མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཤེས་རབ་དགའ་ཚལ་སློབ་གླིང་ངམ་གསོག་སྒར་སློབ་གྲྭའི་དར་རྒུད།

བོད་ཀྱི་དུས་བབ།
༢༠༡༦/༠༡/༢༤
Share on FacebookShare on TwitterShare on EmailShare on Whatsapp

དྷ་རམ་ས་ལའི་ཉེ་འཁྲིས་སུ་ཡོད་པའི་ཤེས་རབ་དགའ་ཚལ་སློབ་གླིང་ནི་བོད་ནས་ཕེབས་པའི་སློབ་ལོ་ཡོལ་ཟིན་པ་ཚོར་འཕྲལ་སེལ་བོད་དབྱིན་དང་གློག་ཀླད། ལག་ཤེས་སོགས་སྦྱོང་སའི་སློབ་གྲྭ་ཞིག་ཡིན་ཞིང་། བར་ལམ་སློབ་གྲྭ་གཞན་དང་གྲྭ་ས་སོགས་ནས་ཡོང་མཁན་ཚོར་གོ་སྐབས་གཉིས་པ་སྤྲོད་བཞིན་ཡོད་ཀྱང་། འདས་པའི་ལོ་ཤས་གོང་ནས་སློབ་ཕྲུག་ཇེ་ཉུང་དུ་ཕྱིན་ཏེ་ད་ལྟ་སློབ་གྲྭ་སྒོ་རྒྱག་སྲིད་པའི་གནས་སྟངས་ཆགས་ཡོད་འདུག

འདི་གའི་གསར་འགོད་པས་ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་སྤྱི་ཚེ་རིང་གཡུ་སྒྲོན་ལགས་དང་དགེ་ཆེ་ཟླ་བ་ཚེ་རིང་ལགས་གཉིས་སུ་ད་ལྟའི་ཤེས་རབ་དགའ་ཚལ་སློབ་གླིང་གི་གནས་སྟངས་སྐོར་བཅར་འདྲི་ཞུས་པ་ལྟར་ན། ད་ལྟའི་ཆར་ཤེས་རབ་དགའ་ཚལ་སློབ་གླིང་དུ་སློབ་མ་ ༡༡༤  ཡོད་པ་ལས་སློབ་ཕྲུག་བུ་ ༧༦ དང་བུ་མོ་ ༣༨ ཡོད་པ་དང། དགེ་རྒན་ ༢༩ དང་ལས་བྱེད་ ༡༤  བཅས་ཡོད་འདུག ༢༠༡༥ ནང་གསར་ཞུགས་སློབ་མ་ ༢༦ དང་སློབ་གྲྭ་ནས་རྩ་དགོངས་ཞུ་མཁན་ ༨༨ ཡོད་པ་དང་། ད་ལོར་འཛིན་རིམ་བཅུ་བ་མཐར་ཕྱིན་སློབ་མ་ ༣༠ དང་འཛིན་རིམ་བཅུ་བ་འགྲོ་བཞིན་པའི་སློབ་མ་ ༡༠། དེ་བཞིན། འཛིན་རིམ་བཅུ་གཉིས་མཐར་ཕྱིན་སློབ་མ་ ༤ དང་འཛིན་རིམ་བཅུ་གཉིས་འགྲོ་བཞིན་པའི་སློབ་མ་ ༡༢ བཅས་ཡོད་འདུག

ཤེས་རབ་དགའ་ཚལ་སློབ་གླིང་གི་བོད་དགེ་བོད་ཞུགས་མཚོ་ལགས་སུ། བོད་ནས་ཡོང་མཁན་སློབ་མ་ཚོའི་ཤེས་ཡོན་དང་དཔལ་འབྱོར། ཀུན་སྤྱོད་སོགས་གང་འདྲ་ཡོད་པའི་སྐོར་དྲིས་པར་ཁོ་མོས། སློབ་མ་ཚོའི་ཀུན་སྤྱོད་དང་དཔལ་འབྱོར་ཕྱོགས་གང་ཐད་ནས་སྔོན་མ་ལས་ཞེ་དྲགས་ཡག་ཏུ་ཕྱིན་འདུག ཤེས་ཡོན་གྱི་ཕྱོགས་ནས་སྤྱིར་བཏང་སློབ་མ་ཚོའི་ཤེས་ཚད་ཡག་པོ་ཡོད་ནའང་ཁག་ཅིག་གིས་རྒྱ་སྐད་མ་གཏོགས་བོད་སྐད་ཡག་པོ་ཞིག་བཤད་ཤེས་ཀྱི་མི་འདུག བོད་སྐད་ཡག་པོ་མི་ཤེས་མཁན་དེ་ཚོས་བོད་པའི་གོམས་གཤིས་དང་བསམ་བློའི་འཁྱེར་ཕྱོགས་མི་འདྲ་བ་དང་། ལྷག་པར་དུ་སློབ་མ་ཚོའི་ཤེས་ཚད་ཆ་སྙོམས་མིན་སྟབས། སློབ་ཁྲིད་བྱེད་པར་དཀའ་ཁག་ཆེན་པོ་འདུག ཅེས་བརྗོད་བྱུང་།

IMG_4518
( གསར་འགོད་པའི་སློབ་སྤྱི་སོགས་ལ་བཅར་འདྲི་ཞུ་བཞིན་པ། )

སློབ་མ་ཐུབ་བསྟན་དགའ་བ་ལགས་ཀྱིས། དེང་སྐབས་སློབ་སྦྱོང་གི་གོ་སྐབས་ཧ་ལས་པའི་ཡག་པོ་རེད། ཡིན་ནའང་སློབ་གྲྭར་ཡོང་མཁན་མང་ཆེ་བ་སློབ་གཉེར་གྱི་གོ་སྐབས་ལ་དམིགས་ནས་ཡོང་བ་མ་རེད། ཁོ་ཚོའི་དམིགས་ཡུལ་གཙོ་བོ་ཕྱི་རྒྱལ་ལ་འགྲོ་རྒྱུར་སྒུག་བསྡད་ཡོད་དུས། སློབ་སྦྱོང་གི་ཆུ་ཚོད་ཧ་ཅང་སྐྱོ་བོ་ཡིན་ཁར། སློབ་གྲྭར་གུང་སེང་མང་བ་དང་སློབ་གྲྭའི་ནང་སློབ་སྦྱོང་གི་ཁོར་ཡུག་ཞན་པོ་བཅས་ལ་བརྟེན་ཏེ། དངོས་གནས་སློབ་སྦྱོང་བྱེད་མཁན་ཚོར་ཤུགས་རྐྱེན་ངན་པ་ཐེབས་ཀྱི་འདུག ང་རང་སློབ་གྲྭའི་རྩོམ་དེབ་ཀྱི་རྩོམ་སྒྲིག་པ་ཞིག་ཡིན་པའི་ཆ་ནས། ངས་སྔོན་ཆད་ཀྱི་སློབ་མ་ཚོའི་སློབ་སྦྱོང་གི་བརྩོན་འབྲས་ལ་བལྟས་ཡོང་དུས། སྔོན་ཆད་དང་བསྡུར་ན་དེང་སྐབས་ཀྱི་སློབ་མ་མང་ཆེ་བར་སློབ་སྦྱོང་གི་སེམས་ཤུགས་དང་ཕུགས་འདུན་དེ་འདྲ་རྩ་བ་ནས་མི་འདུག ང་རང་སློབ་གྲྭ་འདིར་ཞུགས་ནས་ལོ་ ༦ འགྲོ་བཞིན་ཡོད་ལ། ང་འཛིན་རིམ་ ༡༢ གྱི་སློབ་མ་ཡིན། ད་ལོའི་ཕྱི་ཟླ་ ༥ སློབ་མཐར་ཕྱིན་འགྲོ་གི་ཡོད། སྐབས་དེར་མཐར་ཕྱིན་སློབ་མ་ ༤༠ ཟིན་གྱི་ཡོད་སྟབས་ཤུལ་དུ་སློབ་མ་ ༧༤ ཙམ་ལས་ལྷག་གི་ཡོད་པ་མ་རེད། དེ་བས་གསར་ཞུགས་སློབ་མ་མེད་དུས་སློབ་གྲྭ་འདིའི་སྒོ་རྒྱག་སྲིད་པ་རེད། ཅེས་བརྗོད་བྱུང་།

སམ་བྷོ་ཊ་བོད་སློབ་འཛིན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་ཀརྨ་ཆུང་བདག་ལགས་སུ་བཅར་འདྲི་ཞུས་པ་ལྟར་ན། ཕྱི་ལོ་ ༢༠༠༨ ལོའི་རྗེས་སུ་རྒྱ་མིས་བོད་ནས་ཡོང་མཁན་ཚོའི་ཕྱི་སྐྱོད་ལག་འཁྱེར་ཐོག་དམ་དྲག་བྱས་ཡོད་སྟབས། བོད་ནས་ཕེབས་མཁན་ཧ་ཅང་ཉུང་ཉུང་ཡིན་པ་དང་། ད་ལྟའི་ཤེས་རབ་དགའ་ཚལ་སློབ་གླིང་གི་དཀའ་ངལ་ཆེ་ཤོས་དེ་གསར་ཞུགས་སློབ་མ་མེད་པ་དེ་རེད། དཀའ་ངལ་དེ་ཤེས་རབ་དགའ་ཚལ་སློབ་གླིང་གཅིག་པུ་ཙམ་མ་ཡིན་པར་བཙན་བྱོལ་ནང་གི་བོད་སློབ་ཁག་ཡོངས་དང་། ཐ་ན་གཞིས་ཆགས་ཁག་ཏུའང་བོད་མི་ལོ་རེ་བཞིན་ཉུང་རུ་འགྲོ་བཞིན་ཡོད་པ་རེད། གནས་སྟངས་འདི་ནི་ཕྱི་ལོ་ ༡༩༥༩ ལོར་བོད་མི་ཚོ་ཐོག་མར་རྒྱ་གར་ནང་བཙན་བྱོལ་དུ་ཡོང་སྐབས་ཀྱི་དཀའ་སྡུག་གི་གནས་བབ་ལས་ཀྱང་ཧ་ཅང་ཛ་དྲག་པོ་ཆགས་ཀྱི་ཡོད་པ་རེད། གསར་ཞུགས་སློབ་མ་མེད་པའི་གནས་སྟངས་དེ་འདྲའི་འོག གཅིག་བྱས་ན་མ་འོངས་པར་ཤེས་རབ་དགའ་ཚལ་སློབ་གླིང་གི་སྒོ་རྒྱག་དགོས་པའི་གནས་སྟངས་ཤིག་ཆགས་སྲིད་པ་རེད། ཅེས་སོགས་ངོ་སྤྲོད་གནང་སོང་།

ཁོང་གིས་ཤེས་རབ་དགའ་ཚལ་སློབ་གླིང་གི་སྡེ་ཚན་ཁག་ངོ་སྤྲོད་གནང་དོན། ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༡ ཚེས་ ༤ ཉིན་ཤེས་རབ་དགའ་ཚལ་སློབ་གླིང་འདི་བཞིན་བོད་གཞུང་དབུས་སྣེ་ལེན་ཁང་གི་སྒྲིག་ཁོངས་ནས་སམ་བྷོ་ཊའི་ཁྱབ་ཁོངས་སུ་བཅུགས་པ་དང་། སློབ་གྲྭའི་འཛིན་སྐྱོང་སྒྲིག་འཛུགས་ཁག་ལ་བཅོས་བསྒྱུར་བཏང་སྟེ་རྨང་གཞི་དང་འདེམས་གསེས་ཞེས་སྡེ་ཚན་གཉིས་སུ་བགོས་པ་དང་། དེ་སྔའི་ལག་ཤེས་དང་ཤེས་ཡོན། གློག་ཀླད་ཚན་ཁག་གི་ཁར་ཧིན་སྐད་ཚན་པ་དང་ཞལ་ལག་ཚན་པ་ (ཟ་མ་བཟོ་སྟངས) སོགས་ཟུར་སྣོན་གྱིས་སྡེ་ཚན་ ༦ ཆགས་ཡོད་པ་དང་། རྨང་གཞི་ཚན་པའི་ནང་ལོ་ ༣ ལ་སློབ་སྦྱོང་གནང་སྟེ། འདེམས་གསེས་ཚན་པའི་ནང་བསླེབས་དུས་སློབ་མ་སོ་སོའི་མོས་པ་ལྟར་སྡེ་ཚན་སོ་སོར་ཞུགས་ཆོག་པ་དང་། འཛིན་རིམ་བཅུ་བ་བཅུ་གཉིས་མཐར་ཕྱིན་རྗེས། རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཅིག་བཅུ་གཉིས་ཀྱི་ཡིག་འབྲེལ་ཡིག་རྒྱུགས་ (open school) ནང་འཛུལ་ཞུགས་ཆོག་པའི་ལམ་ཁ་བཟོས་ཡོད་པ་མ་ཟད། བོད་ཡིག་རྐྱང་བ་སྦྱོང་མཁན་ཚོར་ཡིག་རྒྱུགས་ཀྱི་ལམ་ནས་ས་ར་མཐོ་སློབ་ཏུ་མུ་མཐུད་སློབ་གཉེར་གནང་བའི་གོ་སྐབས་སྤྲད་པ་ལྟར། ད་ལྟ་ས་ར་མཐོ་སློབ་ནང་སློབ་གཉེར་གནང་མཁན་སློབ་མ་ ༤ ཡོད་ལ། ལག་ཤེས་ཚན་པའི་ཁོངས་ནས་ཞལ་ལག་སྡེ་ཚན་ཞེས་པ་ཞིག་གསར་འཛུགས་བྱས་ཏེ་ཟས་རིགས་སྣ་ཚོགས་བཟོ་སྟངས་སྐོར་གྱི་སྦྱོང་བརྡར་སྤྲད་དེ། རྒྱ་གར་གྱི་ཟས་རིགས་བཟོ་སྟངས་ཆེད་སྦྱོང་མཐོ་སློབ་ཁག་ཏུ་ཡིག་ཚད་གཏོང་བའི་གོ་སྐབས་སྤྲད་ཡོད་པ་མ་ཟད། ད་དུང་བོད་སློབ་ཁག་དང་གྲྭ་ས་ཁག་ནས་ཁུངས་མ་འཁྱོལ་བའི་གཞོན་སྐྱེས་ཚོར་ཤེས་རབ་དགའ་ཚལ་སློབ་གླིང་ནང་འཛུལ་ཞུགས་ཆོག་པའི་གོ་སྐབས་གཉིས་པ་སྤྲོད་ཀྱི་ཡོད་ལ། དེང་སྐབས་ཤེས་རབ་སློབ་གླིང་འདི་དེ་སྔོན་དང་བསྡུར་ན་སློབ་སྦྱོང་གི་གོ་སྐབས་དང་འཚོ་གནས་ཀྱི་མཐུན་འགྱུར་སོགས་ཕྱོགས་ཡོངས་ནས་ཧ་ལས་པའི་ཡར་རྒྱས་བཏང་ཡོད་པ་རེད། ཅེས་བརྗོད་བྱུང་།

གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། བཞུགས་སྒར་དྷ་རམ་ས་ལའི་ཉེ་འདབས་སུ་ཚུགས་པའི་ཤེས་རབ་དགའ་ཚལ་སློབ་གླིང་ནི་བོད་མིའི་སྐྱབས་མགོན་༧གོང་ས་མཆོག་གི་བཀའ་དགོངས་ལྟར་བོད་ནས་གསར་དུ་འབྱོར་མཁན་རང་ལོ་ ༡༨ ནས་ ༣༠ བར་གྱི་ན་གཞོན་ཚོར་དམིགས་ཏེ་ཕྱི་ལོ་ ༡༩༩༣ ལོའི་ཟླ་ ༣ ཚེས་ ༧ ཉིན་བོད་གཞུང་དབུས་སྣེ་ལེན་ཁང་གི་སྒྲིག་ཁོངས་སུ་གསར་དུ་བཙུགས་པ་དང་། དེ་ཡང་ཐོག་མར་བོད་གཞུང་དབུས་སྣེ་ལེན་ཁང་གི་འཛིན་སྐྱོང་འོག་སློབ་མ་ ༡༠༠ ལྷག་ལ་རས་གུར་ཕུབ་སྟེ་སློབ་སྐྱོང་བྱས་པ་ཡིན་སྟབས། སློབ་གྲྭ་འདིའི་མིང་ལ་ ༼གསོག་སྒར་སློབ་གྲྭ་༽ ཞེས་འབོད་ཅིང་། ཕྱི་ལོ་ ༡༩༩༤ ལོར་སློབ་སྦྱོང་གི་དུས་ཡུན་ལོ་གཅིག་ནས་གཉིས་སུ་གཏན་འཁེལ་བ་དང་། ཕྱི་ལོ་ ༡༩༩༨ ལོར་༧གོང་ས་མཆོག་ཆེད་ཕེབས་ཀྱིས་༼ ཤེས་རབ་དགའ་ཚལ་སློབ་གླིང་༽ཞེས་མཚན་གསོལ་ཞིང་། སློབ་གྲྭའི་ནང་ལག་ཤེས་དང་ཤེས་ཡོན་སྡེ་ཚན་གཉིས་སུ་དབྱེ་སྟེ་ལག་ཤེས་ནང་འཚེམ་བཟོ་དང་ལྷ་བྲིས་གཉིས་དང་། ཤེས་ཡོན་ནང་བོད་དབྱིན་སྐད་ཡིག་གཉིས་དང་གློག་ཀླད་བཅས་སྡེ་ཚན་འགའ་བཙུགས་ཡོད་པ་དང་། སློབ་སྦྱོང་མཐར་ཕྱིན་སྟངས་ཐད་ནས་བོད་ཡིག་འཛིན་རིམ་བཅུ་གཉིས་བར་དང་། དབྱིན་ཡིག་འཛིན་རིམ་བརྒྱད་པ། འཚེམ་བཟོ་དང་ལྷ་བྲིས་ལོ་གསུམ་བཅས་སུ་གཏན་འབེབས་བྱས་ཡོད་འདུག

ཕྱི་ལོ་ ༢༠༡༡ ལོར་སམ་བྷོ་ཊ་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སུ་ཟླ་སྒྲིལ་བཏང་བ་ཡོད་ཅིང་། ཕྱི་ལོ་ ༢༠༠༧ ཡས་མས་ལ་སློབ་ཕྲུག་ཆེས་མང་བའི་སྐབས་སུ་སློབ་མ་ ༩༠༠ ལས་བརྒལ་མྱོང་ཡོད་པ་དང་། འདས་པའི་མི་ལོ་ ༢༣ རིང་ཤེས་རབ་དགའ་ཚལ་སློབ་གླིང་དུ་སློབ་ཞུགས་གནང་མཁན་སློབ་མ་ ༧༤༠༣ བྱུང་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༩ པ་འཚོག་བཞིན་པ། ༢༠༢༥།༠༩།༢༩། དུས་བབ་ཀྱི་པར།
Mobile App

གཞོན་སྐྱེས་རྣམས་ཀྱིས་བོད་པ་གཅིག་ཡིན་བསམ་པའི་འདུ་ཤེས་ཀྱི་ཐོག་ནས་ནུས་པ་གཅིག་ཏུ་སྒྲིལ་བའི་འགན་འཁུར་དགོས་པའི་བཀའ་སློབ་བསྩལ།

ཆུ་ཚོད་ ༩ སྔོན་ལ།
Tibetan Children at China’s Colonial Boarding School in Nagchu area, Tibet
Mobile App

མི་རིགས་མཐུན་སྒྲིལ་གྱི་མིང་ཐོག་ནས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་རིག་གཞུང་ལ་སྔར་ལས་བཙན་གནོན་བྱ་རྒྱུ་རེད།

ཆུ་ཚོད་ ༡༠ སྔོན་ལ།
China's former agriculture minister Tang Renjian (centre) received a suspended death sentence for bribery at a court in Jilin province on Sunday, Sep 28, 2025. (Photo: Changchun Intermediate People's Court)
Mobile App

རྒྱ་ནག་གི་ཞིང་ལས་བློན་ཆེན་ཟུར་བ་ཐང་རེན་ཅན་ལ་སྲོག་ཁྲིམས་བཅད།

ཆུ་ཚོད་ ༡༢ སྔོན་ལ།
Mobile App

རྒྱལ་སྤྱིའི་ནང་པའི་གླེང་སྟེགས་ཐོག་བོད་ཀྱི་བླ་ཆེན་དང་མཁན་པོ་ཁག་ཅིག་ཕེབས་ཐུབ་མི་འདུག

༢༠༢༥/༠༩/༢༨
Front Slider

In Conversation with Manuel Bauer — Photographer of His Holiness the Dalai Lama

༢༠༢༥/༠༩/༢༧
དགའ་ལྡན་ཁྲི་ཟུར་སྐྱབས་རྗེ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་དགོངས་པ་རྫོགས།
Mobile App

དགའ་ལྡན་ཁྲི་ཟུར་༸རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་དགོངས་པ་རྫོགས།

༢༠༢༥/༠༩/༢༦

མཆན། 4

  1. བློ་བཟང་བསམ་འགྲུབ་ says:
    ལོ་ 10 སྔོན།

    སློབ་གྲ་དེའི་དབུས་འཛིན་མཆོག་ལ་འདྲི་བ་ཞུ་རྒྱུར། དེང་སྐབས་སློབ་གྲ་དེར་འཛུལ་བཞུག་བྱེད་པ་ལ་ཆ་སྐྱེན་གང་དགོས་མིན་ལན་ཞིག་གནང་སྐྱོང་ཡོང་བ་ཞུ།

    Reply
  2. རང་དབང་། says:
    ལོ་ 10 སྔོན།

    གསར་འགྱུར་ཁ་གསལ་གོ་བདེ་སྤུས་དག་བྲིས་འདུག་ཐུགས་རྗེ་ཆེ། ཤཻས་རབ་དགའ་ཚལ་ཙམ་མ་རེད།་བཙན་བྱོལ་བོད་མིའི་སློབ་གྲྭ་དང་དགོན་སྡེ་ཡོངས་ལ་ཞིབ་འཇུག་གསལ་བོ་ཞིག་གནང་སྟེ་མང་ཚོགས་ལ་མཁྱེན་རྟོགས་ཡོང་བ་གནང་རྒྱུ་གལ་ཆེན་པོ་རེད།

    Reply
  3. ཚེ་དཔག says:
    ལོ་ 10 སྔོན།

    གང་ལྟར་ད་ལོའི་སྤྱི་ཟླ་ལྔ་པའི་ནང་འཛིན་རིམ་བཅུ་གཉིས་ཀྱི་སློབ་མ་རྣམས་ཕྱིན་པ་ཡིན་ན་གསོག་སྒར་སློབ་གྲྭར་སློབ་མ་ 70 ལས་ལྷག་རྒྱུ་མ་རེད། སྐབས་དེར་དགེ་རྒན་དང་ལས་བྱེད་ 50 ཡོད་པ་རེད། སྐབས་དེར་སློབ་གྲྭ་སྒོ་རྒྱག་རྒྱུ་ཡིན་ནམ། ཡང་ན་ངོ་བོ་གཞན་ཞིག་ལ་བསྒྱུར་མིན་ཐག་གིས་གཅོད་དགོས་པ་རེད་མ་གཏོགས་རང་འཇགས་འཇོག་ཐབས་ཡོད་པ་མ་རེད། ས་ཆ་ཡག་པོ་རེད། ཁང་པ་དང་ཆ་རྐྱེན་ཡག་པོ་རེད། འདི་ལྟར་བཞག་པ་ཡིན་ན་གྱོང་ཆེན་པོ་མ་རེད་དམ།

    Reply
    • བསོད་ནམས། says:
      ལོ་ 10 སྔོན།

      སློབ་མའི་ཡོངས་ཁུངས་ནི་ཆོལ་ཁ་གསུམ་ནས་ཡིན་པས་ད་དུང་ངེས་གཏན་མེད།

      Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese