མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཚོ་བའི་འགྲན་རྩོད་ཁྲོད་མི་མང་པོ་རེ་ཆད་ཐབས་ཟད་དུ་འགྱུར་བཞིན་ཡོད།

བོད་ཀྱི་དུས་བབ།
༢༠༡༥/༡༡/༠༤
Share on FacebookShare on TwitterShare on EmailShare on Whatsapp

 

དེ་རིང་བཞུགས་སྒར་ཕོ་བྲང་དུ་༧གོང་ས་མཆོག་དབུ་བཞུགས་ཐོག་བཙན་བྱོལ་བོད་མི་དང་རྒྱ་གར་བ། ཨ་རི་བཅས་ཀྱི་ཚོང་པའི་ཚོགས་བསྡུའི་སྟེང་། ཚོང་ལས་དཔལ་འབྱོར་ཡར་རྒྱས་བཏང་བ་དང་འབྲེལ་མི་ཚེ་ལ་བདེ་སྐྱིད་བསྐྲུན་ཏེ་རང་བཞིན་གཉིས་ཕན་སྒྲུབ་སྟངས་སྐོར་ལ་བགྲོ་གླེང་གནང་སོང་།

 

IMG_8903 དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ སྟེང་། ཨ་རིའི་ཚོང་ལས་སྒྲིག་འཛུགས་ལྟེ་གནས་ཁང་ (AEI) གི་གོ་སྒྲིག་འོག དྷ་རམ་ས་ལའི་བཞུགས་སྒར་ཕོ་བྲང་གི་ཚོགས་ཁང་དུ། ཞེན་ཆགས་མེད་པའི་ཐོག་ནས་འབྱོར་ཕྱུག་བཟོ་རྒྱུ་དང་དཔལ་འབྱོར་ཡར་རྒྱས་ལ་བརྟེན་ནས་འཛམ་གླིང་ནང་བདེ་སྐྱིད་བསྐྲུན་ཐབས་ (Abundance Without Attachment, Pursuing Happiness in a World of Economic Growth) ཞེས་པའི་བརྗོད་གཞིའི་ཐོག ༧གོང་ས་མཆོག་དབུ་བཞུགས་ཐོག་བགྲོ་གླེང་ཚོགས་འདུ་ཞིག་ཚོགས་ཡོད་པ་དང་། ཚོགས་འདུ་དེར་ཨ་རིའི་ཚོང་ལས་སྒྲིག་འཛུགས་ལྟེ་གནས་ཁང་དང་རྒྱ་གར་གྱི་དབུལ་སྐྱོར་ཁེ་ལས་སྡེ་ཁག དེ་བཞིན། བོད་མིའི་སྒྲིག་འཛུགས་ནང་སྲིད་མཉམ་ལས་དང་། དཔལ་འབྱོར་ཚོང་པའི་ལྷན་ཚོགས་སོགས་སྐུ་མགྲོན་ ༦༠ ཙམ་མཉམ་ཞུགས་གནང་སོང་། ཚོང་པའི་བགྲོ་གླེང་ཚོགས་འདུའི་དགོས་དམིགས་གཙོ་བོ་དེང་གི་དཔལ་འབྱོར་འདུ་འགོད་ལ་བརྟེན་ཏེ་ཁེ་ལས་པ་ཚོས་སོ་སོའི་ཁེ་བཟང་གཉེར་རྒྱུ་གཅིག་པུ་མ་མིན་པར། སྤྱི་མང་གི་དབུལ་ཕོངས་སེལ་ཐབས་དང་འཚོ་གནས་ལ་བདེ་སྐྱིད་བསྐྲུན་ཐབས་བཅས་བདག་གཞན་གཉིས་ལ་དོན་ཕན་ལྡན་པའི་ཁེ་ལས་གཉེར་ཕྱོགས་སྐོར་ཡིན་འདུག

 

བགྲོ་གླེང་ཚོགས་འདུའི་གཙོ་སྐྱོང་བ་སྐུ་ཞབས་ཨར་ཐུར་བྷི་རའོ་ཁི་ (Arthur Brooks) ལགས་ཀྱིས་ཚོགས་འདུའི་དགོས་དམིགས་ངོ་སྤྲོད་གནང་བར། དེ་རིང་༧གོང་ས་མཆོག་དང་ལྷན་དུ་ང་ཚོས་ཉིན་གཉིས་རིང་གི་ཚོང་པའི་བགྲོ་གླེང་འདི་བརྒྱུད་དཔལ་འབྱོར་འདུ་འགོད་ཀྱི་ཕུགས་འདུན་མངོན་འགྱུར་ཡོང་བ་དང་། འགྲོ་བ་མིའི་སྤྱི་ཚོགས་ནང་དོན་ཕན་ལྡན་པའི་བདེ་སྐྱིད་ཀྱི་འཚོ་གནས་བསྐྲུན་ཐུབ་པའི་རེ་བ་ཡོད། ཅེས་བརྗོད་སོང་།

 

རྒྱ་གར་མངའ་སྡེ་ཨོ་ཌེ་ཤཱ་ (Odisha) ཆབ་སྲིད་ཚོགས་པའི་འཐུས་མི་སྐུ་ཞབས་རྗེན་པན་ཌ་ (Jay Panda) ལགས་ཀྱིས་དབུལ་ཕོངས་མི་མང་སྐོར་ལ། ངས་ནམ་རྒྱུན་མི་མང་གི་དབུལ་ཕོངས་ཀྱི་ཕྱོགས་དེ་མཐོང་གི་འདུག དཔེར་ན། དབུལ་ཞིང་ཕོངས་པའི་མི་མང་གིས་སོ་སོར་ཡིད་ཆེས་མེད་པ་དང་རང་མཐོང་མེད་པའི་གནས་སྟངས་འོག་འཚོ་གནས་ཀྱི་བྲན་གཡོག་ཏུ་འགྱུར་བཞིན་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་མི་མང་གིས་དབུལ་ཕོངས་ཀྱི་འཚོ་གནས་རྩོད་ལེན་བྱེད་པར་བརྟེན་ནས་སོ་སོའི་ཆེ་མཐོང་ཤོར་གྱི་ཡོད། དཔེར་ན། ལོ་ངོ་ ༡༥ སྔོན་ལ་ང་རང་མངའ་སྡེའི་གྲོས་ཚོགས་ནང་ཡོད་དུས། ང་ཚོའི་མངའ་སྡེའི་ནང་ལོ་རེར་ཡུལ་མི་བརྒྱ་ཕྲག་མང་པོ་ལྟོགས་སྐོམ་གྱིས་གྲོངས་ཀྱི་ཡོད་པ་དང་། དེང་སྐབས་མི་མང་གི་འཚོ་གནས་ཅུང་ཡར་རྒྱས་ཕྱིན་ཡོད་ཀྱང་། མི་མང་གིས་སོ་སོར་ཡིད་ཆེས་དང་རང་མཐོང་མེད་པའི་གནད་དོན་དེ་མུ་མཐུད་ལྷག་འདུག ཐེངས་ཤིག་བུད་མེད་ཅིག་ཡོང་ནས་ང་ལ་ཧིན་སྒོར་ ༡༠ བསླངས་སོང་། སྐབས་དེའི་གྲོང་གསེབ་ཀྱི་འཚོ་གནས་ཐད་ནས་བཤད་ན་ཧིན་སྒོར་ ༡༠ དེ་གང་ལ་གང་འཚམ་གྲངས་ཀ་ཆེན་པོ་ཞིག་རེད། བུད་མེད་དེས་བདག་གི་གཏོང་ཕོད་ལ་བསྔགས་བརྗོད་ཡི་རངས་གནང་སོང་། ཞེས་བརྗོད་སོང་།

 

IMG_8918ཨ་རིའི་ཚོང་ལས་སྒྲིག་འཛུགས་ལྟེ་གནས་ཁང་གི་དབུལ་ཕོངས་ཞིབ་འཇུག་ཚན་པའི་ཆེད་མཁས་པ་སྐུ་ཞབས་རའོ་བྷིར་ཊི་ཌོར་ (Robert Doar) ལགས་ཀྱིས། ང་རང་རྒྱལ་གར་ནང་སྐྱེས་པ་ཡིན་ཞིང་། དེང་གི་དངོས་པོའི་དཔལ་ཡོན་ལ་བརྟེན་ནས་ང་ལ་འབྱོར་ཕྱུག་ཅུང་རྒྱས་པ་ཡིན་སྟབས། ང་ལ་རྒྱུན་པར་ཡིད་མ་ཚིམས་པའི་ཚོར་སྣང་འབྱུང་གི་འདུག ཉེ་བའི་ཆ་ནས་ངས་དེང་དུས་ཀྱི་ཚན་རིག་དང་བཟོ་རིག ཁེ་ལས་གསུམ་ཟུང་སྦྲེལ་གྱིས་རང་དང་འདྲ་བའི་མི་ཚང་མར་བྱམས་བརྩེ་དང་སྙིང་རྗེ་བསྐྱེད་པ་ཡིན། དེ་ལ་བརྟེན་ནས་ངས་འབྱོར་ཕྱུག་གིས་མི་ལ་ནུས་སྟོབས་སྤེལ་ཐུབ་པ་ཤེས་རྟོགས་བྱུང་སོང་། བརྩེ་བ་དང་འབྱོར་བ། དངུལ་ལོ་སོགས་ནི་མིའི་འཚོ་བའི་ནུས་སྟོབས་ཤིག་རེད། གལ་སྲིད་ང་ཚོས་བརྩེ་བ་ནི་ནུས་སྟོབས་ཤིག་ཏུ་མཐོང་ཚེ། དེ་ནི་ང་ཚོས་ལོངས་སུ་སྤྱོད་བཞིན་པའི་འབྱོར་ཕྱུག་བཞིན་འཁོར་སྐྱོད་བྱེད་ཀྱི་ཡོད། ང་ཚོས་ཕར་ལ་གཏོང་ཕོད་ཇི་ལྟར་ཆེ་ན། ཚུར་ལའང་ཁེ་སྤོགས་དེ་ཙམ་འཐོབ་ངེས་ཡིན། ང་ཚོ་ཚང་མས་བདེ་སྐྱིད་ཀྱི་འཚོ་བ་ལོངས་སུ་སྤྱོད་འདོད་ཡོད་པ་རེད། ཡིན་ནའང་འཚོ་བའི་འགྲན་རྩོད་ཁྲོད་དུ་མི་མང་པོ་ཞིག་རེ་ཆད་ཐབས་ཟད་དུ་འགྱུར་བཞིན་ཡོད། སྤྱིར་འགྲོ་བ་མིའི་འཚོ་གནས་ཞིབ་འཇུག་ནང་འཛམ་གླིང་སྟེང་འགྲོ་བ་མི་ཡོད་དོ་ཅོག་ཕན་ཚུན་རྟེན་འབྲེལ་དུ་གནས་པར་བཤད་ཀྱང་། དོན་དངོས་སུ་དེང་སྐབས་འཛམ་གླིང་སྟེང་གི་འགྲོ་བ་མི་ཚང་མ་ཕན་ཚུན་ལ་འབྲེལ་འདྲིས་མེད་པ་ལྟར་རེ་ཆད་འུ་ཐུག་གིས་འཚོ་བཞིན་ཡོད། དེར་བརྟེན། ང་ཚོས་འབྱོར་ཕྱུག་གི་རམ་འདེགས་ལ་བརྟེན་ནས་དཀའ་སྡུག་འདི་ངེས་པར་དུ་སེལ་དགོས་ཀྱི་ཡོད་པ་རེད། ཅེས་བརྗོད་སོང་།

 

༧གོང་ས་མཆོག་གིས་བཀའ་སློབ་གནང་དོན། ང་ཚོ་ཚང་མ་རང་བཞིན་གྱིས་དགའ་སྐྱོ་ཆགས་སྡང་གི་མྱོང་བ་ཟབ་པའི་སྲོག་ཆགས་ཤིག་ཡིན་པ་དང་། མྱོང་བ་ཟབ་མོ་འདིའི་ཐད་ནས་འབུ་རིགས་ཕྲ་མོ་ལ་ཚོར་ཤེས་དང་གོ་རྟོགས་དམན་པོ་ཡོད་སྟབས། ཁོ་ཚོ་དེ་རིང་འདིར་ཡོང་ནས་འཚོ་གནས་ཀྱི་དཀའ་སྡུག་སེལ་ཐབས་ལ་བགྲོ་གླེང་གནང་ཐུབ་ཀྱི་མེད། ཁོ་ཚོ་འགུལ་སྐྱོད་ཙམ་གྱི་འཚོ་ཐབས་ལ་བརྟེན་ཡོད། ང་ཚོ་མིའི་ཀླད་པའི་གོ་རྟོགས་དང་འདྲ་གི་མ་རེད། ང་ཚོ་སྨྲ་ཤེས་དོན་གོ་བའི་སྲོག་ཆགས་ཤིག་ཡིན་སྟབས། ང་ཚོས་མིའི་འཇིག་རྟེན་འདི་ཇེ་ལེགས་སུ་གཏོང་དགོས་ཀྱི་ཡོད་པ་རེད། ང་ཚོ་ཚང་མ་བདེ་སྐྱིད་འདོད་པ་དང་སྡུག་བསྔལ་མི་འདོད་གཅིག་མཚུངས་ཡིན། ཡིན་ནའང་ང་ཚོ་འཇིག་རྟེན་འདིར་སྐྱེས་པ་ནས་སྡུག་བསྔལ་མྱོང་གི་ཡོད། སྡུག་བསྔལ་དེ་ང་ཚོ་རང་ཉིད་ཀྱིས་བཟོས་པ་ཡིན་དུས། ད་ལྟ་ང་ཚོས་སོ་སོའི་ནོར་འཁྲུལ་ཡོ་བསྲང་བྱེད་ཐབས་ལ་བསམ་བློ་གཏོང་དགོས་པ་དང་། ང་ཚོར་ང་ཚོས་བཟོས་པའི་དཀའ་སྡུག་སེལ་དགོས་པའི་འགན་ཡོད་པ་རེད། གལ་ཏེ་ང་ཚོས་རང་ཉིད་ཀྱིས་བཟོས་པའི་དཀའ་སྡུག་སེལ་ཐབས་མེད་ན། གཞན་གང་གིས་ཀྱང་སེལ་ཐབས་ཡོད་པ་མ་རེད། ང་ཚོས་ཕན་ཚུན་ལ་བསམ་ཤེས་གུ་ཡངས་མ་བྱས་པའི་རྐྱེན་གྱིས་མིས་བཟོས་པའི་དཀའ་སྡུག་ལ་འཕྲད་ཀྱི་ཡོད་པ་རེད། དཀའ་སྡུག་འདི་དག་ཁྲོ་སྡང་དང་སྒེར་སེམས་ལ་བརྟེན་ནས་འབྱུང་གི་ཡོད་སྟབས། དཀའ་སྡུག་འདི་སེལ་བའི་ནུས་སྟོབས་ང་ཚོར་ཏན་ཏན་ཡོད་པ་རེད། ཅེས་གསུང་སོང་།

 

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༠ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༠ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༡༤ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 1

  1. དགེ་བཤེས་བྱམས་པ་རྒྱལ་མཚོ་་་སེར་བྱེས་གྲྭ་ཚང་། says:
    ལོ་ 10 སྔོན།

    ཐུག་རྗེ་ཆེ་ཞུ་གི་ཡོད། གོང་ནས་མི་ཉམས་ཆུང་ལ་གང་ཐབས་བཀལ་ངལ་སེལ་ཡ་ལ་འབད་བརྩོན་གནང་བའི་བརྗོད་གཞི་རྣམས་ལ་ཡིད་རམ་ཞུ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese