མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འོས་བསྡུས་མི་མང་གི་འབོད་སྒྲའི་སྟོབས་ཤུགས་བསྐྱེད་ཐུབ།

བོད་ཀྱི་དུས་བབ།
༢༠༡༥/༡༢/༠༤
Share on FacebookShare on TwitterShare on EmailShare on Whatsapp

ཆབ་སྲིད་རིག་པ་བ་ཨར་ཐུར་ལུ་པེ་ཡ། (Arthur Lupia) པདྨ་རྒྱལ་གྱིས་སྒྲིག་བསྒྱུར་བྱས།

_______གལ་ཏེ་འོས་ཤོག་མང་ཉུང་གི་གནད་དོན་མེད་པའི་དབང་དུ་བཏང་ནའང་། ཆབ་སྲིད་པ་དང་སྐབས་འཚོལ་བ་ཚོས་མི་མང་གི་དགོས་འདུན་ངོ་མ་བསྒྱུར་ཏེ། མི་མང་གིས་ཁོ་རང་ཚོའི་ཆབ་སྲིད་ལངས་ཕྱོགས་ལ་རྒྱབ་སྐྱོར་ཡོད་ལུགས་བསྙད་ནས་མགོ་གཡོག་མགོ་སྐོར་གཏང་སྲིད།

 

election-2016འོས་ཤོག་མང་ཉུང་གི་རྐྱེན་པས་འོས་མི་ཚོ་སྲིད་དོན་གྱི་ཉེས་ཅན་དུ་བསྙད་དེ། ཁོ་ཚོར་དམངས་གཙོའི་འདུ་ཤེས་ཞན་ཁར། སྲིད་དོན་ཐག་གཅོད་ཀྱི་འཇོན་ནུས་མེད་པའི་སྐྱོན་འཛུགས་ཐེབས་ཀྱི་ཡོད། དེར་བརྟེན། ཨ་རིའི་མི་མང་བྱིངས་འོས་བསྡུའི་ནང་མཉམ་ཞུགས་བྱེད་ཀྱི་ཡོད་ཀྱང་། དེ་ཡང་ས་གནས་རིམ་པའི་འོས་བསྡུ་ཙམ་ལས་ཅི་ཡང་མིན་ལ། འོས་མི་ཚོས་འོས་བསྡུའི་འགྲོ་གྲོན་གཏོང་ཐུབ་ཀྱི་མེད་པའམ་ས་གནས་འོས་བསྡུའི་གཞི་རྒྱ་ཆུང་དྲགས་ཏེ་འོས་བསྡུ་རིན་མེད་པ་སོགས་ཀྱི་རྐྱེན་པས་ཨ་རིའི་ནང་དམངས་གཙོའི་འོས་བསྡུ་ཚད་ལྡན་ཞིག་ཚུགས་ཐུབ་ཀྱི་ཡོད་པ་མ་རེད།

 

གལ་སྲིད་འོས་ཤོག་མང་ཉུང་གི་གནད་དོན་མེད་པའི་དབང་དུ་བཏང་ཡང་། སྲིད་དོན་གྱི་རྩོད་རྙོག་གཅིག་མཚུངས་ཤིག་རང་ཤུགས་ཀྱིས་འབྱུང་གི་ཡོད་དེ། མི་མང་གིས་འོས་མི་ཚོར་དམངས་གཙོའི་འདུ་ཤེས་ཞན་ཁར། ཁོ་ཚོས་ས་གནས་ཆབ་སྲིད་ཀྱི་གནད་དོན་ཐག་གཅོད་པའི་འཇོན་ནུས་མེད་པའི་སྐྱོན་བརྗོད་བྱེད་ཀྱི་ཡོད་ལ། དེ་ཡང་མི་མིང་གི་དགོས་འདུན་ཇི་བཞིན་མ་འགྲུབ་པའི་མཇུག་འབྲས་སུ། མི་མང་གིས་གཡོལ་ཐབས་མེད་པའི་སྲིད་དོན་རྩོད་རྙོག་འདི་རིགས་ལ་སྐྱོན་བརྗོད་གནང་གི་ཡོད་པ་དང་། དེ་བཞིན། མི་མང་པོ་ཞིག་གིས་སོ་སོའི་དགོས་འདུན་མ་འགྲུབ་པའི་སྟབས་ཀྱིས་འོས་ཤོག་གི་མང་ཉུང་ལ་སྐྱོན་འཛུགས་བྱེད་ཀྱི་ཡོད།

 

གལ་སྲིད་ཁྱེད་ཀྱིས་འོས་ཤོག་མང་ཉུང་གི་རྐྱེན་པས་དམངས་གཙོའི་ལམ་ལུགས་ལ་ཤན་ཤུགས་ཐེབས་ཀྱི་ཡོད་པར་སྙམ་ན། ཁྱེད་ཀྱིས་འདམ་ང་གཞན་ཞིག་ལ་བསམ་བློ་གཏོང་དགོས། གལ་སྲིད་འོས་ཤོག་མང་ཉུང་གི་གནད་དོན་མེད་པའི་དབང་དུ་ཆུགས་ཀྱང་། ཆབ་སྲིད་པ་དང་སྐབས་འཚོལ་བ། དེ་བཞིན། གཞུང་འབྲེལ་གསར་ལམ་ཁག་གིས་བཙན་དབང་ལ་བརྟེན་ནས་མི་མང་གི་བསམ་ཚུལ་བསྒྱུར་བའི་སྐུལ་སློང་གི་སྟོབས་ཤུགས་ཡོད་སྲིད་ལ། འོས་ཤོག་མང་ཉུང་གི་གནད་དོན་ཐད་ནས་མི་སྒེར་འདི་ཚོས་མི་མང་གིས་ཁོ་ཚོའི་སྲིད་དོན་ལངས་ཕྱོགས་ལ་རྒྱབ་སྐྱོར་ཤུགས་ཆེར་ཡོད་ལུགས་བསྙད་ནས་མགོ་གཡོག་མགོ་སྐོར་ཡང་གཏང་སྲིད་པ་རེད།

 

དེར་བརྟེན། འདི་ནི་འཆར་སྣང་ཙམ་མིན་པར་འདི་ནི་ཡིད་རྟོན་རུང་བའི་འོས་བསྡུའི་སྒྲིག་འཛུགས་ལེགས་པོ་ཞིག་མེད་པའི་སྒེར་གཅོད་སྲིད་གཞུང་དང་དམངས་གཙོའི་སྲིད་གཞུང་ཁག་ནང་ཡང་ནས་བསྐྱར་དུ་འབྱུང་གིན་པའི་དཀའ་གནད་ཅིག་སྟེ། གསལ་བོར་བཤད་ན། དབང་འཛིན་པ་ཚོས་མི་མང་གི་བསམ་འདུན་ངོ་མ་བཙན་བསྒྱུར་བྱེད་བཞིན་པའི་དངོས་འབྲེལ་གནས་ཚུལ་ཞིག་ཡིན་ཞིང་། དམངས་གཙོ་དང་སྒེར་གཅོད་གང་ཡིན་རུང་། འོས་བསྡུའི་སྒྲིག་འཛུགས་ལེགས་པོ་ཞིག་མེད་ན། དབང་ཡོད་མི་སྣའི་ཟིལ་ཤུགས་ཟློག་ཐབས་ཡོད་པ་མ་རེད། མི་རློམ་ན་ཨུ་རུ་སུའི་སྲིད་འཛིན་པུ་ཊེན་ལ་དྲིས་དང་། གསལ་བོར་རྟོགས་ངེས།

 

ང་ཚོས་ནམ་ཀུན་མི་ཉུང་ཉུང་ཞིག་གི་བསམ་ཚུལ་བསྡུ་ལེན་བྱས་ཏེ་མི་མང་གི་དགོས་འདུན་ངོ་མ་རྟོགས་ཐབས་བྱེད་ཀྱི་ཡོད་སྟབས། གནའ་ནས་ད་ལྟའི་བར་རྒྱལ་ཁབ་གང་དང་གང་ཡིན་རུང་། ནམ་རྒྱུན་འོས་བསྡུའི་ལས་རིམ་ལ་ཞན་ཆ་དང་སྐྱོན་ཆ་མང་པོ་ཤོར་གྱི་ཡོད།

 

མི་མང་གི་བསམ་ཤོག་བསྡུ་མཁན་ལེགས་པོ་ཞིག་ཡིན་ཚེ། གནད་དོན་འདི་གསལ་བོར་ཤེས་ཀྱི་རེད་དེ། ཨ་རིའི་མི་མང་གི་བསམ་ཚུལ་ཞིབ་འཇུག་ལྷན་ཚོགས་ (AAPOR) ལྟ་བུའི་འོས་བསྡུའི་ཆེད་དོན་སྒྲིག་འཛུགས་ཁག་གིས་འོས་བསྡུའི་ལས་གཞི་གཞིར་བཟུང་ཐོག མི་མང་དང་མི་སྒེར་གྱི་འོས་བསྡུའི་གོ་རྟོགས་སྤེལ་ཐབས་སུ་འབད་བརྩོན་ལྷོད་མེད་གནང་གི་ཡོད་པ་རེད།

 

དུས་མཚུངས་སུ། འོས་བསྡུའི་སྒྲིག་འཛུགས་འབྲིང་གྲས་ཁག་གིས་འོས་བསྡུའི་ལས་གཞིའི་ནང་ཤོར་བའི་ནོར་སྐྱོན་ཡོད་ཚད་སྣང་མེད་ལ་བཞག་སྟེ། ཁོ་ཚོའི་འོས་བསྡུའི་ལས་གཞི་ནི་སྐྱོན་མེད་སྙོན་མེད་ཀྱི་ཚུལ་དུ་བརྒྱུད་བསྒྲགས་བྱེད་པ་རེད།

 

གལ་ཏེ་འོས་བསྡུའི་སྒྲིག་འཛུགས་ཁག་གིས་འོས་བསྡུའི་ལས་གཞི་ཕྱི་གསལ་ནང་གསལ་དང་དྲང་པོ་དྲང་བཞག་བྱས་ཚེ། གལ་ཏེ་གསར་ལམ་སྒྲིག་འཛུགས་ཁག་གིས་ཡིད་རྟོན་མི་རུང་བའི་འོས་བསྡུའི་གནས་བབ་མི་མང་ལ་གསལ་བཤད་གནང་བ་ཡིན་ན། དོན་དམ་མི་མང་གི་བསམ་ཚུལ་དང་མི་མང་གི་མངོན་འདོད་ངོ་མ་ག་རེ་ཡིན་པ་གསལ་རྟོགས་ཡོང་བར་འོས་བསྡུས་དམངས་གཙོའི་ལམ་ལུགས་ལ་རམ་འདེགས་མི་དམན་པ་འཐོན་ནུས།

འབྲེལ་ཡོད་གསར་འགྱུར།

Mobile App

འཛམ་གླིང་ཡུལ་གྲུ་གང་སར་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་རྗེས་དྲན་ཞུ་བཞིན་འདུག

སྐར་མ ༣༢ སྔོན་ལ།
Press Statement From The Office of His Holiness The Dalai Lama
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་ནས་བྱུང་མེད་པའི་གསལ་བསྒྲགས་གནང་།

ཆུ་ཚོད་ ༤ སྔོན་ལ།
Delhi High Court, Image Representational (Photo/Shutterstock)
Mobile App

རྒྱ་གར་གྱི་མཐོ་རིམ་ཁྲིམས་ཁང་གིས་བོད་མི་ཞིག་ལ་རྒྱ་གར་གྱི་མི་སེར་ཐོབ་ཐང་སྤྲོད་དགོས་པའི་བཀའ་ཁྱབ་བཏང་།

ཆུ་ཚོད་ ༢༤ སྔོན་ལ།
Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༦
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

༢༠༢༦/༠༢/༠༦
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese