མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་སྐད་ཉམས་ཆག་གི་ཕྱི་རྐྱེན་རྒྱ་གཞུང་གི་སྲིད་བྱུས་དང་ནང་རྐྱེན་བཙན་བྱོལ་བོད་མིའི་བཤད་སྤྱོད་ཡིན།

བོད་ཀྱི་དུས་བབ།
༢༠༡༦/༠༢/༢༢
Share on FacebookShare on TwitterShare on EmailShare on Whatsapp

ད་ལོར་བོད་མིའི་སྒྲིག་འཛུགས་སྲིད་བྱུས་ཉམས་ཞིབ་ཁང་གིས་རྒྱལ་སྤྱིའི་ཕ་སྐད་ཉིན་མོ་སྲུང་གཙིའི་བགྲོ་གླེང་ཞིག་ཚོགས་ཡོད་ཅིང་། འདི་ནི་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་ལས་ཁུངས་ཤིག་གིས་རྒྱལ་སྤྱིའི་ཕ་སྐད་ཉིན་མོ་སྲུང་གཙི་ཞུས་པ་ཐོག་མ་དེ་ཆགས་ཡོད་པ་རེད།

DSC_0049-copyཁ་སང་ཚེས་ ༢༡ ཉིན་གྱི་སྔ་དྲོར་གངས་སྐྱིད་ཕྱི་དྲིལ་ལག་པ་ཚེ་རིང་ཚོགས་ཁང་དུ། བོད་ཀྱི་སྲིས་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག ༼རྒྱལ་སྤྱིའི་ཕ་སྐད་ཉིན་མོར་བོད་ཀྱི་སྐད་ཡིག་གླེང་བ༽ཞེས་པའི་བགྲོ་གླེང་ཚོགས་འདུ་ཞིག་གོ་སྒྲོག་གནང་ཡོད་པ་དང་། སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་དང་། ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས། དེ་བཞིན་གཏམ་བཤད་གནང་མཁན་ཝ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ལྷག་པ་ཚེ་རིང་ལགས་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་པ་རྣམ་པ། དེ་བཞིན། ཚོགས་ཞུགས་སེར་སྐྱ་མང་ཚོགས་ ༡༠༠ འཛོམས་འདུག

བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་བདེ་གསལ་ལགས་ཀྱིས་རྒྱལ་སྤྱིའི་ཕ་སྐད་ཉིན་མོའི་བྱུང་རབས་ལོ་རྒྱུས་སྙིང་བསྡུས་སུ་ངོ་སྤྲོད་གནང་རྗེས། ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས། བོད་ཀྱི་སྐད་ཡིག་ཉམས་ཆག་འགྲོ་བ་དེ་ཕྱི་ནང་གཉིས་ཀྱི་རྒྱུ་རྐྱེན་ལ་ཐུག་ཡོད་པ་དང་། ནང་གི་རྒྱུ་རྐྱེན་དེ་རྒྱལ་ཁབ་ཀྱི་སྲིད་ཇུས་ཐོག་དབང་བསྒྱུར་དང་། བཙན་ཤུགས། ཁྲིམས་ཐོག་བེད་སྤྱོད་ཆོག་མིན། མཐུན་རྐྱེན་སྦྱོར་མིན། དཔལ་འབྱོར་གྱི་གནས་སྟངས། སྤྱི་ཚོགས་མཉམ་འདུས་ཀྱི་ཁོར་ཡུག་ཡོད་མེད་བཅས་ལ་ཐུག་ཡོད་པ་དང་། བོད་ནང་ལྟ་བུ་ཡིན་ན་ཁྲིམས་ཐོག་ནས་དཀའ་ངལ་ཡོད་པ་རེད། ཕྱིའི་རྒྱུ་རྐྱེན་དེ་བཙན་བྱོལ་ནང་ཡོད་པའི་བོད་མི་ཚོ་རང་དབང་རེད། གཅིག་ནས་ང་ཚོས་སོ་སོའི་སྐད་ཡིག་ལ་མཐོང་ཆུང་དང་། ཁ་ཤས་ཀྱིས་སོ་སོའི་སྐད་ཡིག་སྣང་མེད་བཏང་སྟེ། བེད་སྤྱོད་མ་བཏང་བ་ཡོང་གི་ཡོད་པ་རེད། དེར་རྟེན། བོད་ཀྱི་སྐད་ཡིག་ཉམས་ཆག་འགྲོ་བར་ཕྱི་ནང་གཉིས་ཀྱི་དཀའ་ངལ་ཡོད་པ་རེད། ཅེས་གསུང་སོང་།

བཀྲ་ཤིས་ཚེ་རིང་ལགས་ཀྱིས། “ཡོན་ཏན་ཀུན་གྱི་གཞི་མ་ཡི་གེ་དང་། དེ་སྦྱོང་པར་བྱེད་པར་ཐོག་མར་འབྲི་ཀློག་གཉིས་ལས་ཕྱི་མ་གཙོ་བོར་བྱེད་དགོས་ཚུལ་ལས་འཕྲོས་པའི་གྲོས་འདེབས་རང་བློས་དཔག་ཚོད་ཀྱི་ཐོག་མའི་འཆར་སྒོ་རགས་བསྡུས་སུ་ཞུས་བ”ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་བ་དང་། ཝ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ལྷག་པ་ཚེ་རིང་ལགས་ཀྱིས་“བོད་ཀྱི་སྐད་ཡིག་གི་ད་ལྟའི་ཉག་ཕྲ་བའི་གནས་སྟངས་དང་དེའི་རྒྱུ་རྐྱེན་དང་། སླར་གསོ་ཐབས་གང་དང་གང་ཡོད་ཅེས་པའི་བརྗོད་གཞིའི་ཐོག” དེ་ཡང་མི་ཞིག་གི་ལུས་ལ་དཔེ་བླངས་ན། མི་དེའི་གཟུགས་པོ་བདེ་ཐངས་ཡོད་དགོས་པ་མ་ཟད། དེ་ལ་སྟོབས་ཤུགས་དང་བརྟན་པོ་དགོས་པ་རེད། གལ་ཏེ་ནད་ཁྲིའི་སྟེང་ལྷུང་བའི་ནད་པ་ཞིག་ཡིན་ན། དེའི་ནད་གཞི་གསོ་བའི་ཐབས་ལམ་འདོན་དགོས་པ་རེད་ཅེས་སོགས་སྐོར་བརྗོད་སོང་།

དེའི་རྗེས་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་གྲྭ་བློ་བཟང་སྨོན་ལམ་ལགས་ཀྱིས“བརྡ་འཕྲིན་འཕྲུལ་ལས་ཀྱི་དུས་དང་མཉམ་པའི་བོད་ཡིག་གི་མདུན་སྐྱོད”ཅེས་པའི་བརྗོད་གཞིའི་ཐོག བརྡ་འཕྲིན་དང་བོད་ཀྱི་ཚོང་ལས་དང་། བརྡ་འཕྲིན་དང་བོད་ཀྱི་ཤེས་ཡོན། བརྡ་འཕྲིན་དང་འབྲེལ་བའི་སྤྱི་ཚོགས། བརྡ་འཕྲིན་དང་སྲིད་དོན་དགོས་དམིགས། བརྡ་འཕྲིན་ཅན་དུ་བསྒྱུར་བའི་གཞུང་སྒེར་གྱི་སྲིད་ཇུས་བཅས་ཀྱི་སྐོར་ལ་གཏམ་བཤད་གནང་ཡོད་པ་རེད།

བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་ཞུས་པའི་བགྲོ་གླེང་ཚོགས་འདུའི་དགོས་དམིགས་ངོ་སྤྲོད་ཡིག་ཆའི་ནང་། “འཛམ་གླིང་ཡོངས་ལ་ཕྱི་ལོ་ ༢༠༠༠ ནས་བཟུང་རྒྱལ་སྤྱིའི་ཕ་སྐད་ཉིན་མོ་སྲུང་བརྩི་ཞུ་བཞིན་ཡོད་དང་། དེའི་དམིགས་ཡུལ་གཙོ་བོ་འཛམ་གླིང་ཡོངས་ལ་མི་རིགས་སོ་སོའི་ཕ་སྐད་ཡོད་དོ་ཅོག་གལ་གནད་ཆེན་པོ་ཡིན་པའི་གོ་རྟོགས་སྤེལ་རྒྱུ་དང་། སྲུང་སྐྱོབ། དར་སྤེལ་གཏོང་རྒྱུ་སོགས་ཡིན་ཞིང་། སྐད་ཡིག་ཚང་མ་རྒྱུ་རྐྱེན་སྣ་ཚོགས་རྐྱེན་པས་འགྱུར་ལྡོག་འགྲོ་བཞིན་པ་དང་། གོ་ལ་གཅིག་འགྱུར་གྱི་མྱུར་ཚད་མགྱོགས་པའི་རྐྱེན་གྱིས་ཁྱབ་ཤུགས་ཆེ་བའི་སྐད་ཡིག་གིས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་རྣམས་ཉམས་རྒུད་དང་འཚོ་གནས་ཀྱི་དཀའ་ངལ་བཟོས་དང་བཟོ་བཞིན་ཡོད་པ་དང་། མིག་སྔར་འཛམ་གླིང་སྐད་ཡིག་གྲངས་འབོར་ ༧༠༠༠ ཙམ་ཡོད་པའི་ཁོངས་ནས་བརྒྱ་ཆ་ ༥༠ ཙམ་ཕྱི་ལོ་བརྒྱ་ཕྲག་འདིའི་མཇུག་ཏུ་རྩ་བརླག་འགྲོ་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་པ་དང་། དེའི་ནང་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་འདྲ་མིན་ཡོད་པ་རྣམས་ཀྱི་བརྒྱ་ཆ་ ༤༠ ཙམ་རྩ་བརླག་ཏུ་འགྲོ་བའི་ཉེན་ཁར་སླེབས་ཡོད། འཛམ་གླིང་གི་སྐད་ཡིག་དེ་དག་གི་གནས་སྟངས་ཇི་ཆགས་གོ་རྟོགས་སྤེལ་རྒྱུ་དང་། དེ་ལ་ཕན་པའི་ལས་འགུལ་སྤེལ་རྒྱུ་ནི་སྤྱི་ཚོགས་སྤྱི་དང་ལྷག་པར་མི་རིགས་སོ་སོའི་ལས་འགན་ངོ་ཤེས་དང་ཐོབ་ཐང་བེད་སྤྱོད་དགོས་པ་ཡིན།

བོད་ཀྱི་སྐད་ཡིག་ནི་ཕྱུག་པ་དང་འཛིམ་གླིང་ཡོངས་ལ་ཕན་ཐོག་ཆེ་བའི་སྐད་ཡིག་ཅིག་ཡིན་ཡང་། དབང་བསྒྱུར་དང་ཆབ་སྲིད་དཔལ་འབྱོར་གྱི་རྒྱུ་རྐྱེན་འདྲ་མིན་ལ་བརྟེན་ནས་བོད་ཀྱི་སྐད་ཡིག་འདྲ་མཉམ་མི་སྤྱོད་པར་བརྟེན་ཉམས་རྒུད་འགྲོ་བཞིན་ཡོད། ཕྱི་ལོ་ ༢༠༠༤ ལོའི་ཟླ་ ༡ ཚེས་ ༧ ཉིན་མཁས་དབང་དམ་པ་བཀྲ་ཤིས་ཚེ་རིང་མཆོག་གིས་བོད་རང་སྐྱོང་ལྗོངས་མི་མང་འཐུས་མི་ཚོགས་ཆེན་ལ་ཕུལ་བའི་འཕྲིན་ཡིག་དང་། ཕྱི་ལོ་ ༢༠༡༢ ལོའི་ཟླ་ ༡༢ ནང་འཛམ་གླིང་ཡོངས་ནས་བོད་རིག་པའི་མཁས་དབང་ ༩༠ ཙམ་གྱིས་རྒྱ་ནག་གི་སྲིད་འཛིན་གྱི་ལས་འགན་བཞེས་ལ་ཉེ་བའི་ཞི་ཅིན་ཕིན་ལ་ཕུལ་བའི་སྙན་ཞུ་དང་། ཕྱི་ལོ་ ༢༠༡༠ ནས་ ༢༠༡༢ བར་བོད་ནང་གི་སློབ་ཕྲུག་ཚོས་བོད་ཀྱི་སྐད་ཡིག་ལ་ཐོབ་ཐང་དང་རང་དབང་མེད་པའི་གནས་སྟངས་ལ་མ་བཟོད་པར་རང་གི་གཅེས་པའི་སྲོག་ཀྱང་བློས་གཏོང་གིས་བོད་ནང་གི་བོད་ཀྱི་སྐད་ཡིག་གི་གནས་སྟངས་ཡིད་སྐྱོ་ཛ་དྲག་གི་གནས་སུ་ཡོད་པ་བསྟན་ཡོད” ཅེས་སོགས་འཁོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༢ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༢ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༡༦ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese