མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༢༠༡༥ ལོར་རྒྱ་གཞུང་གིས་འཛིན་བཟུང་བྱས་པའི་བོད་པའི་ཆབ་སྲིད་བཙོན་པ་ ༦༨ འདུག

བོད་ཀྱི་དུས་བབ།
༢༠༡༦/༠༢/༡༩
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་འདས་པའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་སྙན་ཐོ་བཏོན་པའི་ནང་ད་ལྟ་རྒྱའི་བཙོན་འོག་ཏུ་བོད་པའི་ཆབ་སྲིད་བཙོན་པ་ ༢༠༨༡ ཡོད་པའི་ཁྲོད་གྲྭ་བཙུན་ ༩༦༧ ཆགས་འདུག་ཟེར།

IMG_4908དེ་རིང་ཞོགས་པའི་ཆུ་ཚོད་ ༡༠ སྟེང་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། ཕྱི་ལོ་ ༢༠༡༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་སྙན་ཐོ་འདོན་སྤེལ་གྱི་གསར་འགོད་གསལ་བསྒྲགས་བསྐྱངས་སོང་།

ལྟེ་གནས་ཁང་གིས་ངོ་སྤྲོད་གནང་བ་ལྟར་ན། ད་ལྟའི་བར་དུ་བཙོན་ཁང་ནང་ལྷག་བསྡད་ཡོད་པའི་ཆབ་སྲིད་བཙོན་པའི་གྲངས་འབོར་ང་ཚོས་རག་པ་དེ་ ༢༠༨༡ ཡིན་པ་དང་། དེའི་ནང་གྲྭ་བ་དང་བཙུན་མ་ ༩༦༧ ཡོད་འདུག ཕྱི་ལོ་ ༢༠༡༥ ལོ་གཅིག་པུའི་ནང་འཛིན་བཟུང་བྱས་ཏེ་ཁྲིམས་ཐག་བཅད་པའི་ཆབ་སྲིད་བཙོན་པ་ ༦༨ ཆགས་ཡོད་འདུག འགྲོ་བ་མིའི་ཐོབ་ཐང་གིས་ངོས་འཛིན་ལྟར་ན་ད་བར་བོད་ནང་རང་ལུས་མེར་བསྲེགས་ ༡༤༣ ཙམ་བྱུང་ཡོད་པ་དང་ཕྱི་ལོ་ ༢༠༡༤ ཟླ་ ༩ ནས་ ༢༠༡༥ བར་དུ་ ༡༢ བྱུང་ཡོད་འདུག

སྙན་ཐོ་དེར་དོན་ཚན་ ༥ ཡོད་པའི་དང་པོ་ཆོས་དད་རང་དབང་དང་གཉིས་པ་མི་སྒེར་རང་དབང་། གསུམ་པ་རང་བྱུང་ཁོར་ཡུག་གི་གནས་སྟངས། བཞི་བ་སྤྱི་དམངས་དང་སྲིད་ཆབ་ཐོབ་ཐང་། ལྔ་བ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གནས་སྟངས་བཅས་ལས་གྲུབ་འདུག་ཅིང་། ལྟེ་གནས་ཁང་གི་ཉམས་ཞིབ་པ་ཚེ་རིང་རྒྱལ་ལགས་ཀྱིས་ངོ་སྤྲོད་གནང་བར། ད་ལོར་ང་ཚོས་ཆོས་དད་རང་དབང་དམིགས་བསལ་འབུར་དུ་འདོན་དགོས་པའི་རྒྱུ་མཚན་གཙོ་བོ་རྒྱ་ནག་གཞུང་གིས་ད་ལོར་དམིགས་བསལ་ཁྲིམས་གཞིའི་ངོས་ནས་བཀག་སྡོམ་གྱི་ཡོད་པ་དང་། བཀག་སྡོམ་བྱེད་ཡུལ་གཙོ་བོ་དེ་ཡང་དགོན་པ་བྱེ་བྲག་དང་མི་སྒེར་བྱེ་བྲག་ཙམ་མ་ཟད། དེའི་གནས་དོན་རེ་རེ་བཞིན་བཀག་སྡོམ་བྱེད་ཀྱི་ཡོད་པ་རེད། དེ་ཡང་ཕྱིར་འཕུད་བཏང་བའི་གྲྭ་བཙུན་ཞིག་ལ་ཆ་བཞག་ན། གྲྭ་བཙུན་དེ་ཕྱིར་བཏང་ཡང་ད་དུང་ཁ་ལ་མ་ཉན་པ་ཡིན་ན། ཁོའི་དགོན་པ་དང་བླ་མ། ཕ་མ་དང་སྡེ་དཔོན། དེ་བཞིན། ས་གནས་ལས་བྱེད་སོགས་ཚང་མར་ཆད་པ་གཅོད་ཀྱི་ཡོད་པ་ལྟར། ཁྲིམས་ཀྱི་ངོ་བོའི་ཐོག་ནས་བཀག་སྡོམ་བྱེད་ཀྱི་ཡོད་པའི་ཛ་དྲག་གི་གནས་སྟངས་ཤིག་ཆགས་འདུག

གཉིས་པ་མི་སྒེར་གྱི་རང་དབང་ཐད། རྒྱ་ནག་གཞུང་གིས་མ་སྒེར་གྱི་དྲ་རྒྱ་དང་ཁ་པར། སྐད་འཕྲིན་སོགས་སྤྱི་ཚོགས་བརྒྱུད་ལམ་ཁག་ལ་ཚོད་འཛིན་བྱས་ཏེ། མི་སྒེར་གྱི་གསང་བ་བཙན་འཁྱེར་དང་། མི་སྒེར་འཛིན་བཟུང་དང་ཁྲིམས་ཆད་གཅོད་ཀྱི་ཡོད་པ་རེད། དེར་མ་ཟད་དྲ་རྒྱ་བཟོ་མཁན་དང་གཉེར་མཁན་ཚོར་གནོན་ཤུགས་སྤྲད་དེ། དྲ་རྒྱའི་གསང་ཨང་ཡིན་གཅིག་མིན་གཉིས་རྒྱ་ནག་གཞུང་ལ་སྤྲོད་དགོས་ཞེས་བཙན་བཀའ་གཏོང་གི་ཡོད་པ་རེད། མི་སྒེར་གྱི་དྲ་རྒྱའི་གསང་ཨང་སྤྲད་པ་ཡིན་ན། བརྒྱུད་ལམ་ཁག་ཏུ་མི་སྒེར་གྱི་སྐད་ཆ་ག་རེ་བཤད་ཀྱི་ཡོད་པ་ཚང་མ་ཁོ་ཚོས་སྔོག་བཤེར་དང་ལྐོག་ཉན་ཐུབ་ཀྱི་ཡོད་པ་རེད། གསུམ་པ་རང་བྱུང་ཁོར་ཡུག་གི་གནས་སྟངས་ཐད། རྒྱ་ནག་གཞུང་གིས་དཔལ་འབྱོར་འཛུགས་སྐྲུན་དང་བོད་ནང་འཛུགས་སྐྲུན་སོགས་ཁ་ལ་ཁྱེར་ནས་བོད་ནང་གི་རང་བྱུང་གཏེར་ཁ་སྔོག་འདོན་བྱེད་པ་དང་། ཡང་ཕྱོགས་གཅིག་ནས་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ལ་ཁ་གཡར་ནས། བོད་ཁུལ་གྱི་འབྲོག་སྡེ་ཁག་གནས་སྤོར་དུ་བཅུག་སྟེ་འབྲོག་པའི་རྩྭ་ཐང་འཕྲོག་པ་དང་ཞིང་པའི་ས་ཞིང་འཕྲོག་གི་ཡོད་པའི་རྐྱེན་གྱིས། ཞིང་འབྲོག་མང་ཚོགས་ཀྱི་འཚོ་གནས་ལ་དཀའ་སྡུག་འབྱུང་མུས་ཡིན།

བཞི་བ་སྤྱི་དམངས་དང་ཆབ་སྲིད་ཀྱི་ཐོབ་ཐང་གི་ངོས་ཐད་ནས། མི་སྒེར་གྱི་ཐོབ་ཐང་གི་གནད་དོན་ལ་ཐུག་ཡོད་དུས། དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་གཞི་གལ་ཆེན་ཞིག་ཆགས་ཀྱི་ཡོད་པ་དང་། དེ་རྒྱ་ནག་གཞུང་གིས་ཀྱང་ངོས་ལེན་བྱས་ཡོད་པ་ལྟར། ང་ཚོས་དེའི་སྐོར་ཡང་སྙན་ཐོའི་ནང་ཞིབ་ཅིང་རྒྱས་པར་འགྲེལ་བརྗོད་བྱས་ཡོད། ལྔ་བ་རྒྱལ་སྤྱིའི་ཚོགས་ཀྱི་གནང་སྟངས་ཐད། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་དང་ཕྱིའི་སྤྱི་ཚོགས་ནང་དུའང་ཕྱི་སྡོད་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཞི་བའི་ངོ་རྒོལ་སྐད་འབོད་སྐབས་སུ་སྲིད་གཞུང་ཁག་ཅིག་གིས་ཁྲིམས་མཐུན་མ་ཡིན་པའི་སྒོ་ནས་བོད་མི་དང་བོད་དོན་འགུལ་བ་ཚོ་འཛིན་བཟུང་དང་བཀག་བསྐྱིལ་བྱེད་བཞིན་པའི་སྐོར་བཏོན་ཡོད། ཅེས་སོགས་བརྗོད་བྱུང་།

དྲི་བ་དྲིས་ལན་གྱི་སྐབས་། རང་ལུས་མེར་བསྲེགས་སྐོར་ལ་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས། ༢༠༡༢ ལོར་རང་ལུས་མེར་བསྲེགས་གནང་མཁན་མང་ཤོས་བྱུང་ཡོད། དེའི་རྗེས་སུ་ཉུང་དུ་ཕྱིན་ཡོད་པ་དང་། རང་ལུས་མེར་བསྲེགས་མཚམས་འཇོག་བྱེད་པར་བོད་མིའི་སྒྲིག་འཛུགས་༧གོང་ས་མཆོག་སོགས་མང་པོ་ཞིག་ནས་འབོད་སྐུལ་མང་པོ་ཞིག་གནང་ཡོད་པ་རེད། ཡིན་ནའང་ང་རང་ཚོ་ཚོགས་པའི་ངོས་ནས་ག་རེ་བཤད་ཀྱི་ཡོད་ལབ་ན། རང་ལུས་མེར་བསྲེགས་ཉུང་དུ་ཕྱིན་པའི་རྐྱེན་གལ་ཆེ་ཤོས་གཅིག་ག་རེ་ཆགས་ཀྱི་འདུག་ཟེར་ན། རྒྱ་ནག་གཞུང་གིས་རང་ལུས་མེར་བསྲེགས་གནང་བ་ཙམ་གྱིས་རྒྱལ་ཁབ་ཀྱི་ཉེས་ཁྲིམས་ནང་ཁྲིམས་འགལ་གྱི་བྱ་སྤྱོད་ཅིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། རང་ལུས་མེར་བསྲེགས་གནང་མཁན་གཅིག་པུ་མིན་པར་ཁོའི་ཕ་མ་སྤུན་མཆེད་དང་གྲོགས་པོ་གྲོགས་མོ། སྡེ་བ་ཡོངས་ཀྱི་འཚོ་སྣོན་སོགས་གཞུང་གི་རོགས་རམ་ཚང་མ་མཚམས་འཇོག་གི་ཉེས་པ་གཏོང་སྐབས། རང་ལུས་མེར་བསྲེགས་གནང་བ་ཡིན་ན་ཧ་ལམ་ས་ཆ་དེའི་མི་ཚང་མས་དཀའ་ངལ་མྱོང་དགོས་པ་ཞིག་ཆགས་ཡོད་སྟབས། རང་ལུས་མེར་བསྲེགས་གནང་མཁན་ཉུང་དུ་ཕྱིན་པ་རེད། ཅེས་བརྗོད་སོང་།

གསར་འགོད་པ། པདྨ་རྒྱལ་དང་པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༢ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༢ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༡༦ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese