མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐེ་ཝན། ཆབ་སྲིད་ཀྱི་བསམ་བློ་རྙིང་པའི་རྒྱ་ལས་གྲོལ་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༡༦/༠༡/༡༧
Share on FacebookShare on TwitterShare on EmailShare on Whatsapp

 

( ཕྱི་ལོ་ ༢༠༡༦ ལོའི་ཐེ་ཝན་འོས་བསྡུ་ཆེན་མོའི་ཁྲོད་དམངས་གཙོ་ཡར་ཐོན་ཚོགས་པའི་ཚོགས་གཙོ་ཚའེ་ཡིན་ཝུན་ལ་སྲིད་འཛིན་རྒྱལ་ཁ་ཐོབ་རྗེས། ཐེངས་འདིའི་སྲིད་འཛིན་འོས་ཐོབ་པའི་ངོས་ནས་གསར་འགོད་གསལ་བསྒྲགས་སྐབས་ཀྱི་གཏམ་བཤད།)

 

Taiwan-Tsai-Ing-wen-REUTརྒྱལ་ཁབ་ཕྱི་ནང་གི་གྲོགས་པོ་གསར་འགོད་པ་རྣམ་པར་ཐུགས་རྗེ་ཆེ་ཞུ། ཚང་མས་བཟོད་བསྲན་གྱིས་སྒུག་བསྡད་པར་ཐུགས་རྗེ་ཆེ། དེ་རིང་། ཐེ་ཝན་པ་རྣམས་ཀྱིས་འོས་ཤོག་སྤྱད་དེ་ལོ་རྒྱུས་གསར་པ་བྲིས་ཡོད། སྲིད་འཛིན་ལམ་ལུགས་ལག་བསྟར་བྱས་པ་ནས་བཟུང་སྔ་ཕྱིར་གཞུང་འཛིན་ཆབ་སྲིད་ཚོགས་པ་ཐེངས་གསུམ་བརྗེ་ལེན་ལེགས་འགྲུབ་བྱུང་པ་རེད། དེ་བཞིན། གྲོས་ཚོགས་ནང་ཆབ་སྲིད་ཚོགས་པའི་འཐུས་མི་སྔ་ཕྱིར་ཐེངས་བཞི་ལ་བརྗེ་ལེན་བྱས་ཡོད། དེ་རིང་འོས་འཕེན་དུ་ཡོང་ནས་ཆེས་རྩ་ཆེ་བའི་འོས་ཤོག་གཅིག་པུ་བླུགས་མཁན་ཐེ་ཝན་མི་དམངས་ལ་ངས་སེམས་གཏིང་ནས་གུས་འདུད་ཞུ། ཁྱོད་ཚོས་འོས་ཤོག་སུ་ཞིག་ལ་བླུགས་ཡོད་མེད་ལ་མ་ལྟོས་པར། གཙོ་བོ་དམངས་གཙོའི་འདུ་ཤེས་གསལ་འདོན་བྱས་པ་དེ་ནི་ཐེངས་འདིའི་འོས་བསྡུའི་དོན་སྙིང་ཆེ་ཤོས་དེ་ཆགས་ཡོད།

 

ཕྱི་ལོ་ ༢༠༡༦ ལོར་ང་ཚོས་ཡང་བསྐྱར་དམངས་གཙོའི་འོས་བསྡུ་ཐེངས་གཅིག་བརྒྱུད་ནས། དམངས་གཙོའི་རྒྱལ་ཁབ་ཞིག་ཡིན་པའི་ང་རྒྱལ་དང་ཐེ་ཝན་པ་ཞིག་ཡིན་པའི་གཟི་བརྗིད་འཛམ་གླིང་ཡོངས་ལ་གསལ་སྟོན་བྱས་ཡོད།  དེ་བཞིན། དམངས་གཙོའི་རིན་ཐང་ནི་ཐེ་ཝན་པ་རྣམས་ཀྱི་ཟུངས་ཁྲག་ཁྲོད་འཐིམ་ཡོད་པ་དང་། མི་དམངས་ས་ཡ་ཉེར་གསུམ་གྱིས་དམངས་གཙོ་ལྡན་པའི་འཚོ་བ་རོལ་སྟངས་དུས་གཏན་དུ་རྒྱུན་འཁྱོངས་བྱ་རྒྱུ་ཡིན་པ་དེ། ང་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་ལ་སླར་ཡང་ཐེངས་གཅིག་གསལ་བརྗོད་བྱས་ཡོད།

 

བཀུར་འོས་ཀྱི་ཁ་གཏད་འོས་མི་སྟེ་རྒྱལ་དམངས་ཚོགས་པའི་ཚོགས་གཙོ་ཀྲུའུ་དང་དམངས་གཅེས་ཚོགས་པའི་ཚོགས་གཙོ་སཱུང་གཉིས་ལ་ངས་འདི་ནས་ཐུགས་རྗེ་ཆེ་ཞུ། དམངས་གཙོའི་གཟི་ཉམས་གསལ་འདོན་ཐོག་ཐེངས་འདིའི་འོས་བསྡུ་ཆེན་མོ་རྒྱལ་ཁའི་ངང་ལེགས་འགྲུབ་བྱུང་བཅུག་པར་ངས་ཁོང་ཚོར་ཐུགས་རྗེ་ཆེ་ཞུ། འདས་མ་ཐག་པའི་དུས་ཐུང་ནང་ཕན་ཚུན་འགྲན་རྩོད་དང་། དེ་བཞིན། ཁོ་ཚོས་ང་ལ་སློབ་སྟོན་མང་པོ་གནང་བ་ཆ་ཚང་།  མ་འོངས་པར་ང་རང་མུ་མཐུད་ཡར་རྒྱས་ཡོང་བའི་སྒུལ་ཤུགས་སུ་འགྱུར་ངེས།

 

ཆབ་སྲིད་ཚོགས་པ་ཕན་ཚུན་དབར་འགྲན་རྩོད་ཕུད། གཞན་ད་དུང་མཉམ་ལས་ཆོག་པར་ངས་ཡིད་ཆེས་བྱེད་ཀྱི་ཡོད། གྲོས་ཚོགས་འཐུས་མིས་དམ་འབུལ་དང་སྲིད་གཞུང་གསར་པའི་གཞུང་འཛིན་མ་བྱས་སྔོན་གྱི་བར་བརྒལ་དུས་ཡུན་ནང་། སྲིད་གཞུང་བརྗེ་ལེན་བརྒྱུད་རིམ་གྱི་ཆབ་སྲིད་གནས་བབ་བརྟན་ལྷིང་དང་རྒྱུན་ལྡན་གྱི་སྒོ་ནས་སྒྲུབ་ཐུབ་པ་ཡོང་ཆེད། དམངས་གཙོ་ཡར་ཐོན་ཚོགས་པའི་ངོས་ནས་ད་ཡོད་ལམ་ལུགས་ལ་བསྟུན་མཁས་དང་། ད་ལྟའི་སྲིད་གཞུང་ལ་འབྲེལ་གཏུགས་དང་གྲོས་བསྡུར། མཐུན་འགྱུར་བཅས་རྒྱུན་འཁྱོངས་གང་ལེགས་བྱ་རྒྱུ་ཡིན།

 

ངས་གང་མགྱོགས་སྒོས་རྒྱལ་ཁབ་ཀྱི་ལས་དོན་ཐད་རྒྱལ་ནང་གི་ཆབ་སྲིད་ཚོགས་པ་གཙོ་གྲས་ཁག་དང་ཐུན་མོང་གྲོས་བསྡུར་ཡོང་བའི་སྒྲོམ་གཞི་འཛུགས་རྒྱུ་ཡིན། དེ་བཞིན། ང་ཚོའི་ངོས་ནས་ཐུན་མོང་གྲོས་བསྡུར་གྱི་སྒྲོམ་གཞི་དེ་སྤྱད་ནས་གལ་ཆེའི་སྲིད་བྱུས་ཐད་དུས་རྒྱུན་བསམ་ཚུལ་བརྗེ་རེས་བྱས་ཏེ། ཆབ་སྲིད་ཀྱི་བསམ་བློ་རྙིང་པའི་རྒྱ་ལས་ཐེ་ཝན་གྲོལ་ཏེ་ཆབ་སྲིད་མདུན་ལྗོངས་གསར་པ་ཞིག་བསུ་ཐུབ་པའི་རེ་བ་བྱེད་ཀྱིན་ཡོད།

 

གཞན་ཡང་། འོས་ཤོག་འཕངས་ཏེ་ཚའེ་ཡུན་ཝིན་དང་ཁྲིན་ཅན་རིན། དེ་བཞིན། དམངས་གཙོ་ཡར་ཐོན་ཚོགས་པ་དང་ཁྲིམས་བཟོ་ལྷན་ཚོགས་ཀྱི་འོས་མི་བཅས་ལ་རྒྱབ་སྐྱོར་བྱེད་མཁན་འོས་འཕེན་མི་དམངས་རྣམས་ཀྱིས་དམངས་གཙོ་ཡར་ཐོན་ཚོགས་པ་བསྐྱར་དུ་ཡར་བསླངས་པ་མ་ཟད། རྒྱལ་ཁབ་བཅོས་སྐྱོང་གི་འགན་དབང་ཡང་བསྐྱར་ང་ཚོར་ཐེངས་གཅིག་བསྩལ་བར་ངས་ཐུགས་རྗེ་ཆེ་ཞུ།

 

ང་རང་ཉིད་ལ་མཚོན་ནས་བཤད་ན། འདི་ནི་འོས་བསྡུ་ཐེངས་གཅིག་གི་རྒྱལ་ཁ་ཙམ་མ་ཡིན་པར། སྔར་ལས་ལྷར་པར་དམངས་ཀྱི་མངོན་འདོད་དང་ལེན་བྱེད་མཁན་གྱི་སྲིད་གཞུང་ཞིག་དང་། སྲིད་ཇུས་ཐག་གཅོད་ཀྱི་བརྒྱུད་རིམ་ཕྱི་གསལ་ནང་གསལ་གྱི་སྲིད་གཞུང་ཞིག ཉམས་ཐག་ལ་ལྟ་སྐྱོང་དང་དཀའ་ངལ་ཐག་གཅོད་ཀྱི་ནུས་པ་ལྡན་པའི་སྲིད་གཞུང་ཞིག རྒྱལ་ཁབ་འདི་ཉིད་དུས་རབས་གསར་བའི་སྡིངས་ཆའི་སྟེང་སྐྱེལ་ཐུབ་མཁན་གྱི་སྲིད་གཞུང་ཞིག ད་དུང་། བློ་བརྟན་འགྱུར་མེད་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་སྲུང་སྐྱོང་ཐུབ་མཁན་གྱི་སྲིད་གཞུང་ཞིག་བཅས་ལ།  མི་དམངས་ཀྱིས་རེ་སྙེགས་བྱེད་བཞིན་པ་དེ་ཐེངས་འདིའི་འོས་བསྡུའི་གྲུབ་འབྲས་ཀྱིས་ང་ལ་གསལ་བརྗོད་བྱས་ཡོད།

 

དེ་རིང་ནས་བཟུང་བཅོས་བསྒྱུར་གྱི་ལམ་ཁ་དང་པོ་མགོ་ཚུགས་པ་རེད་ཅེས་ངས་ཐེངས་མང་བརྗོད་མྱོང་ཡོད་པ་ལྟར། མ་འོངས་པར་རེ་བཅོལ་དེ་དག་མངོན་འགྱུར་ཐད་སྐུལ་འདེད་གཏོང་བའི་རྒྱབ་རིར་འགྱུར་ངེས། ཕྱི་ཟླ་ ༢ པའི་ཚེས་ ༡ ཉིན་ལས་འཁུར་བྱེད་ཀྱིན་པའི་གྲོས་ཚོགས་གསར་པ་དང་། ཕྱི་ཟླ་ ༥ ཚེས་ ༢༠ ཉིན་དབང་འཛིན་བྱེད་བཞིན་པའི་སྲིད་གཞུང་གསར་པ་ཚང་མས། རེ་སྒུག་དེ་དག་མངོན་འགྱུར་བྱ་རྒྱུ་ནི་ཆེས་གལ་ཆེ་བའི་དམིགས་འབེན་དུ་འཛིན་གྱི་ཡིན།

 

བཅོས་བསྒྱུར་ནི་གོམ་པ་གཅིག་གིས་འགྲུབ་ཐུབ་ཞིག་པ་དང་ཐེ་ཝན་གྱི་མིག་སྔའི་དཀའ་ཁག་རྣམས་གློ་བུར་སེལ་པ་ཞིག་མིན་སྟབས། ང་ཚོས་ངེས་པར་གཟབ་ནན་གྱི་སྒོ་ནས་གདོང་ལེན་བྱ་དགོས།  ཡིན་ནའང་། འབྱུང་འགྱུར་གི་ལོ་བཞིའི་ལས་ཡུན་རིང་ངས་རང་ཉིད་ཀྱི་ཁས་ལེན་མངོན་འགྱུར་ཡོང་བར་རང་ནུས་གང་ཡོད་འདོན་རྒྱུ་ཡིན། ཐེ་ཝན་སྔོན་ཐོན་རྒྱལ་ཁབ་གྲས་སུ་སླེབས་ཆེད་ཞི་རྒྱས་དབང་དྲག་གི་སྟོབས་ཤུགས་སྣ་ཚོགས་འཛུགས་བསྐྲུན་རྒྱ་བསྐྱེད་དང་། འདས་པའི་སྲིད་བྱུས་ཀྱི་ནོར་འཁྲུལ་རྣམས་ལེགས་བཅོས་བྱས་ཐོགམི་དམངས་ཀྱིས་སྲིད་གཞུང་ལ་འཛིན་པའི་ཡིད་ཆེས་བསྐྱར་གསོ་བྱས་ཏེ། དུས་རིམ་རྗེས་མའི་ཐེ་ཝན་གྱི་འཕེལ་རྒྱས་ལ་སྲ་ཞིང་བརྟན་པའི་རྨང་གཞི་བསྐྲུན་རྒྱུ་ཡིན།

 

རྒྱལ་སྤྱིའི་གྲོགས་པོ་རྣམས་ཀྱིས་ཐེ་ཝན་གྱི་འོས་བསྡུར་དོ་སྣང་དང་རྒྱབ་སྐྱོར་གནང་བར།  ངས་ཐེ་ཝན་མི་དམངས་ཀྱི་ཚབ་ཞུས་ཏེ་གོ་སྐབས་འདི་བརྒྱུད་ནས་ཐུགས་རྗེ་ཆེ་ཞུ། ཐེ་ཝན་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཆ་ཤས་ཤིག་ཡིན་པའི་ངོས་ཐད་ནས། རྒྱལ་སྤྱིའི་མཉམ་ལས་ཁྲོད་ཧུར་བརྩོན་གྱིས་འཛུལ་ཞུགས་བྱ་རྒྱུར་ཐེ་ཝན་གྱིས་མོས་མཐུན་ཡོད། དེ་བཞིན། འཛམ་གླིང་གི་གྲོགས་པོ་ཡོངས་དང་ཁེ་ཕན་མཉམ་རོལ་དང་འོས་འགན་མཉམ་འཁུར་བྱ་རྒྱུའི་འདུན་པ་ཡོད། དེར་མ་ཟད། ས་ཁུལ་རང་བཞིན་གྱི་ཞི་བདེ་བརྟན་ལྷིང་ཐད་ལག་རྗེས་གང་ལེགས་འབུལ་རྒྱུ་ཡིན།

 

མ་འོངས་པར་ཆེས་གཅིག་མཐུན་རང་བཞིན་ལྡན་པ་དང་ཚོད་བགམ་རང་བཞིན་ཐུབ་པ། རྒྱུན་མཐུན་ཐུབ་པའི་རང་བཞིན་ཅན་གྱི་མཚོ་འགག་འབྲེལ་བ་འཛུགས་རྒྱུ་ཡིན་ཞེས། ཐེངས་འདིའི་འོས་བསྡུའི་འགྲན་རྩོད་ཁྲོད་ངས་ཐེངས་མང་པོར་ཁས་ལེན་བྱས་ཡོད། རྒྱ་ནག་མི་སེར་རྒྱལ་ཁབ་ཀྱི་སྐབས་བཅུ་བཞི་པའི་སྲིད་འཛིན་འོས་ཐོབ་པ་ཞིག་ཡིན་པའི་ངོས་ནས། འདི་ལོའི་ཕྱི་ཟླ་ ༥ ཚེས་ ༢༠ ཉིན་སྲིད་གཞུང་གསར་པའི་གཞུང་འཛིན་བྱས་རྗེས། རྒྱ་ནག་མི་སེར་རྒྱལ་ཁབ་ཀྱིས་ད་ལྟ་ལག་བསྟར་བཞིན་པའི་ཁྲིམས་སྐྱོང་ལམ་ལུགས་དང་། མཚོ་འགག་གཉིས་ཕན་ཚུན་བར་འབྲེལ་འདྲིས་གྲོས་བསྡུར་གྱི་འབྲས་བུ། དེ་བཞིན། དམངས་གཙོའི་ལམ་ལུགས་དང་ཡོངས་ཁྱབ་ཀྱི་དམངས་འདུན་བཅས་ནི། མ་འོངས་པར་མཚོ་འགག་གཉིས་ཀྱི་འབྲེལ་བར་སྐུལ་འདེད་ཀྱི་རྨང་གཞི་བྱ་རྒྱུ་ཡིན་པ་ངས་བསྐྱར་དུ་ནན་བརྗོད་ཞུ་རྒྱུ་ཡིན། དེར་མ་ཟད་ངས་ཆབ་སྲིད་ཚོགས་པའི་ལངས་ཕྱོགས་ཁོ་ན་མཁྲེགས་འཛིན་མ་ཡིན་པའི་ཐོག་ནས། ཐེ་ཝན་མི་དམངས་ཀྱི་མངོན་འདོད་ལ་བརྩི་བཀུར་དང་ཆེས་མཐོའི་སྤྱི་མོས་ངོས་འཛིན་བཅས་གཞི་ལ་བཞག་སྟེ། མཚོ་འགག་འབྲེལ་བ་མུ་མཐུད་ཞི་བདེ་བརྟན་ལྷིང་གི་ད་ལྟའི་གནས་བབ་འགན་སྲུང་དང་། ཐེ་ཝན་མི་དམངས་ལ་ཆེས་བཟང་བའི་ཁེ་ཕན་དང་བདེ་སྐྱིད་བསྐྲུན་རྒྱུ་ཡིན།

 

ངས་ད་དུང་ནན་བརྗོད་ཞུ་རྒྱུ་ཞིག་ལ། བློ་ཡིད་ལས་འགོང་པའི་བྱེད་སྤྱོད་དང་རྒོལ་རེས་མེད་པར་ཕན་ཚུན་གཉིས་ཀས་ངོས་ལེན་བྱ་ཐུབ་པའི་འབྲེལ་ལམ་ཞིག་དང་། འདྲ་མཉམ་གྱི་བརྩི་མཐོང་ཞིག་འཚོལ་སྙེགས་ཡོང་བར་ནུས་པ་གང་ཡོད་འདོན་རྒྱུ་དེ་མཚོ་འགག་གཉིས་ཆར་འོས་འགན་ཡོད། དེ་རིང་གི་འོས་བསྡུའི་མཐའ་མའི་གྲུབ་འབྲས་ཀྱིས་ཐེ་ཝན་མི་དམངས་ཀྱི་མངོན་འདོད་གསལ་སྟོན་བྱས་ཡོད། རྒྱ་ནག་མི་སེར་རྒྱལ་ཁབ་ནི་དམངས་གཙོའི་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས། མི་དམངས་ས་ཡ་ཉེར་གསུམ་ཐུན་མོང་གིས་རྒྱུན་སྐྱོང་བྱེད་ཀྱིན་ཡོད། ང་ཚོའི་དམངས་གཙོའི་ལམ་ལུགས་དང་རྒྱལ་ཁབ་ཀྱི་ངོས་འཛིན། རྒྱལ་སྤྱིའི་ཁོར་ཡུག་བཅས་ལ་ངེས་པར་དུ་ཕྱོགས་ཡོངས་ནས་བརྩི་འཇོག་བྱ་དགོས། དྲག་གནོན་གྱི་རྣམ་པ་ག་འདྲ་ཞིག་ཡིན་ཡང་མཚོ་འགག་གཉིས་ཀྱི་བརྟན་ལྷིང་འབྲེལ་བར་གཏོར་སྐྱོན་བཟོ་ངེས་ཡིན།

 

མཐའ་མཇུག་བརྗོད་འདོད་པ་ནི། ངས་རང་ཉིད་ལ་ལས་འགན་ལྕི་མོ་ཞིག་ཡོད་པ་ཤེས་ཀྱི་ཡོད། དེ་ནི་རྒྱལ་ཁབ་འདི་རྡོག་རྩ་ཆིག་སྒྲིལ་བཟོ་རྒྱུ་དེ་རེད། ཉེ་བའི་ཉིན་འདི་གཉིས་ཀར་གསར་འགྱུར་གཅིག་གིས་ཐེ་ཝན་སྤྱི་ཚོགས་ལ་སྒུལ་སྐྱོམ་ཐེབས་བཅུག་ཡོད། དེ་ནི་ལྷོ་ཁོ་རི་ཡར་འཕེལ་རྒྱས་བྱུང་བའི་ཐེ་ཝན་གྱི་སྒྱུ་རྩལ་པ་ཞིག་སྟེ། རང་ལོ་ ༡༦ ལ་སོན་པའི་བུ་མོ་ཞིག་གིས་རྒྱ་ནག་མི་སེར་རྒྱལ་ཁབ་ཀྱི་རྒྱལ་དར་གྱི་པར་རིས་ཞིག་ལག་ཏུ་འཕྱར་བར་བརྟེན་ནས་དྲག་གནོན་མྱངས་དགོས་བྱུང་ཡོད། དེའི་ཐད་ཆབ་སྲིད་ཚོགས་ཁག་གི་དབྱེ་བ་མེད་པར་ཐེ་ཝན་པ་ཚང་མས་མི་འཐད་པའི་རྣམ་འགྱུར་བསྟན་ཡོད། གནས་ཚུལ་དེས་ང་ལ་རྒྱལ་ཁབ་འདི་ཉིད་ཆིག་སྒྲིལ་དང་རྒྱལ་ཁབ་འདི་ཉིད་སྟོབས་ལྡན་དུ་བསྒྱུར་དགོས་པ་དུས་གཏན་དུ་དྲན་སྐུལ་བྱ་ངེས་ཡིན། དེར་མ་ཟད། ང་རང་རྒྱ་ནག་མི་སེར་རྒྱལ་ཁབ་ཀྱི་འབྱུང་འགྱུར་སྲིད་འཛིན་ཡིན་པའི་ངོས་ཐད་ནས་ཕྱི་འབྲེལ་ནི་འོས་འགན་གལ་ཆེན་ཞིག་ཆགས་ཡོད།

 

མ་གཞི་ཕྱི་ཕྱོགས་དང་ནང་ཁུལ་གཉིས་ཆ་ནས་ཐེ་ཝན་ལ་འགོག་རྐྱེན་མང་པོ་ཡོད། ད་ལྟ་འོས་བསྡུ་མཇུག་སྒྲིལ་ཟིན་པ་རེད། འོས་བསྡུའི་སྐབས་ཀྱི་འགལ་བ་དང་རྩོད་གླེང་ཡོད་ཚད་ཀྱང་མཚམས་འཇོག་དགོས། ང་ཚོ་མི་དམངས་ས་ཡ་ཉེར་གསུམ་དང་ལྷན་མདུན་དུ་བསྐྱོད་དགོས། ཐུན་མོང་གི་ཐོག་ནས་རྒྱལ་ཁབ་འདིའི་དཀའ་ངལ་སེལ་དགོས། ང་ཚོ་འོས་བསྡུའི་ཕྱིར་དུ་ཁ་བྲལ་ཏུ་འགྲོ་མི་སྲིད། ང་ཚོ་དམངས་གཙོའི་ཆེད་དུ་ཆིག་སྒྲིལ་བྱ་ངེས་ཡིན། ཚང་མར་ཐུགས་རྗེ་ཆེ་ཞུ།

 

ཚེ་རིང་རྒྱལ་གྱིས་བོད་བསྒྱུར་ཞུས།

འབྲེལ་ཡོད་གསར་འགྱུར།

Mobile App

འཛམ་གླིང་ཡུལ་གྲུ་གང་སར་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་རྗེས་དྲན་ཞུ་བཞིན་འདུག

སྐར་མ ༢༦ སྔོན་ལ།
Press Statement From The Office of His Holiness The Dalai Lama
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་ནས་བྱུང་མེད་པའི་གསལ་བསྒྲགས་གནང་།

ཆུ་ཚོད་ ༤ སྔོན་ལ།
Delhi High Court, Image Representational (Photo/Shutterstock)
Mobile App

རྒྱ་གར་གྱི་མཐོ་རིམ་ཁྲིམས་ཁང་གིས་བོད་མི་ཞིག་ལ་རྒྱ་གར་གྱི་མི་སེར་ཐོབ་ཐང་སྤྲོད་དགོས་པའི་བཀའ་ཁྱབ་བཏང་།

ཆུ་ཚོད་ ༢༣ སྔོན་ལ།
Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༦
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

༢༠༢༦/༠༢/༠༦
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥

མཆན། 1

  1. གངས་རྒོད། says:
    ལོ་ 10 སྔོན།

    ལྕམ་སྐུ་མཆོག་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ། ཁྱེད་ཀྱི་ཕུགས་བསམ་དང་བློ་སྟོབས་ཀྱིས་ཐའེ་ཝན་མི་མང་ལ་རེ་བ་གསར་པ་ཞིག་དང་སྤོབས་པ་ཆེན་པོ་ཞིག་སྩལ་སོང་། ལྕམ་སྐུ་མཆོག་འདིའི་ལོ་རྒྱུས་ཞིབ་ཕྲ་ཞིག་འགོད་ཐུབ་ན་ཡག་པོ་འདུག མོ་རང་བུད་མེད་སྤྱིར་བཏང་བ་ཞིག་མིན་པ་གསལ་བོ་རེད། སྔོན་མ་ཐའེ་ཝན་གྱི་སྲིད་འཛིན་ཁྲེན་ཧྲའུ་ཕིང་གི་ལོ་རྒྱུས་(ཐའེ་ཝན་གྱི་བུ།)ཟེར་བ་ཞིག་བོད་བསྒྱུར་གནང་བ་ཞིག་ཡོད་པ་དེ་ཧ་ཅང་སྙན་པོ་འདུག

    ངས་གོ་ཚོད་ལ་། མཁྱེན་ལྡན་མ་འདི་ཐའེ་ཝན་ནང་གི་བུད་མེད་རྒྱུ་ཆེ་ཤོས་ཤིག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese