འདི་ལོར་བོད་ཁུལ་གྱི་ས་ཆ་མང་པོར་ཁ་བ་ཆེན་པོ་བབས་ནས་སྒོ་ཟོག་སེམས་ཅན་ལ་འཆི་སྐྱོན་བྱུང་བ་སོགས་ཀྱི་དཀའ་ངལ་མང་པོ་འཕྲད་ཀྱིན་ཡོད་འདུག
འདི་གར་སྟོང་སྐོར་ཐུབ་བསྟན་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། མི་ཉག་ཁུལ་དང་དར་རྩེ་མདོ་སོགས་སུ་ཉིན་གྲངས་ ༨ ཙམ་ལ་བསྟུད་མར་ཁ་བ་ཆེན་པོ་བབས་ཡོད་པ་དང་། རྩྭ་ཆུ་མ་རག་པ་དང་གྲང་ངར་ཧ་ཅང་ཆེ་བའི་རྐྱེན་གྱིས་སྒོ་ཕྱུགས་སེམས་ཅན་མང་པོར་འཆི་སྐྱོན་འབྱུང་བཞིན་ཡོད་འདུག
འདི་ལོར་བོད་ཁུལ་གྱི་ས་ཆ་གཞན་མང་པོ་རུ་ཁ་བ་ཆེན་པོ་བབས་ནས་སྒོ་ཟོག་སེམས་ཅན་ལ་འཆི་སྐྱོན་བྱུང་བ་སོགས་ཀྱི་དཀའ་ངལ་མང་པོ་འཕྲད་ཀྱིན་ཡོད་པ་ལྟར། ཉེ་སྔོན་ཕ་ཡུལ་ཁྱུང་མཆུ་རྫོང་ནས་ཡིན་པའི་འབྲོག་པ་ཞིག་གིས་ཀྱང་། འདི་ལོར་གནོད་སྐྱོན་གཞན་རྣམས་དེ་ཙམ་ཤུགས་ཆེན་པོ་མེད་ཀྱང་། ཁ་བ་ཆེན་པོ་འབབ་པ་འདིས་འབྲོག་པ་ཚོར་སྒོ་ཕྱུགས་ཉུང་ཉུང་རེ་ཡོད་པ་དེའང་མེད་པ་བཟོ་འཇོག་པའི་ཉེན་ཁ་འདུག་ཅེས་བརྗོད་བྱུང་།
གསར་འགོད་པ། པདྨ་མཚོ།