མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྔོན་གྱི་གྲལ་རིམ་འཐབ་རྩོད་དང་བསྡུར་ན། དེང་གི་ཁྲིམས་ཞིབ་མི་ཆོག་པར་འཐད་པ་ཡིན།

བོད་ཀྱི་དུས་བབ།
༢༠༡༥/༡༢/༢༤
Share on FacebookShare on TwitterShare on EmailShare on Whatsapp

 

རྒྱལ་སྤྱིའི་ཉེ་ཡངས་ཚོགས་པས་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་བསྒྲགས་པའི་གསར་གནས་དེ་དག་དངོས་ཡོད་གནས་ཚུལ་མིན་སྐོར་བརྗོད་འདུག

 

49726e7f4eb06c41784228ada8a31156ཁ་སང་རྒྱ་ནག་དབུས་བརྙན་འཕྲིན་ལས་ཁང་ (CCTV) དང་ཞིན་ཧྭ་གསར་ཁང་ (XNA) སོགས་རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་རྒྱ་རིགས་ངལ་རྩོལ་ཁེ་དབང་རྩོད་ལེན་པ་མི་བདུན་གྱིས “རྒྱ་ནང་གི་ལས་བཟོ་བ་ཚོར་བཟོ་ལས་མཚམས་འཇོག་གི་ངོ་རྒོལ་ལས་འགུལ་སྤེལ་དགོས་པའི་སྐུལ་སློང་བྱས་པ”དང་། “ཕྱི་གླིང་གི་ཐེབས་རྩ་ཁག་གི་རོགས་དངུལ་བླངས་པ” “སྤྱི་ཚོགས་སྒྲིག་འཛུགས་ལ་གཏོར་བརླག་བཏང་བ”སོགས་ནག་ཉེས་གསུམ་འོག་འཛིན་བཟུང་བྱས་ཡོད་ལུགས་བསྒྲགས་ཀྱང་། རྒྱལ་སྤྱིའི་ཉེ་ཡངས་ཚོགས་པའི་ཞིབ་འཇུག་སྙན་སྒྲོན་ལྟར་ན། གནས་ཚུལ་དེ་ནི་རྒྱ་ནག་གཞུང་གིས་ཉེས་མེད་མི་སེར་ལ་ཉེས་དོན་བཙན་འགལ་བྱས་པ་ཞིག་ཡིན་ཞིང་། ནག་མེད་ཉེས་འཛུགས་ཀྱི་བྱ་སྤྱོད་འདི་ནི་རྒྱ་ནག་ནང་འདས་པའི་ལོ་ངོ་ ༢༠ ལྷག་རིང་གི་འགལ་འདུ་མང་པོར་དམ་དྲག་བྱེད་ཐབས་ཤིག་ཡིན་པ་མ་ཟད། འདས་པའི་ལོ་ངོ་དེ་དག་རིང་རྒྱ་རིགས་ངལ་རྩོལ་ཁེ་ཐོབ་རྩོད་ལེན་པ་ཚོས་རྒྱ་ནག་གི་ངལ་རྩོལ་སྒྲིག་འཛུགས་བཅོས་སྒྱུར་གྱི་ལས་འགུལ་བསླངས་པར་བརྟེན། རྒྱ་ནག་གཞུང་གིས་ངལ་རྩོལ་ཁེ་ཐོབ་རྩོད་ལེན་པ་མི་བརྒྱ་ཕྲག་མང་པོ་འཛིན་བཟུང་དང་བཀག་བསྐྱིལ་བྱས་ཡོད་པ་ཞིག་ཡིན་འདུག

 

ཟླ་འདིའི་ཟླ་སྟོད་ཙམ་ལ་རྒྱ་ནག་གི་བྱང་ནུབ་ཁུལ་གྱི་ཀང་ཀྲུའུ་ (Guangzhou) ཞེས་པའི་གྲུ་ཁའི་གྲོང་ཁྱེར་གྱི་ཉེན་རྟོག་པས་གྲོང་ཁྱེར་དེའི་ནང་རྟེན་གཞི་བྱས་པའི་ཕན་ཡས་ངལ་རྩོལ་ལྟེ་གནས་ཁང་ (PMWC) གི་འགན་འཛིན་ཙིན་ཧྥི་ཡཱང་ (Zeng Feiyang) ཟེར་བ་སྤྱི་ཚོགས་ཀྱི་སྒྲིག་འཛུགས་ལ་གཏོར་བརླག་བྱས་པའི་ཉེས་འཛུགས་འོག་འཛིན་བཟུང་བྱས་ཡོད་པ་དང་། ཁོའི་ཁྲིམས་རྩོད་པ་ཁྲིན་ཀྲིན་ཆང་ (Cheng Zhunqiang) ཟེར་བས། རྒྱ་རིགས་ངལ་རྩོལ་ཁེ་ཐོབ་རྩོད་ལེན་པ་ཀྲུའུ་ཞོ་མི་ (Zhu Xiaomei) དང་ཧི་ཞོ་པོ་ (He Xiaobo)། མེན་ཧན་ (Meng Han)། ཕིན་ཇ་ཡོང་ (Peng Jiayong)། ཏིན་ཞོ་མིན་ (Deng Xiaoming)། ཐང་ཧན་ཞིན་ (Tang Huanxing) སོགས་མི་ ༦ འཛིན་བཟུང་བྱས་ཡོད་པ་དང་། ང་རང་ཁྲིམས་རྩོད་པ་ཞིག་ཡིན་པའི་ངོས་ཐད་ནས། སྔོན་ཆད་རིག་གནས་གསར་བརྗེ་ཆེན་མོའི་དུས་ཟིང་སྐབས་ཀྱི་གྲལ་རིམ་འཐབ་རྩོད་དང་བསྡུར་ན། ང་དེང་གི་རྒྱ་ནག་གཞུང་གིས་མི་སེར་རྣམས་ཁྲིམས་ཞིབ་མི་ཆོག་པར་འཛིན་བཟུང་བཙོན་འཇུག་བྱེད་པའི་སྲིད་ཇུས་འདིར་འཐད་པ་ཡིན། ཞེས་བརྗོད་ཡོད་འདུག

 

རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ། ཙིན་ཧྥི་ཡཱང་གཙོས་པའི་ངལ་རྩོལ་ཁེ་ཐོབ་རྩོད་ལེན་པ་ཚོས་རྒྱ་ནང་གི་ལས་བཟོ་བ་དག་ལ་ལས་ཀ་མཚམས་འཇོག་གིས་ངོ་རྒོལ་ལས་འགུལ་སྤེལ་དགོས་པའི་ངན་སྐུལ་བཏང་བ་དང་སྤྱི་ཚོགས་སྟེང་ཟིང་ཆ་བསླངས་པ། རྒྱ་ནང་གི་བཟོ་ལས་ཐོན་སྐྱེད་ལ་བྱུས་གཏོགས་བྱས་པ་དང་སྤྱི་ཚོགས་སྒྲིག་འཛུགས་ལ་གཏོར་བརླག་བཏང་ཡོད་ལུགས་བསྒྲགས་འདུག

 

གཞན། རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པ་ཧོང་ལེ་ (Hong Lei) ཟེར་བ་ཞིག་གིས། གནད་དོན་འདི་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཐོག་ནས་ཐག་ཆོད་ཡོད་ཚུལ་བརྗོད་ཀྱང་། དེང་སྐབས་རྒྱ་ནག་གི་སྤྱི་ཚོགས་དཔལ་འབྱོར་གྱི་འགྲོས་ཤིན་ཏུ་དལ་བར་བརྟེན། རྒྱ་ནག་ལྷོ་རྒྱུད་ཀང་ཏུང་ (Guangdong) ཞིང་ཆེན་གྱི་བཟོ་གྲྭ་མང་པོ་ཞིག་གི་སྒོ་རྒྱག་དགོས་བྱུང་སྟེ། བཟོ་གྲྭའི་མགོ་དཔོན་ཚོས་ལས་བཟོ་བར་གླ་དངུལ་མ་སྤྲད་པར་བྲོས་བྱོལ་བྱས་པའི་དཀའ་རྙོག་འབྱུང་མུས་ཡིན་པ་མ་ཟད། རྒྱ་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་དོན་གཉེར་བ་རྒྱ་རིགས་མང་པོ་ཞིག་གིས་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པའི་བཙོན་པ་ཚོར་དྲང་བདེན་གྱི་སྒོ་ནས་ཁྲིམས་ཞིབ་ཡང་དག་དགོས་པའི་ངོ་རྒོལ་སྐད་འབོད་བྱེད་བཞིན་ཡོད་པ་རེད།

 

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་ཆོས་དཔོན་ས་ར་མུ་ལ་ལི་ལགས་སུ་འཚམས་འདྲི་མཛད།

ཆུ་ཚོད་ ༤ སྔོན་ལ།
Sikyong Penpa Tsering Extends Sincere Congratulations to Nepal’s New Prime Minister, Honourable Balendra Shah. Photo Credit: tibet.net
Mobile App

སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་འཚམས་འདྲི་ཞུས།

ཆུ་ཚོད་ ༥ སྔོན་ལ།
Mobile App

བལ་ཡུལ་གྱི་སྲིད་བློན་དང་ནང་སྲིད་བློན་ཆེན་ཟུར་བ་གཉིས་འཛིན་བཟུང་བྱས།

ཆུ་ཚོད་ ༥ སྔོན་ལ།
TTTT
Mobile App

བོད་མི་དུད་ཚང་ ༨༥༠ ལ་གཞིས་སྤོར་ས་ཁང་བགོ་འགྲེམས་བྱས་ཟིན་ཡོད་འདུག

ཆུ་ཚོད་ ༦ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༣།༢༧
Mobile App

བོད་ཕྲུག་གཅིག་པུར་དམིགས་པའི་སློབ་གྲྭ་ཁག་ཅིག་དགོས་གལ་ཆེ།

༢༠༢༦/༠༣/༢༧
Nepal to get new railway line with India as RSP gov’t takes office, its Tibet railway lagging. Edited by tibettimes
Mobile App

རྒྱ་གར་དང་བལ་ཡུལ་བར་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་འཆར་འདུག

༢༠༢༦/༠༣/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese