ཚོགས་གཙོར་བཞུགས་ཏེ་ཕྱག་ལས་གནང་མང་པོ་ཞིག་གནང་བར་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། ད་དུང་མུ་མཐུད་དུ་ཞབས་ཞུ་བསྒྲུབ་འདོད་ཡོད་པ་དེའང་ཡག་པོ་རེད། ཡིན་ནའང་སྒང་གི་བཀའ་མོལ་གནང་སྟངས་དེར་ཞེ་དྲག་སྣང་བར་འགྲོ་མ་སོང་། ད་ལྟ་མདོ་སྨད་ཀྱི་སྤྱི་འཐུས་ལ་བཞེངས་གི་ཡོད་པ་ཁོང་རྣམ་པར་མཐོང་ཆུང་ཁྱད་གསོད་བྱས་པ་དེ་ཡག་པོ་མ་རེད། ཁོ་རང་ཚོ་བཟང་རུང་ངན་རུང་མདོ་སྨད་པ་རྐྱང་རེད་ལ། ཁོ་རང་ཚོའི་འདས་པའི་ལོ་རྒྱུས་དེ་དག་ཀྱང་མི་གཅིག་ལ་ལྐོག་ལྐོག་སིལ་སིལ་གྱིས་སྟོན་གྱི་མེད་པར་སྤྱི་ཚོགས་ནང་རྒྱ་ཁྱབ་ཏུ་བསྒྲགས་ཀྱི་ཡོད་པ་ཡིན་པའི་དབང་གིས་ཁོ་རང་ཚོའི་སྐད་ཆ་བདེན་དང་རྫུན་མང་ཚོགས་ཀྱིས་ཐག་གིས་བཅད་ཡོང་གི་རེད།

    Reply
  4. དབང་ཆེན། says:
    ལོ་ 10 སྔོན།

    སེམས་ཁྲལ་མ་བྱེད་རོགས་། ཁྱོད་མདོ་སྨད་མི་མང་གིས་སྤྱི་འཐུས་སུ་བླུགས་མི་ཡོང་།

    Reply
  5. དབང་ཆེན། says:
    ལོ་ 10 སྔོན།

    བསྟན་པའི་ངོས་གྲུབ་ཟེར་བ་འདིས་གང་ཞིག་བཤད་ཀྱིན་ཡོད་པ་རེད་དམ། ལྡི་ལི་ནས་ལོ་རྒྱུས་བདེན་རྫུན་འདྲ་མིན་སྒྲུག་པའི་ཤོག་ལེབ་རིང་མོ་ཞིག་ངས་གྲོགས་པོ་རྩར་ཁོ་རང་གིས་བཞག་ཏེ་སྦྱར་རོགས་ཞེས་འབོད་སྐུལ་ཞུས་འདུག་པ་དང་།ལྷོ་ཕྱོགས་དན་ས་ཁག་ཚང་མ་ལ་སྐུར་ཏེ་ཁྱབ་བསྒྲག་བྱེད་རོགས་བཤད་འདུག་ དེ་རིང་ཡང་ངས་ཁྱབ་བསྒྲག་བྱེད་མེད་མདོག་མདོག་བྱེད་ཀྱིན་འདུག ངོ་ཚ་མེད་ན་ཚར་ལེ་རེད།མདོ་སྨད་མི་མང་ལྐུག་པ་མ་ཟོ་ཨ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese