མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གི་ཡང་སྲིད་ལ་ཐེ་གཏོགས།

བོད་ཀྱི་དུས་བབ།
༢༠༡༥/༡༢/༠༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཀྲུའུ་ཝེ་ཆིན་ཟེར་བ་དེས་༧གོང་ས་མཆོག་གི་ཡང་སྲིད་གནད་དོན་ལ་རྒྱ་ནག་གཞུང་གིས་བློས་གཏོང་ནམ་ཡང་བྱ་རྒྱུ་མིན་སྐོར་བརྗོད་འདུག

 

༡༢༢༢༢༢ཁ་སང་རོའུ་ཊར་གསར་ལམ་སྟེང་རྒྱ་ནག་གཞུང་གི་མཐོ་རིམ་དཔོན་རིགས་ཤིག་གིས་ཏཱ་ལའི་བླ་མ་མཆོག་དང་། བོད་དོན་རྒྱབ་སྐྱོར་པས་ཏཱ་ལའི་བླ་མ་སྐུ་སྒེར་ལ་སྐུའི་ཡང་སྲིད་ངོས་འཛིན་བྱ་རྒྱུའི་འགན་དབང་ཡོད་པ་ལས། རྒྱ་ནག་གཞུང་ལ་ཐེ་ཇུས་བྱེད་དབང་མེད་པའི་སྐྱོན་བརྗོད་བྱས་དང་བྱེད་བཞིན་ཡོད་ཀྱང་། ང་ཚོས་མ་འོངས་པར་གོ་སྐབས་དམ་འཛིན་བྱས་ནས་ཏཱ་ལའི་བླ་མའི་ཡང་སྲིད་ངོས་འཛིན་བྱ་རྒྱུའི་གནད་དོན་ཐད་བློས་གཏོང་ནམ་ཡང་བྱ་རྒྱུ་མིན་ཞེས་ཕྱིར་བསྒྲགས་བྱས་འདུག

 

རྒྱ་གར་ཧིན་རྡུ་སི་ཐན་དུས་བབ་ཀྱིས། ཉེ་བའི་ལོ་ཤས་ནས་བོད་མིའི་དབུ་ཁྲིད་ཏཱ་ལའི་བླ་མ་མཆོག་དང་ཆོས་མེད་སྨྲ་བའི་རྒྱ་ནག་དམར་ཤོག་རིང་ལུགས་དབར་སུ་ལ་སྐུའི་ཡང་སྲིད་གནད་དོན་ཐག་གཅོད་བྱེད་དབང་ཡོད་མེད་ཐད་རྩོད་གླེང་ཤུགས་ཆེ་འབྱུང་བཞིན་ཡོད་སྟབས། ད་ལྟ་བོད་རིགས་ཚོས་རྒྱ་ནག་གཞུང་གིས་སྐུའི་ཡང་སྲིད་གནད་དོན་ཁ་ལ་འཁྱེར་ཏེ། ཏཱ་ལའི་བླ་མའི་ཡང་སྲིད་ངོས་འཛིན་ཐུབ་ཐབས་བྱས་ནས་བོད་བརྒྱུད་ནང་བསྟན་ཁ་བྲལ་གཏོང་རྒྱུའི་ངན་བྱུས་གཤོམ་བཞིན་ཡོད་པར་ཞེད་སྣང་དང་། རྒྱ་ནག་གཞུང་གིས་འཆར་གཞི་འདྲ་མིན་འདིང་ནས་དམིགས་ཡུལ་དེ་བསྒྲུབ་རྒྱུར་རྩོད་ལེན་ཤུགས་ཆེན་བྱེད་བཞིན་ཡོད་པ་རེད་ཅེས་དང་། ༧གོང་ས་མཆོག་གིས་ངོས་ཀྱི་སེམས་ཁྲལ་ཆེ་ཤོས་བྱ་ཡུལ་ནི་རྒྱ་ནག་གཞུང་གིས་ལམ་ལུགས་གསར་བཟོ་བྱས་ཏེ། ངོས་ཀྱི་ཡང་སྲིད་ངོས་འཛིན་བྱ་རྒྱུར་གྲ་སྒྲིག་བྱེད་བཞིན་ཡོད་པ་དེ་རེད། ཅེས་གསུངས་ཡོད་སྐོར་ཡང་བརྗོད་འདུག

 

རོའུ་ཊར་གསར་ལམ་གྱིས་རྒྱ་ནག་གི་གྲངས་ཉུང་མི་རིགས་ཆོས་ལུགས་ལས་དོན་ལྷན་ཁང་གི་འགན་འཛིན་ཀྲུའུ་ཝེ་ཆིན་ཟེར་བ་དེས། རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་གོ་ལའི་དུས་བབ་ཐོག་སྤེལ་བའི་ཆེད་བརྗོད་རྩོམ་ཡིག་ཞིག་གི་ནང་དོན་ཁག་ཅིག་ལུང་འདྲེན་བྱས་པའི་ནང་། རྒྱ་ནག་དབུས་གཞུང་གིས་ཏཱ་ལའི་བླ་མའི་སྐུའི་ཡང་སྲིད་གནད་དོན་ཐག་གཅོད་ཐུབ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ཁ་བྲལ་བའི་འཐབ་རྩོད་ལས་རྒྱལ་ཁ་འཐོབ་པ་བྱ་རྒྱུ་ཡིན། ཡང་སྲིད་གནད་དོན་ནི་ཆོས་ལུགས་རྐྱང་པ་དང་ཏཱ་ལའི་བླ་མའི་སྐུ་སྒེར་གྱི་ཐོབ་ཐང་ཙམ་མིན་པར། བོད་ཀྱི་གལ་འགངས་ཆེ་ཤོས་ཀྱི་ཆབ་སྲིད་གནད་དོན་དང་། རྒྱ་ནག་དབུས་གཞུང་གིས་བོད་ཀྱི་བདག་དབང་ལ་ཁ་ལོ་བསྒྱུར་མིན་གྱི་གལ་ཆེན་གྲུབ་ཆ་ཞིག་ཆགས་ཡོད་པ་རེད། ཏཱ་ལའི་བླ་མ་མཆོག་ནི་བོད་ཀྱི་སྲིད་སྐྱོང་གཙོ་བོ་དེ་ཡིན་པར་བརྟེན། ཁོང་གི་མཚན་གནས་སུ་ལ་བྱུང་བ་ཡིན་ན་དེས་བོད་ཀྱི་ཆབ་སྲིད་སྐྱོང་རྒྱུ་ཡིན་སྟབས། འདས་པ་ནས་བཟུང་རྒྱ་ནག་དབུས་གཞུང་གིས་ཁོང་གི་ཡང་སྲིད་གནད་དོན་སྐོར་ལ་བློས་གཏོང་བྱས་མྱོང་མེད་ལ། མ་འོངས་པར་ཡང་བྱ་མི་སྲིད། འདི་ནི་ཡུལ་ཁྲིམས་དང་མཐུན་པ་ཞིག་ཡིན་སྟབས། གནད་དོན་འདི་ལ་ཐེ་གཏོགས་བྱེད་མཁན་གྱི་གཞུང་དེ་ཆོས་ལུགས་ལ་དད་ཞེན་ཡོད་མེད་དང་འབྲེལ་བ་གང་ཡང་མེད། ཅེས་བརྗོད་འདུག

 

རྒྱལ་སྤྱིའི་གསར་ལམ་ཁག་ཅིག་གིས། ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་དམར་ཤོག་ཚོགས་པས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་རྗེས། ༧གོང་ས་མཆོག་རྒྱ་གར་ལ་སྐྱབས་བཅོལ་དུ་ཕེབས་ནས་བོད་ཀྱི་བདེན་པའི་འཐབ་རྩོད་གནང་བ་དེར་རྒྱ་གཞུང་གིས་རྒྱལ་ཁབ་ཁ་བྲལ་གཏོང་གི་ཡོད་པའི་འཁྱོག་བརྗོད་བྱས་ཏེ།  སྐྱོན་འཛུགས་བྱས་དང་བྱེད་མུས་ཡིན་ཡང་། ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཁོང་གིས་གཉིས་ཕན་དབུ་མའི་ལམ་གྱི་བཞེངས་ཕྱོགས་མུ་མཐུད་བཟུང་གནང་སྟེ། རྒྱ་ནག་གཞུང་དང་འདུམ་འགྲིག་གནང་ནས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་ཡོང་ཐབས་ལ་ཐུགས་བརྩོན་གནང་བཞིན་ཡོད། ཡིན་ནའང་། ད་བར་རྒྱ་ནག་གཞུང་གིས་བཟང་ཕྱོགས་ཀྱི་བརྡ་ལན་གང་ཡང་སྤྲད་མེད་པ་མ་ཟད། ད་ལྟ་སྐུའི་ཡང་སྲིད་གནད་དོན་ལའང་ཐེ་གཏོགས་བྱེད་མགོ་བཙུགས་ཏེ། དེ་སྔོན་༧གོང་ས་མཆོག་གིས་ཏཱ་ལའི་བླ་མའི་མཚན་གནས་ཁོང་དང་མཉམ་དུ་མེད་པ་ཆགས་སྲིད་པ་ཞིག་ཡིན་གསུངས་པར། རྒྱ་ནག་གཞུང་གིས་ཁོང་སྐུ་སྒེར་ལ་ཐག་གཅོད་དེ་ལྟ་བུ་བྱེད་དབང་མེད་ཚུལ་བརྗོད་དེ། བོད་ཀྱི་ཆབ་དཔལ་རིག་གཞུང་དང་བཅས་པའི་གནའ་རབས་རིག་གཞུང་ལ་ནག་གསུབ་གཏོང་བཞིན་ཡོད་སྐོར་གྱི་སྐྱོན་བརྗོད་ཞུས་ཡོད་ལུགས་སོགས་བརྗོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་ཆོས་དཔོན་ས་ར་མུ་ལ་ལི་ལགས་སུ་འཚམས་འདྲི་མཛད།

སྐར་མ ༢༤ སྔོན་ལ།
Sikyong Penpa Tsering Extends Sincere Congratulations to Nepal’s New Prime Minister, Honourable Balendra Shah. Photo Credit: tibet.net
Mobile App

སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་འཚམས་འདྲི་ཞུས།

ཆུ་ཚོད་ ༡ སྔོན་ལ།
Mobile App

བལ་ཡུལ་གྱི་སྲིད་བློན་དང་ནང་སྲིད་བློན་ཆེན་ཟུར་བ་གཉིས་འཛིན་བཟུང་བྱས།

ཆུ་ཚོད་ ༢ སྔོན་ལ།
TTTT
Mobile App

བོད་མི་དུད་ཚང་ ༨༥༠ ལ་གཞིས་སྤོར་ས་ཁང་བགོ་འགྲེམས་བྱས་ཟིན་ཡོད་འདུག

ཆུ་ཚོད་ ༣ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༣།༢༧
Mobile App

བོད་ཕྲུག་གཅིག་པུར་དམིགས་པའི་སློབ་གྲྭ་ཁག་ཅིག་དགོས་གལ་ཆེ།

༢༠༢༦/༠༣/༢༧
Nepal to get new railway line with India as RSP gov’t takes office, its Tibet railway lagging. Edited by tibettimes
Mobile App

རྒྱ་གར་དང་བལ་ཡུལ་བར་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་འཆར་འདུག

༢༠༢༦/༠༣/༢༧

མཆན། 1

  1. གསེར་རྟའི་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 10 སྔོན།

    རྒྱ་ནག་གི་གྲངས་ཉུང་མི་རིགས་ཆོས་ལུགས་ལས་དོན་ལྷན་ཁང་གི་འགན་འཛིན་ཀྲུའུ་ཝེ་ཆིན་ཟེར་བ་དེས་ད་ཐེངས་དམར་གཞུང་གི་སེམས་གཏིང་གི་བསམ་ཚུལ་ངོ་མ་དང་། དོན་དངོས་གནས་ཚུལ་ཞིག་ཁ་ནས་དབང་མེད་དུ་ཤོར་འདུག
    ཁོས་༼༼ཡང་སྲིད་གནད་དོན་ནི་ཆོས་ལུགས་རྐྱང་པ་དང་ཏཱ་ལའི་བླ་མའི་སྐུ་སྒེར་གྱི་ཐོབ་ཐང་ཙམ་མིན་པར། བོད་ཀྱི་གལ་འགངས་ཆེ་ཤོས་ཀྱི་ཆབ་སྲིད་གནད་དོན་དང་། རྒྱ་ནག་དབུས་གཞུང་གིས་བོད་ཀྱི་བདག་དབང་ལ་ཁ་ལོ་བསྒྱུར་མིན་གྱི་གལ་ཆེན་གྲུབ་ཆ་ཞིག་ཆགས་ཡོད་པ་རེད།༽༽ཅེས་པ་འདི་རེད། ཚིག་འདི་འདྲ་ཞིག་ཁོས་ཁ་ནས་ཤོར་བ་དང་། ལྷག་ཏུ་ཁོས་ཁ་ནས་རིན་ཆེན་གསེར་ལས་རིན་ཐང་ཆེ་བ་ཞིག་ཤོར་ཡོད་པ་དེ་ནི། ༼༼རྒྱ་ནག་དབུས་གཞུང་གིས་བོད་ཀྱི་བདག་དབང་ལ་ཁ་ལོ་བསྒྱུར་མིན་གྱི་གལ་ཆེན་གྲུབ་ཆ་ཞིག་ཆགས་ཡོད་པ་རེད།༽༽ཅེས་པ་འདི་རེད། ཚིག་འདིས་ད་བར་རྒྱ་དམར་སྲིད་གཞུང་གིས་༸རྒྱལ་མཆོག་སྐུ་འཕྲེང་བཅུ་བཞི་བ་ཆེན་པོ་མཆོག་ལ་དབང་བསྒྱུར་བྱེད་ཐུབ་མེད་པར་བརྟེན། ད་བར་རྒྱ་ནག་དབུས་གཞུང་གིས་བོད་ཀྱི་བདག་དབང་ལ་ཁ་ལོ་བསྒྱུར་ཐུབ་མེད་པའམ། དབང་བསྒྱུར་བྱེད་ཐུབ་མེད་པར་བསྟན་འདུག་པ་འདི་རེད་ལ། དེ་ནི་དངོས་གནས་ཀྱང་རེད། དེར་བརྟེན་ང་ཚོ་གཞུང་མང་དང་། ཚོགས་སྒེར་ཡོངས་དང་། བོད་དོན་རྒྱབ་སྐྱོར་བ་སོགས་ཚང་མས་ཚིག་འདི་ལ་བདག་རྒྱག་དགོས་པ་རེད།
    འོན་ཀྱང་ཉི་མ་གཅིག་ལ་ནང་བསྟན་གཞུང་ལུགས་ལ་སློབ་གཉེར་སྦྱང་བརྩོན་མ་མྱོང་ཞིང་། ཆོས་དུག་ཏུ་ལྟ་མཁན་ཡིན་པ་གང་ཞིག་ལ། འཕགས་པ་སྤྱན་རས་གཟིགས་ཁས་མི་ལེན་པའི་དམར་ཤོག་རང་ལུགས་པ་འདིས་ཕྱག་ན་པདྨའི་རྣམ་སྤྲུལ་ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་༸གོང་ས་ཡིད་བཞིན་ནོར་བུའི་ཡང་སྤྲུལ་གྱི་དགོས་དོན་སོགས་བཤད་ཁུལ་བྱེད་པ་འདི་ནི་གད་མོ་འཆོར་དགོས་པའི་གནད་དོན་ཡིན་མོད། ད་དུང་རྒྱ་རྒན་འདི་ལ་ངོ་ཚ་གཏན་ནས་མེད་པ་འདིས་ད་ལྟའི་རྒྱ་ནག་དམར་ཤོག་པའི་མིའི་རྒྱུ་སྤུས་ལ་འགྲེལ་བཤད་ཆ་ཚང་བརྒྱབས་ཡོད།
    གོ་སྐབས་འདི་བཟུང་ནས་རྒྱ་རྒན་འདི་ལ་འབོད་བསྐུལ་ཞུ་རྒྱུ་ཞིག་ནི། ད་ལྟའི་དམར་ཤོག་པར་རློམས་པའི་སྒེར་གཅོད་པ་རྒྱ་དཔོན་ཁྱོད་ཚོས། ༸གོང་ས་ཡིད་བཞིན་ནོར་བུའི་རང་གཞན་གཉིས་ཕན་གྱི་རླབས་ཆེན་དགོངས་གཞི་འཕྲོ་བརླག་ཏུ་མ་གཏང་རོགས་ཞུ། རྒྱ་བོད་མི་རིགས་གཉིས་ཀྱི་མ་འོངས་པའི་གཉིས་ཕན་གྱི་བདེ་སྐྱིད་དེ་སྒེར་གཅོད་དབང་འཛིན་པ་རྒྱ་དཔོན་ཁྱོད་ཚོས་ཤི་ལམ་དུ་མི་འདེད་རོགས་ཞུ། མདོར་ན་མ་འོངས་པར་བོད་རྒྱ་མི་རིགས་གཉིས་གཏན་དུ་ཁ་བྲལ་སོགས་བསམ་ཡུལ་ལས་འདས་པའི་གནས་སྟངས་ག་འདྲ་ཞིག་བྱུང་ཡང་དེའི་འགན་ཡོངས་རྫོགས་ཁྱོད་ཚོའི་མགོ་ལ་ཡོད་པ་ལ་སྔ་ས་ནས་བསམ་བློ་ཐོངས་ཞུ་རྒྱུ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese