མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྟོག་ཞིབ་ལས་བྱེད་ཚོར་ཉེས་རྡུང་བཏང་འདུག

བོད་ཀྱི་དུས་བབ།
༢༠༡༥/༡༢/༠༧
Share on FacebookShare on TwitterShare on EmailShare on Whatsapp

 

ལྷོ་སོག་པོའི་ཨི་ཇེ་ནཱ་ཇི་ས་ཁུལ་དུ་ཡོད་པའི་རྒྱ་གཞུང་རྟོག་ཞིབ་ས་ཚུགས་ལ་ཁ་སང་དགོང་མོར་མགོ་རས་དཀྲིས་པའི་མི་མང་པོ་ཞིག་གིས་འཇབ་རྒོལ་བྱས་ཏེ་ས་ཚིགས་དེའི་ལས་བྱེད་ ༡༣ ཙམ་ལ་རྨས་སྐྱོན་བཟོས་ཡོད་འདུག

 

1དེ་རིང་རྒྱ་ནག་གི་བརྒྱུད་ལམ་ཁག་ཅིག་ནང་གནས་ཚུལ་ཐོན་པར། ཁ་སང་ཐོ་རིངས་ཆུ་ཚོད་ ༣།༣༠ ཡས་མས་ལ། རྒྱ་ནག་གིས་ནང་སོག་ཏུ་འབོད་པའི་ཨི་ཇེ་ནཱ་ཇི་(Ejinagj)ས་ཁུལ་གྱི་ཁྲིམས་འཛིན་རྟོག་ཞིབ་ས་ཚུགས་སུ། གདོང་རས་གྱོན་པའི་མི་ ༡༠༠ ལྷག་གིས་ལ་འཇབ་རྒོལ་བྱས་ཏེ། ས་ཚིགས་དེའི་ལས་བྱེད་ཚོར་རྡུང་རྡེག་ཚབས་ཆེན་བཏང་པའི་ཁྲོད་མི་ ༦ ལ་རྨས་སྐྱོན་ལྕི་མོ་ཕོག་ནས་སྨན་ཁང་དུ་མྱུར་སྐྱོབ་བྱེད་བཞིན་ཡོད་འདུག

 

ཨི་ཇེ་ནཱ་ཇི་ས་ཁུལ་གྱི་ས་གནས་སྲིད་གཞུང་གི་མགོ་གཙོ་གཞོན་པ་ཁྲིན་ཐེ་ཅོན་(Chen Tiejun) གྱིས་གསར་འགོད་པར། མགོ་རས་དཀྲིས་པའི་ཉེས་ཅན་དེ་དག་གིས་ཁྲིམས་འཛིན་ཁང་གི་རྟོག་ཞིབ་གློག་ཆས་དང་འབྲེལ་ལམ་ཁག་བཅད་རྗེས་འཇབ་རྒོལ་བྱས་ཡོད་པ་དང་། ལས་བྱེད་ཚོའི་གདོང་ལ་སི་པན་ཁུ་བ་གཏོར་ནས་མགོ་ལ་ཁུག་སྐོན་པ་དང་། དབྱུག་པ་སོགས་ཀྱིས་རྡུང་རྡེག་ཚད་མེད་བཏང་རྗེས་ལག་པ་ཐག་པས་བསྡམས་ཏེ་ཟུར་གྱི་བྱེ་ཐང་དུ་གཡུག་འདུག ད་དུང་ལས་ཁུངས་ཀྱི་བེད་སྤྱོད་ཡོད་པའི་ཅ་དངོས་དང་། ལས་བྱེད་པའི་ཁ་པར་དང་གྱོན་པ་སོགས་ཁྱེར་འདུག ཅེས་བརྗོད་འདུག

 

རྒྱ་ནག་གི་གོ་ལའི་དུས་བབ་ཀྱིས་ཀྱང་། གོང་གི་གནས་ཚུལ་དེ་དང་འབྲེལ་ཏེ། ལོ་འདིའི་ཕྱི་ཟླ་ ༩ བའི་ནང་དུའང་གདོང་རས་གྱོན་པའི་མི་ ༤༠ ལྷག་གིས་རླངས་འཁོར་བཏང་ཡོང་སྟེ་ས་ཚུགས་དེའི་ལས་བྱེད་ཚོར་འཇིགས་སྐུལ་བྱས་ཡོད་སྐོར་བཀོད་འདུག ཐེངས་འདིར་ལས་བྱེད་ ༡༣ ལ་རྨས་སྐྱོན་ཕོག་པའི་ཁྲོད་མི་ ༦ ལ་རྨས་སྐྱོན་ལྕི་མོ་ཕོག་ཡོད་འདུག་ལ། ཅ་དངོས་བཅག་སྐྱོན་དང་རྐུ་འཕྲོག་བྱས་པའི་གྱོང་གུད་རྒྱ་སྒོར་ས་ཡ་ ༡༠༠༠ ལྷག་ཡིན་སྐོར་སོགས་བཀོད་འདུག

 

གནས་ཚུལ་དེ་བྱུང་རྗེས་ས་གནས་རྒྱ་གཞུང་ཉེན་རྟོག་པས་ཉེས་ཅན་དག་གང་མགྱོགས་འཛིན་བཟུང་བྱ་རྒྱུ་ཡིན་སྐོར་ཁྱབ་བསྒྲགས་བྱས་ཡོད་ཀྱང་། སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ། ཉེན་རྟོག་པས་ཉེས་ཅན་འཛིན་བཟུང་བྱ་རྒྱུ་ཁྱབ་བསྒྲགས་བྱས་ཡོད་ཀྱང་། རྒྱུ་མཚན་ཅིའི་ཕྱིར་འཇབ་རྒོལ་བྱས་པའི་གནས་ཚུལ་གསལ་བཤད་བྱས་མེད་པ་དེར་གནད་དོན་ཆེན་པོ་ཡོད་སྐོར་བརྗོད་འདུག གནས་ཚུལ་དེའི་ཐད་བྷེ་བྷེ་སི་རྒྱ་ཡིག་སྡེ་ཚན་གྱིས་ཉེ་སྔོན་ནང་སོག་མི་རིགས་དང་རྒྱ་མི་རིགས་བར་ལ་གནས་སྟངས་ཛ་དྲག་ཆེ་བའི་སྣང་ཚུལ་ཞིག་བྱུང་ཡོད་པ་རེད། ཅེས་བཀོད་འདུག

 

གསར་འགོད་པ། འཇིགས་མེད་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

འབྲས་སྤུངས་བླ་སྤྱི་ནས་དགེ་ལུགས་སྤྱི་འཐུས་གཉིས་དང་འབྲེལ་བའི་ཐག་གཅོད་བླངས་འདུག

༢༠༢༦/༠༡/༡༠
A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

༢༠༢༦/༠༡/༠༩
བོད་པའི་ཚོང་ཁང་ ༡༡ ལ་མེ་སྐྱོན་དོན་རྐྱེན་བྱུང་། དྲ་ལམ་གྱི་པར།
Mobile App

བོད་པའི་དགུན་ཚོང་ཁང་ ༡༡ ལ་མེ་སྐྱོན་བྱུང་།

༢༠༢༦/༠༡/༠༩
Trump on Wednesday signed a proclamation withdrawing the US from 31 United Nations organisations.
Mobile App

ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་སྡེ་ ༣༡ ནས་ཕྱིར་འཐེན་བྱ་རྒྱུ་ཡིན་འདུག

༢༠༢༦/༠༡/༠༨
Protesters wave pre-1979 Islamic Revolution flags of Iran during a demonstration against the Iranian regime's crackdown on protests, in central Paris, on January 4, 2026. (Photo by Blanca CRUZ / AFP)
Mobile App

ཨི་རན་ནང་སྲིད་འགྱུར་འབྱུང་ཉེན་འདུག

༢༠༢༦/༠༡/༠༧
The routes come from Indrunag, Gallu Devi, and Chamba over the Indrahar Pass
Mobile App

ཊི་རོན་ཌི་རི་སྒང་དུ་འགྲོ་བར་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་འདུག

༢༠༢༦/༠༡/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese