མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧོང་ཀོང་དཔེ་སྐྲུན་ཁང་ཞིག་གི་འགན་འཛིན་དང་ལས་བྱེད་བོར་བརླག

བོད་ཀྱི་དུས་བབ།
༢༠༡༦/༠༡/༠༦
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ལམ་ཧོང་ཀོང་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་དཔེ་སྐྲུན་ཁང་ཞིག་གི་སྦྱིན་བདག་དང་མི་ལས་ ༤ བོར་བརླག་ཕྱིན་པ་དེ་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་ཁྲིད་བྱས་པར་ཚོད་དཔག་བྱེད་ཀྱིན་ཡོད་འདུག

Lee-Bo-passportརོའུ་ཊར་གསར་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཁ་སང་དབྱིན་ཇིའི་གཞུང་གིས་ཧོང་ཀོང་གྲོང་ཁྱེར་གྱི་དཔེ་སྐྲུན་ཁང་ (Causeway Bay Books) གསར་དུ་འཛུགས་མཁན་རྒྱ་རིགས་ལའི་པོ་ (Lee Bo) ཟེར་བ་ཞིག་དང་དཔེ་སྐྲུན་ཁང་དེའི་ལས་མི་ ༤ གློ་བུར་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་དེ་ནི་དོན་དམ་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པའི་དོགས་གཞིའི་ཐོག་ནས། ཧོང་ཀོང་གྲོང་ཁྱེར་ནང་སྨྲ་བརྗོད་རང་དབང་དང་གསར་འགོད་རང་དབང་། དཔེ་སྐྲུན་རང་དབང་སོགས་སྲུང་སྐྱོབ་དགོས་པའི་ཛ་དྲག་གི་འབོད་སྐུལ་ཞུས་ཡོད་པ་དང་། གློ་བུར་དུ་བོར་བརླག་ཏུ་ཕྱིན་པའི་རྒྱ་རིགས་དེ་ཚོའི་ནང་མི་ཚོས། ཁོ་ཚོས་རྒྱ་ནག་གཞུང་གིས་གཏན་འགོག་བྱས་པའི་རྙོག་འཛིང་ཅན་གྱི་ཆབ་སྲིད་དཔེ་དེབ་མང་པོ་པར་སྐྲུན་འགྲེམ་སྤེལ་བྱེད་བཞིན་ཡོད་སྟབས། ཁོ་ཚོ་རྒྱ་གཞུང་གིས་འཛིན་བཟུང་བཙན་ཁྲིད་བྱས་པར་ཡིད་ཆེས་བྱེད་ཀྱི་ཡོད་འདུག

དེ་ཡང་པེ་ཅན་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་དབྱིན་ཇིའི་གཞུང་ཚབ་ཁང་གི་མགྲིན་ཚབ་པས་རྒྱ་ནག་གི་དབང་འཛིན་པ་ཚོར། ཧོང་ཀོང་ཡུལ་མི་ཚོའི་བདེ་དོན་དང་། ལྷག་པར་དུ་ཧོང་ཀོང་གྲོང་ཁྱེར་གྱི་དཔེ་སྐྲུན་ཁང་དེའི་འགན་འཛིན་དང་ལས་མི་ ༤ གློ་བུར་གར་སོང་ཆ་མེད་དུ་གྱུར་བའི་གནས་སྟངས་ཐད་རྩད་ཞིབ་དགོས་པ་མ་ཟད། ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་ཁུལ་ (Hong Kong SAR) སྲིད་གཞུང་གིས་ཁུལ་དེའི་གསར་འགོད་རང་དབང་དང་དཔེ་སྐྲུན་རང་དབང་ལ་འགན་སྲུང་དགོས་པ་དང་། རྒྱ་ནག་གི་དབང་འཛིན་པ་ཚོས་ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་གསར་འགོད་རང་དབང་དང་དཔེ་སྐྲུན་རང་དབང་ལ་མོས་མཐུན་དང་སྲུང་སྐྱོབ་ཡོང་བའི་རེ་སྐུལ་ཞུ་ཡི་ཡོད་སྐོར་བརྗོད་འདུག

ཟླ་འདིའི་ཕྱི་ཚེས་ ༥ ཉིན་དབྱིན་ཇིའི་ཕྱི་སྲིད་དྲུང་ཆེ་ཧྥེ་ལེབ་ཧམ་མོན་ཌ་ (Philip Hammond) ལགས་ཀྱིས་ཉིན་གཉིས་རིང་རྒྱ་ནག་ནང་རྒྱལ་དོན་གཟིགས་སྐོར་སྐབས་སུ། ང་ཚོས་ཧོང་ཀོང་གྲོང་ཁྱེར་དང་རྒྱ་ནག་གི་དབང་འཛིན་པ་ཚོར། དཔེ་སྐྲུན་ཁང་ (Causeway Bay Books) གི་ལས་མི་ ༥ བོར་བརླག་ཕྱིན་པར་རྩད་ཞིབ་དགོས་པའི་ཛ་དྲག་གི་འབོད་སྐུལ་ཞུ་ཡི་ཡོད་ལ། རྒྱ་ནག་གཞུང་གིས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་སྲིད་བྱུས་འོག ཧོང་ཀོང་མི་མང་གིས་ཚད་མཐོའི་རང་སྲིད་རང་སྐྱོང་གི་ཐོག་ནས་ཧོང་ཀོང་གྲོང་ཁྱེར་ལ་འཛིན་སྐྱོང་བྱེད་པར་ང་ཚོས་དུས་ནམ་ཡང་བརྩི་མཐོང་བྱེད་ཀྱི་ཡོད། ཅེས་བརྗོད་འདུག

རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པ་ཧྭ་ཁྲིན་ཡེན་ (Hua Chunying) ཟེར་བ་ཞིག་གིས། འདི་ནི་རྒྱ་ནག་གི་ཧོང་ཀོང་གྲོང་ཁྱེར་ནང་ཁུལ་གྱི་གནད་དོན་ཞིག་ཡིན་སྟབས། ཕྱིའི་རྒྱལ་ཁབ་ལ་གནད་དོན་འདིར་ཐེ་གཏོགས་བྱེད་པའི་དབང་ཆ་མེད། ཧོང་ཀོང་གི་ཡུལ་མི་ཚང་མ་རྒྱ་ནག་གི་མངའ་ཁོངས་ནས་སྐྱེས་ཤིང་འཚོ་གཞེས་འཛིན་པའི་རྒྱ་རིགས་ཡིན། ཞེས་བཤད་འདུག

Hkg10241591གནས་ཚུལ་ལྟར་ན། ཧོང་ཀོང་དཔེ་སྐྲུན་ཁང་ (Causeway Bay Books) ཞེས་པའི་འགན་འཛིན་ཡིན་སྐུ་ཞབས་ལའི་པོ་ཟེར་བ་དེ་ད་ལྟ་ལོ་ ༦༥ ཡིན་པ་དང་ཁོ་ལ་དབྱིན་ཇིའི་མི་སེར་ལག་འཁྱེར་ཡོད་འདུག དཔེ་སྐྲན་ཁང་དེ་ནི་ཕྱི་ལོ་ ༡༩༩༤ ལོར་ཁོས་གསར་འཛུགས་བྱས་པ་དང་། དཔེ་སྐྲུན་ཁང་དེས་རྒྱ་ནག་གཞུང་གིས་བཀག་སྡོམ་བྱས་ཡོད་པའི་རྙོག་འཛིང་ཅན་གྱི་ཆབ་སྲིད་དཔེ་དེབ་མང་པོ་དཔར་སྐྲུན་འགྲེལ་སྤེལ་བྱས་ཡོད་འདུག དཔེ་སྐྲུན་ཁང་དེའི་འགན་འཛིན་སྐུ་ཞབས་ལའི་པོ་ཟླ་སྔོན་པའི་ཕྱི་ཚེས་ ༣༠ ཉིན། ཁོ་ཧོང་ཀོང་གྲོང་ཁྱེར་གྱི་ཁྲའེ་ཝན་ (Chai Wan) སྲང་ལམ་ནས་གློ་བུར་དུ་བོར་བརླག་ཕྱིན་ཡོད་པ་དང་། དེ་དང་འབྲེལ་ནས་དཔེ་སྐྲུན་ཁང་དེའི་ལས་མི་ ༤ སྔ་རྗེས་སུ་གར་སོང་ཆ་མེད་དུ་གྱུར་ཡོད་སྟབས། ལའི་པོ་ཡི་བདག་མོ་སོ་ཧྥེ་ཡ་ཁྲའོ་ (Sophie Choi) ཟེར་བ་གཙོས་པའི་བོར་བརླག་ཕྱིན་པའི་རྒྱ་རིགས་དེ་ཚོའི་ནང་མི་ཚོས་ཁོ་ཚོ་རྒྱ་གཞུང་གིས་འཛིན་བཟུང་བཙན་ཁྲིད་བྱས་པར་ཚོད་དཔག་བྱེད་ཀྱིན་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་ཆོས་དཔོན་ས་ར་མུ་ལ་ལི་ལགས་སུ་འཚམས་འདྲི་མཛད།

ཆུ་ཚོད་ ༥ སྔོན་ལ།
Sikyong Penpa Tsering Extends Sincere Congratulations to Nepal’s New Prime Minister, Honourable Balendra Shah. Photo Credit: tibet.net
Mobile App

སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་འཚམས་འདྲི་ཞུས།

ཆུ་ཚོད་ ༦ སྔོན་ལ།
Mobile App

བལ་ཡུལ་གྱི་སྲིད་བློན་དང་ནང་སྲིད་བློན་ཆེན་ཟུར་བ་གཉིས་འཛིན་བཟུང་བྱས།

ཆུ་ཚོད་ ༧ སྔོན་ལ།
TTTT
Mobile App

བོད་མི་དུད་ཚང་ ༨༥༠ ལ་གཞིས་སྤོར་ས་ཁང་བགོ་འགྲེམས་བྱས་ཟིན་ཡོད་འདུག

ཆུ་ཚོད་ ༧ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༣།༢༧
Mobile App

བོད་ཕྲུག་གཅིག་པུར་དམིགས་པའི་སློབ་གྲྭ་ཁག་ཅིག་དགོས་གལ་ཆེ།

༢༠༢༦/༠༣/༢༧
Nepal to get new railway line with India as RSP gov’t takes office, its Tibet railway lagging. Edited by tibettimes
Mobile App

རྒྱ་གར་དང་བལ་ཡུལ་བར་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་འཆར་འདུག

༢༠༢༦/༠༣/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese