ཕྱི་ཚེས་ ༡༩ ཉིན་རྔ་བ་ཁུལ་མཛོད་དགེ་རྫོང་གི་ཁྲོམ་གཞུང་དུ། བོད་མི་བཀྲ་ཤིས་དོན་འགྲུབ་ཞུ་བ་ཞིག་གིས་རྒྱབ་ཏུ་ཆོས་དར་ཆེན་པོ་ཞིག་གྱོན་ཏེ། ༧གོང་ས་མཆོག་གི་སྐུ་པར་མགོ་ལ་འཕྱར་ནས་ཞི་རྒོལ་གོམ་བགྲོད་བྱས་ཡོད་འདུག
ཁོང་གི་ཕ་ཡུལ་གཅིག་པ་ཞིག་གིས་འདི་གར་བརྗོད་པ་ལྟར་ན། བཀྲ་ཤིས་དོན་འགྲུབ་ལགས་ཀྱིས་ཞི་རྒོལ་གནང་རྗེས་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་ད་ལྟ་བཀག་ཉར་འོག་ཡོད་པ་དང་། ཁོང་མཛོད་དགེ་རྫོང་ཐང་སྐོར་ཡུལ་ཚོའི་རུ་ཁག་གསུམ་པ་ནས་ཡིན་འདུག


![Wang made a research tour in Tibet from July 19 to 22. [Xinhua/Liu Bin]](https://tibettimes.net/wp-content/uploads/2026/07/1784796471071092378-360x180.jpg)

