མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་དང་སྤྱི་འཐུས་ལ་འོས་འཕེན་དེབ་སྐྱེལ་གྱི་གོ་སྐབས་གཉིས་པ།

བོད་ཀྱི་དུས་བབ།
༢༠༡༦/༠༡/༠༨
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་དབུས་འོས་བསྡུ་ལས་ཁང་གིས། སྲིད་སྐྱོང་དང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུའི་སྐབས་དེབ་སྐྱེལ་གནང་མེད་མཁན་ཚོར་བསྐྱར་དུ་འོས་བསྡུའི་དེབ་སྐྱེལ་གནང་བཅུག་སྟེ། དངོས་གཞིའི་སྐབས་འོས་ལྡུག་ཐུབ་པའི་གོ་སྐབས་ཤིག་སྤྲད་ཡོད་པ་དང་འབྲེལ་ཏེ་དོགས་འདྲི་ཁག་ཅིག་ཞུས།

IMG_4432འདི་གའི་གསར་འགོད་པས་དབུས་འོས་བསྡུའི་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་མཆོག་ལ། ཉེ་ལམ་ ༢༠༡༥ ལོའི་ཟླ་ ༡༠ ཚེས་ ༡༨ ཉིན་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུ་གནང་སྐབས། དེབ་སྐྱེལ་གནང་མེད་མཁན་མང་པོ་ཞིག་གིས་འོས་བླུགས་ཐུབ་མེད་སྟབས། དབུས་འོས་བསྡུ་ལས་ཁང་གིས་ ༢༠༡༦ ཟླ་ ༣ ཚེས་ ༢༠ ཉིན་དངོས་གཞིའི་འོས་བསྡུའི་སྔོན་ལ། བསྐྱར་དུ་དེབ་སྐྱེལ་གྱི་གོ་སྐབས་ཤིག་གསལ་བསྒྲགས་གནང་ཡོད་པའི་སྐོར་ངོ་སྤྲོད་ཅིག་གནང་རོགས་ཞུས་པར་ཁོང་གིས། དེ་ལ་གསལ་བཤད་ཞུ་དགོས་པ་རིགས་གཉིས་ཆགས་ཀྱི་འདུག དང་པོ། འོས་བསྡུའི་དེབ་སྐྱེལ་བྱས་ཡོད་ཀྱང་། སྔོན་འགྲོའི་ནང་འོས་ལྡུག་ཐུབ་མེད་ན། དངོས་གཞིར་བླུག་ཆོག་གི་མ་རེད་ཟེར་བའི་སྐད་ཆ་ཞིག་འདུག དེ་བདེན་པ་མ་རེད། འོས་བསྡུའི་དེབ་སྐྱེལ་བྱས་ཡོད་ན་སྔོན་འགྲོ་དངོས་གཞི་གཉིས་ཆར་འོས་བླུག་ཆོག་གི་ཡོད་པ་མ་ཟད། ལས་ཀའི་དབང་གིས་སྔོན་འགྲོའི་ནང་འོས་ལྡུག་མ་ཐུབ་ཀྱང་དངོས་གཞིར་བླུག་ཆོག་གི་ཡོད་པ་རེད། གཉིས་པ། སྔོན་འགྲོའི་སྐབས་སུ་འོས་བསྡུའི་དེབ་སྐྱེལ་བྱས་མེད་པའི་དབང་གིས་འོས་བླུག་ཐུབ་མེད་ན། དངོས་གཞིའི་སྔོན་ལ་དེབ་སྐྱེལ་གནང་ཐུབ་པ་ཡིན་ན། སྔོན་འགྲོར་འོས་ལྡུག་ཐུབ་མེད་ཀྱང་དངོས་གཞིའི་སྐབས་སུ་འོས་བླུག་ཆོག་གི་ཡོད་པ་རེད། དེ་ཚང་མས་གསལ་བོར་མཁྱེན་དགོས་པ་ཞིག་དང་། གོ་སྐབས་ལེན་དགོས་པ་ཞིག་རེད།

ཚང་མས་དོ་སྣང་གནང་དགོས་པ་ཞིག་ལ། སྔོན་འགྲོའི་ནང་འོས་བླུག་པའི་གོ་སྐབས་མ་རག་པ་དག་གིས་གང་མགྱོགས་སོ་སོའི་ས་གནས་སུ་འོས་བསྡུའི་དེབ་སྐྱེལ་གནང་དགོས་པ་རེད། ང་ཚོ་དབུས་ནས་ཉེ་ལམ་ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༦ ཉིན་ནས་ས་གནས་ཁག་ལ་འོས་བསྡུའི་དེབ་སྐྱེལ་གྱི་གོ་སྐབས་གཉིས་པ་ཕུལ་ཡོད་པ་རེད། གོ་སྐབས་དེ་ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༢༠ ནས་རྫོགས་ཀྱི་སྟབས། དུས་ཚོད་དེའི་ནང་ཚུན་ལ་དེབ་སྐྱེལ་བྱེད་ཐུབ་པ་གནང་དགོས་པ་རེད།

ཕྱི་ལོ་ ༢༠༡༦ ཕྱི་ཟླ་ ༣ པའི་ཚེས་ ༢༠ ནང་ཚུན། རང་ལོ་ ༡༨ ལ་སོན་ཡོད་ཚེ། དངོས་གཞི་ལ་དེབ་སྐྱེལ་བྱ་ཆོག་གི་ཡོད་པ་དང་། དེ་སྔ་སྔོན་འགྲོའི་སྐབས་སུ་རང་ལོ་ ༡༨ ལ་སོན་མེད་ཀྱང་དངོས་གཞིའི་སྐབས་སུ་རང་ལོ་ ༡༨ ལ་སོན་ཡོད་ནའང་དངོས་གཞིར་དེབ་སྐྱེལ་གནང་ཆོག་གི་ཡོད་པ་རེད། མདོ་དོན། སྔོན་འགྲོ་ལ་འོས་ཤོག་བླུགས་ཐུབ་མེད་པ་ཡིན་ན་ཡང་། དངོས་གཞིར་འོས་ཤོག་བླུག་ཐུབ་པའི་ཆེད་དུ་གོ་སྐབས་སྤྲོད་ཀྱི་ཡོད་པ་རེད། ཅེས་གསུངས་སོང་།

སྲིད་སྐྱོང་དང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་ག་དུས་གསལ་བསྒྲགས་གནང་རྒྱུ་དང་། དངོས་གཞིའི་འོས་མིའི་ཁྲོད་ཆོལ་ཁ་དང་ཆོས་བརྒྱུད། ཕྱི་རྒྱལ་ཁག་བཅས་ནས་འོས་མི་ག་ཚོད་རེ་གསལ་བསྒྲགས་གནང་འཆར་ཡོད་མེད་དྲིས་པར་ཁོང་གིས། སྲིད་སྐྱོང་དང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་དེ་ ༢༠༡༦ ལོའི་ཕྱི་ཟླ་ ༢ པའི་ཚེས་ ༣ ཉིན་གསལ་བསྒྲགས་བྱ་རྒྱུ་རེད། སྲིད་སྐྱོང་འོས་གཞི་དེ་སྔ་ནས་གསལ་བསྒྲགས་ཞུས་པ་ལྟར་རེད། སྒྲིག་གཞིའི་དགོངས་དོན་ལྟར་འོས་མི་ ༢ གསལ་བསྒྲགས་བྱ་རྒྱུ་རེད། སྤྱི་འཐུས་ཆོལ་ཁ་སོ་སོར་འོས་མི་ ༢༠ རེ་དང་། ཆོས་བརྒྱུད་ཁག་ལ་འོས་མི་ ༤ རེ། ཨ་རི་དང་ཡུ་རོབ་ལ་འོས་མི་ ༤ རེ། རྒྱ་བལ་འབྲུག་གསུམ་ཕུད་ཨོ་སི་ཊིར་ལེ་ཡ་དང་ཨེ་ཤ་ཡའི་ནང་འོས་མི་ ༢ བཅས་གསལ་བསྒྲགས་ཞུ་རྒྱུ་རེད། དེའི་སྟེང་ལ་སོ་སོ་དང་བླངས་ཀྱིས་བཞེངས་མཁན་དག་ཁ་སྣོན་རྒྱག་རྒྱུ་རེད། ཅེས་གསུངས་སོང་།

FOR PEMA GYAཡང་ཁོང་ལ། མང་ཚོགས་ནང་ནམ་རྒྱུན་སྡོད་ས་དང་། འོས་ལྡུག་ས་གཉིས་གཅིག་པ་མིན་ན་འོས་ལྡུག་ཆོག་གི་མ་རེད་ཟེར་བའི་སྐད་ཆ་ཞིག་ཡོང་གི་འདུག དེའི་ཐད་གསལ་བཤད་འདྲ་ཡོད་དམ་ཞེས་ཞུས་པར་ཁོང་གིས། དེའི་སྐོར་ལ་མང་ཚོགས་ནང་གསལ་བོ་ཆགས་མ་ཐུབ་པའི་གནས་ཚུལ་ཞིག་ཡོང་གི་ཡོད་ས་རེད། འོས་བསྡུའི་དེབ་སྐྱེལ་བྱས་ཡོད་པ་ཡིན་ན། འོས་བསྡུ་གནང་སྐབས་སོ་སོ་གང་དུ་ཡོད་ན་འོས་བླུག་ཆོག་གི་རེད། ཐོག་མ་སོ་སོ་སྡོད་ས་ཟེར་ན་འདྲ་འོས་བསྡུའི་དེབ་སྐྱེལ་གནང་ས་དང་། དངོས་སུ་འོས་ལྡུག་ས་གཉིས་ས་གནས་གཅིག་ཡིན་དགོས་པ་མ་རེད། ཡིན་ནའང་གསལ་བོར་མཁྱེན་དགོས་པ་ཞིག་ལ། ནམ་རྒྱུན་ཨ་རིར་བཞུགས་ཏེ་འོས་བསྡུའི་དེབ་སྐྱེལ་ཡང་ཨ་རིར་གནང་ཡོད་མཁན་ཞིག འོས་ཤོག་ལྡུག་པའི་ཉིན་མོར་དྷ་རམ་ས་ལར་ཕེབས་བསྡད་ཡོད་ན། སྲིད་སྐྱོང་ལ་འོས་ལྡུག་ཆོག་གི་རེད། ཡིན་ནའང་སྤྱི་འཐུས་ལ་འོས་ལྡུག་པའི་གོ་སྐབས་ཡོད་པ་མ་རེད། གང་ཡིན་ཟེར་ན། ཁོ་རང་ཨ་རིར་སྡོད་མཁན་ཞིག་ཡིན་སྟབས་དྷ་རམ་ས་ལ་ནས་ཨ་རིའི་སྤྱི་འཐུས་ལ་འོས་ལྡུག་པའི་གོ་སྐབས་ཡོད་པ་མ་རེད། རྒྱ་བལ་འབྲུག་གསུམ་ནང་ནས་ཆོལ་ཁ་ཆོས་ལུགས་ཀྱི་སྤྱི་འཐུས་ལ་འོས་ལྡུག་གི་ཡོད་པ་རེད། དེ་བཞིན། དྷ་རམ་ས་ལར་སྡོད་མཁན་ཞིག་དངོས་སུ་འོས་ཤོག་ལྡུག་པའི་ཉིན་མོར་ཨ་རིར་འབྱོར་ཡོད་ནའང་དེ་བཞིན་རེད།

དོ་སྣང་བྱེད་དགོས་པ་གཙོ་བོ་ས་གནས་གང་ནས་འོས་ལྡུག་ནའང་ ༢༠༡༥ ལོའི་དཔྱ་ཁྲལ་ཆད་ལྷག་མེད་པ་ཕུལ་ཟིན་པ་མ་ཟད། འོས་བསྡུའི་དེབ་སྐྱེལ་ངེས་པར་དུ་གནང་ཡོད་པ་ཞིག་ཡིན་དགོས་པ་རེད། ཅེས་གསུངས་སོང་།

མཇུག་ཏུ་འོས་བསྡུའི་འགན་འཛིན་མཆོག་ལ། སྔོན་འགྲོའི་འོས་བསྡུའི་སྐབས་སུ་ས་གནས་རེ་ཟུང་ནང་འོས་བསྡུ་ཚགས་ཚུད་ཡོང་དང་མ་ཡོང་གི་སྐད་ཆ་རེ་ཟུང་འདུག དབུས་འོས་བསྡུ་ལྷན་ཁང་གི་ངོས་ནས་དངོས་གཞིའི་འོས་བསྡུའི་སྐབས་ལ། སྔར་ལས་ལྷག་པར་ཚགས་ཚུད་ཡོང་ཐབས་ལ་གྲ་སྒྲིག་དང་ལས་འཆར་གང་འདྲ་ཡོད་མེད་དྲིས་པར་ཁོང་གིས། སྔོན་འགྲོའི་སྐབས་སུ་ལས་དོན་བྱེད་ཕྱོགས་ཐད་དབུས་འོས་བསྡུ་ལས་ཁང་ལ་ཐད་ཀར་འགྲིག་དང་མ་འགྲིག་འདི་དང་འདི་འདུག་ཟེར་ནས་ཞུ་གཏུག་རྒྱག་མཁན་དེ་འདྲ་བྱུང་མ་སོང་། ཡིན་ནའང་ང་ཚོས་སྐྱོན་གནད་དེ་འདྲ་ཆགས་ཡོད་པ་དང་། སྐྱོན་གནད་དེ་འདྲ་མཐོང་པ་གཞིར་བཞག་སྟེ་དངོས་གཞིའི་སྐབས་སུ་སྐྱོན་གནད་དང་། དཀའ་ངལ་དེ་འདྲ་མི་ཡོང་བའི་ཆེད་དུ་ང་ཚོ་དབུས་འོས་བསྡུ་ལས་ཁང་ནས་ས་གནས་འོས་བསྡུ་ལས་ཁང་ཁག་ལ་ལམ་སྟོན་ཆ་ཚང་ཞིག་ཞུ་བཞིན་ཡོད།

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ནས་བསྩལ་བའི་གསུང་འཕྲིན་ཁག

ཆུ་ཚོད་ ༥ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ལ་མཇལ་བཅར་ཞུ་མཁན་གྱི་གནད་ཡོད་མི་སྣ།

༢༠༢༦/༠༢/༡༦
Mobile App

རྒྱལ་བ་རིན་པོ་ཆེའི་མཚན་དང་ཨེབ་སུ་ཊེན་ (Epstein) གྱི་ཡིག་ཆའི་སྐོར་གྱི་དངོས་ཡོད་གནས་ཚུལ་ལ་ལྟ་བ།

༢༠༢༦/༠༢/༡༤
བོད་དངུལ་འགྲེམས་སྟོན་དུ་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱིས་ལྟ་སྐོར་བྱེད་བཞིན་པ། ༢༠༢༦།༢།༡༣ དུས་བབ་གསར་ཁང་གི་པར།
Mobile App

བོད་རང་བཙན་བསྐྱར་ནན་གསལ་བསྒྲགས་ཀྱི་ཉིན་མོ་སྲུང་གཙི་ཞུས།

༢༠༢༦/༠༢/༡༣
ttt
Mobile App

སྤེན་པ་ཚེ་རིང་མཆོག་སླར་ཡང་སྲིད་སྐྱོང་ལ་འོས་འདེམས་བྱུང་བའི་གསལ་བསྒྲགས་གནང་སོང་།

༢༠༢༦/༠༢/༡༣
༸གོང་ས་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།

༢༠༢༦/༠༢/༡༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese