མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རིག་པ་སྒུམ་པ། བོད་ཀྱི་སྐད་ཡིག་གི་བཀོལ་སྤྱོད་སྐོར།

རང་དབང་སྒུམ་པ།
༢༠༡༦/༠༡/༢༠
Share on FacebookShare on TwitterShare on EmailShare on Whatsapp

འདིར་བོད་ཀྱི་དུས་བབ་གསར་ཁང་གིས་ཕྲན་ལ་ཟིན་བྲིས་ཀྱི་གོ་སྐབས་གནང་བ་ལ་ཐུགས་རྗེ་ཆེ་ཞུ། ད་ནས་བཟུང་རང་གི་དྲན་ཚད་དང་ཐོས་ཚད་ཀྱི་ཐོག་ནས་རིག་པ་སྒུམ་དུ་འགྲོ ཟིན་བྲིས་འདེབས་མཁན་བདག་གི་མིང་ལ་ རང་དབང་སྒུམ་པ་ ཞེས་བཏགས་ཡོད། དེ་ནི་རང་དབང་སྤྱད་ནས་རིག་པ་སྒུམ་དུ་འགྲོ་རྒྱུ་དང་། རིག་པ་སྤྱད་ནས་རང་དབང་སྒུམ་དུ་འགྲོ་རྒྱུའི་དོན་ཡོད་པ་ཡིན།

ཐོག་མར་ལེའུ་གསར་པའམ་ཟིན་བྲིས་གསར་པ་འདིའི་སྒོ་འབྱེད་ཀྱི་ཚུལ་དུ་ཟླ་བ་གཅིག་ཙམ་རིང་སྐད་ཡིག་གི་སྐོར་གླེང་སློང་བྱེད་འདོད་བྱུང་། ཉེ་ཆར་བཙན་བྱོལ་ནང་གི་མཁས་པ་གྲགས་ཅན་རྒན་པད་མ་འབུམ་ལགས་རྒྱ་གར་དུ་ཕེབས་ཏེ་རིག་གཞུང་དང་རིག་གནས་སྲུང་སྐྱོབ་ཅེས་པ་འདི་ཡང་སྙིང་ཅི་ཞིག་ཡིན་མིན་སྐོར་ལ་གསུང་བཤད་གནང་བ་རེད། གསུང་བཤད་ཀྱི་ནང་དོན་ནི་རིག་གཞུང་གི་ཁག་ཅིག་ནི་སྐྱོབ་ཏུ་མེད་པའམ་བསྐྱབས་ནས་ཕན་ཐོགས་མེད་པར་གྱུར་ཟིན་པ་དང་། ཁག་ཅིག་ནི་ད་ཆ་སྐྱོབ་རན་ཡོད་མོད་དེ་དག་ལ་ངོས་འཛིན་གསལ་པོ་ཞིག་བྱས་པའི་ཐོག་ནས་སྲུང་སྐྱོབ་བྱེད་འོས་པའི་དགོངས་འཆར་བཏོན་པ་རེད། ཚུལ་འདི་ནི་སྐད་ཡིག་སྲུང་སྐྱོབ་ཅེས་པའང་སྦྱོར་འོས་པ་ཞིག་རེད།

བོད་སྐད་དང་བོད་ཡིག་ཕུན་སུམ་ཚོགས་པ་ཡིན་པ་མ་ཟད་འཛམ་གླིང་གི་ནོར་བུ་ཞིག་ཡིན་པ་དང་།  ཐ་ན་འཛམ་གླིང་གི་སྐད་ཡོད་དོ་ཅོག་གི་གྲས་ནས་ཀྱང་ཨང་གཉིས་པའམ་གསུམ་པ་ལྟ་བུ་ཡིན་པའི་གླེང་སློང་གོ་བཞིན་འདུག  འདི་ལ་ང་ཚོ་རང་ཉིད་སྣང་བ་དག་པའི་རྣམ་པ་ཞིག་ཏན་ཏན་ཡོད་རེད་བསམས་ཀྱི་འདུག  སྐད་ཡིག་གི་སྐོར་བཤད་སྐབས་བརྗོད་གཞི་འདི་ལ་ཟུར་སྣ་ཚོགས་པ་ཞིག་ཡོད་པ་ལས་སྦྲགས་སྐད་བཀག་པ་ཙམ་ཞིག་གིས་སྐད་ཡིག་སྲུང་སྐྱོབ་ཐུབ་མིན་བཤད་དཀའ་བ་ཞིག་རེད།  ཟུར་སྣ་ཚོགས་པ་དེ་དག་གི་ནང་ནས་དཔེར་ན་སྐད་ཡིག་གི་བེད་སྤྱོད་དང་སྐད་ཡིག་གི་སློབ་སྦྱོང་། སྐད་ཡིག་གི་ཚད་གཞི།  སྐད་ཡིག་གཅིག་གྱུར་སོགས་བཤད་དགོས་པ་རེད།  ཐོག་མར་ང་ཚོས་སྐད་ཡིག་གི་བཀོལ་སྤྱོད་ནས་གླེང་བར་བྱ།

ད་ལྟའི་དུས་ཚོད་ལ་བོད་ཡིག་གི་ཐོག་ནས་ཨང་རྩིས་སློབ་སྦྱོང་བྱས་ཏེ་འཛམ་གླིང་གི་སློབ་གྲྭའམ་སློབ་གསོའི་གོ་ཆོད་པ་ཞིག་ཡོང་ཐུབ་རེ་མེད།   བོད་ཡིག་དང་བོད་སྐད་ཀྱི་ཐོག་ནས་བེད་སྤྱོད་ཀྱི་ནུས་པ་ཁ་ཚང་བ་ཞིག་ཐོན་བཞིན་པ་ནི་སྲོལ་རྒྱུན་སློབ་གསོ་ཁོ་ན་ཡིན།  སྲོལ་རྒྱུན་སློབ་གསོ་དེ་དག་ནི་ཕལ་ཆེར་བརྒྱ་ཆའི་འབོར་ཆེན་ཞིག་ཆོས་ལུགས་དང་དེ་བཞིན་རིག་གནས་བཅུའི་ནང་ཐིམ་བསྡད་ཡོད།  དུས་རབས་ཉེར་གཅིག་པའི་བོད་མི་ཞིག་གིས་རིག་གནས་བཅུའི་ཁྱབ་ཁོངས་ནས་མི་ཚེ་བསྐྱལ་ཐུབ་ཀྱི་ཡོད་ཚེ་བོད་ཀྱི་སྐད་ཡིག་དང་བོད་ཡིག་གི་བཀོལ་སྤྱོད་འདི་ཧ་ཅང་རན་པོ་ཞིག་གི་ཐོག་གནས་ཡོད་ཅིང་།  ང་ཚོ་ཡང་ཡིད་མགུ་བཞིན་བསྡད་ན་མི་འོས་པ་ཅི་ཡང་མེད།   འོན་ཀྱང་དེང་རབས་ཀྱི་སློབ་གསོ་དང་གོ་ལའི་རང་བཞིན་གྱི་འགྱུར་ལྡོག་དག་གིས་ང་ཚོ་ཡང་རིག་གནས་བཅུའི་ཁྱབ་ཁོངས་ཀྱི་བྲག་ཕུག་འདིའི་ཕྱི་རོལ་དུ་དེད་ཡོད།

ད་དེང་རབས་སློབ་གསོའི་དཀྱིལ་འཁོར་དེར་གཟིགས་དང་།  བོད་ཡིག་བཀོལ་སྤྱོད་ཀྱི་ཁྱབ་ཁོངས་ཧ་ཅང་ཆུང་།  རྒྱ་ཡིག་ལྟ་བུ་ཡིན་ན་རྒྱ་ཡིག་གི་ཀློག་དེབ་འགྱུར་མ་དག་སྤྱད་ནས་ཨ་རིའི་མཐོ་རིམ་སློབ་གྲྭའི་བསླབ་གཞི་སློབ་སྦྱོང་བྱེད་ཐུབ་ཀྱི་ཡོད། ༼ངའི་ངོ་ཤེས་བོད་ཀྱི་བུད་མེད་ཅིག་གིས་རྒྱ་ཡིག་གི་དཔེ་ཆ་ལ་བརྟེན་ནས་ཁོར་ཡུག་གི་ཚན་རིག་སློབ་སྦྱོང་བྱས་སོང་།༽ གནས་ཚུལ་འདི་ལ་བལྟས་སྐབས་བོད་ཡིག་དེ་ཟུར་ཞིག་ཏུ་དེད་ཟིན་པ་དེ་མཐོང་ཐུབ་ལ།  ཟུར་དེ་ནས་བོད་ཡིག་གིས་ཀྱང་འཆི་སྒུག་བྱེད་པ་ལས་གསོན་རེ་བྱེད་ཀྱིན་མེད།

དུས་རབས་ཉེར་གཅིག་པའི་མི་གཅིག་གམ་ཡང་དུས་རབས་ཉེར་གཅིག་པའི་སློབ་གསོ་དེ་ཁང་མིག་བཅུ་ཅན་གྱི་ཁང་པ་ཞིག་ཡིན་པར་ཆ་ཞོག  བོད་ཡིག་ནི་ཟུར་ན་ཡོད་པའི་ཁང་མིག་རྙིང་ཤོས་དེ་རེད།  ཁང་པ་དེའི་སྤུས་དག་པའི་ཁང་མིག་དང་བེད་སྤྱོད་ཅན་གྱི་ཁང་མིག་རྣམས་ནི་སྐད་ཡིག་གཞན་གྱིས་བཟུང་ཟིན།

ད་ཅི་ཞིག་བྱེད་རྒྱུ་ཡོད་དམ།  internet ལ་དྲ་རྒྱ་ཟེར་བ་དང་། Software ལ་མཉེན་ཆས་ཟེར་བ་ལྟ་བུའི་མིང་ཚིག་འདི་འདྲ་བ་ནི་ང་ཚོས་གཉེར་ནས་ལོ་མང་པོ་ཕྱིན་སོང་།  ཐ་སྙད་རེ་ཟུང་གསར་རྩོམ་བྱས་པ་དེས་ཀྱང་བོད་ཡིག་གི་བེད་སྤྱོད་ཤུགས་ཆེ་རུ་བཏང་བ་ལ་དྭོགས་པ་མེད་པ་ཞིག་རེད།  འོན་ཀྱང་ཐ་སྙད་རེ་ཟུང་གིས་དེང་རབས་དྲ་བའི་རིག་པའི་ཚབ་བྱེད་ག་ལ་ཐུབ།  ཨིན་བོད་ཚིག་མཛོད་ཅིག་སྒྲིག་རྒྱུ་ལའང་ལོ་མང་འགོར་ཏེ་མིང་ལ་ཨ་ཧྥི་རི་ཀའི་ཕག་པ་དཀར་པོ་ཞེས་མིང་འདོགས་དགོས་བྱུང་བ་རེད།  ད་ནི་རིག་གསར་ནང་འདྲེན་གྱི་རྩོལ་བ་བྱས་ཏེ་བོད་ཡིག་གིས་རྒྱ་སྐད་དང་ཨིན་སྐད་ཀྱི་བེད་སྤྱོད་ལ་འགྲན་བསྡུར་བྱེད་ཐུབ་པའི་ཉི་མ་ཞིག་ཤར་རྒྱུའི་ཉིན་གུང་གི་རྨི་ལམ་ཞིག་མ་རེད་དམ།

འདི་ལ་སོགས་པའི་གཏམ་དང་འབྲེལ་ཏེ་བོད་ཡིག་གི་བེད་སྤྱོད་དང་བཀོལ་སྤྱོད་རྒྱ་ཆེ་རུ་གཏོང་ཐབས་ལ་དགོངས་ཚུལ་གསུངས་རོགས། ཁ་བྲོ། བཀྲ་ཤིས།

མཆན། ཀུན་ཕན་ཐེབས་རྩ་ཚོགས་པས་སྤེལ་བའི་ “དེང་དུས་གོ་ལའི་སྤྱི་ཚོགས་ནང་གི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་”ཅེས་པའི་ནང་། དགེ་རྒན་ཆེན་མོ་ Arienne M. Dwyer ལགས་ཀྱིས་བརྩམས་པའི་ “རྩ་མེད་འགྲོ་ཉེན་ཅན་གྱི་སྐད་ཡིག་སླར་གསོའི་དཔྱད་ཐབས་དང་ལག་རྩལ་”ཅེས་པ་དང་། ཆེད་མཁས་ Joshua A. Fishman ལགས་ཀྱི་གསུང་བཤད་ “སྐད་བརྗེ་བ་ལྡོག་པར་བྱེད་པའི་ལྟ་ཚུལ་སྟེ། ངང་སྒུག་དང་། སྤྱང་གྲུང་། བཀོལ་སྤྱོད་ཀྱི་བྱེ་བྲག་བཅས།” ཅེས་པ་གཉིས་ཀྱིས་ང་ཚོར་བློ་སྐྱེད་སྤྲོད་ཐུབ། འདིའི་སྐོར་གྱི་གསར་འགྱུར་གཤམ་གསལ་འབྲེལ་ཐག་ན་གསལ།

http://www.trace.org/bo/news/publications/minority-language-todays-global-society-vols-1-and-2

ད་དུང་གཤམ་གསལ་འབྲེལ་ཐག་ཁག་གཉིས་ན་བཞུགས་པའི་རྩོམ་ཡིག་གིས་ཀྱང་ང་ཚོར་བློ་སྒོ་འབྱེད་ཐུབ།

http://www.harvard-yenching.org/sites/harvard-yenching.org/files/featurefiles/assessment-of-the-social-functions-and-vitality-of-the-yi-language-from-the-perspective-of-its-domains-of-use.pdf

 

http://rudar.ruc.dk//bitstream/1800/8701/1/Haberland.pdf

འབྲེལ་ཡོད་གསར་འགྱུར།

Front Slider

བོད་ཀྱི་བདེ་རྩ་ཚོགས་པའི་སྤྱི་ཚོགས་ཞབས་ཞུ།

༢༠༢༥/༡༡/༡༥
Mobile App

བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ། 

༢༠༢༥/༡༡/༡༥
Mobile App

༧གོང་ས་མཆོག་ནས་བོད་ཀྱི་ཆོས་སྲིད་ལུགས་གཉིས་ཀྱི་ཐུགས་འགན་བཞེས་ཏེ་ལོ་ངོ་ ༧༥ འཁོར་བའི་དུས་དྲན་གྱི་འགྲེམས་སྟོན།

༢༠༢༥/༡༡/༡༤
1,500-year-old Yongqing Temple in China hit by massive fire  on 12th November 2025.
Mobile App

མི་ལོ་ ༡༥༠༠ ལྷག་གི་ལོ་རྒྱུས་ལྡན་པའི་ནང་པའི་ལྷ་ཁང་ཞིག་མེས་འཚིགས། 

༢༠༢༥/༡༡/༡༤
Japan & China Exchange Barbs Over The Taiwan Conflict | Sanae Takaichi | N18G
Mobile App

ཉི་ཧོང་དང་རྒྱ་ནག་བར་རྩོད་རྙོག་བྱུང་།

༢༠༢༥/༡༡/༡༤
India operationalised its new Nyoma airbase close to the frontier with China
Mobile App

ལ་དྭགས་སུ་མཁའ་དམག་གི་རྟེན་གཞི་འཛུགས་སྐྲུན་བྱས།

༢༠༢༥/༡༡/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese