མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མེས་རྒྱལ་ཁ་བྲལ་གྱི་ལས་འགུལ་ལ་ཁ་གཏད་གཅོག་རྒྱུ་ཡིན་ཟེར།

བོད་ཀྱི་དུས་བབ།
༢༠༡༦/༠༣/༠༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་དམངས་ཆེན་ཚོགས་འདུའི་སྟེང་ཐའེ་ཝན་མཚོ་འགག་ལ་འཛིན་པའི་སྲིད་ཇུས་རྒྱུན་འཁྱོང་དང་ཐའེ་ཝན་ཁ་བྲལ་བའི་རང་བཙན་ལས་འགུལ་ལ་ཁ་གཏད་གཅོག་རྒྱུ། རྒྱ་ནག་གི་མངའ་ཁོངས་གཅིག་གྱུར་བདག་དབང་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན་ཟེར།

Screen Shot 2016-03-05 at 11.38.03 AMརོའུ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་དོན་ལྟར་ན། དེ་རིང་རྒྱ་ནག་གི་སྲིད་བློན་ལེ་ཁི་ཆང་གིས། འདི་ལོའི་ཕྱི་ཟླ་དང་པོར་ཐའེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པར་སྲིད་འཛིན་རྒྱལ་ཁ་ཐོབ་པ་དང་འབྲེལ། ཐའེ་ཝན་མཚོ་འགག་གི་ཞི་བདེ་བརྟན་ལྷིང་ལ་འགན་སྲུང་དང་ཐའེ་ཝན་ཁ་བྲལ་བའི་ལས་འགུལ་ལ་མཐའ་གཅིག་ཏུ་ཁ་གཏད་གཅོག་གི་ཡིན་ལུགས་བཤད་འདུག

ལི་ཁེ་ཆང་གིས་རྒྱ་ནག་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བའི་སྟེང་། རྒྱ་ནག་གཞུང་གིས་ཐའེ་ཝན་མཚོ་འགག་ཐོག་འཛིན་པའི་སྲིད་ཇུས་རྒྱུན་འཁྱོང་དང་། ཐའེ་ཝན་ཁ་བྲལ་བའི་རང་བཙན་ལས་འགུལ་ལ་ཁ་གཏད་གཅོག་རྒྱུ། དེ་བཞིན་རྒྱ་ནག་གི་མངའ་ཁོངས་གཅིག་གྱུར་བདག་དབང་ལ་སྲུང་སྐྱོབ་དང་ཐའེ་རྒྱ་གཉིས་བར་གྱི་ཞི་བདེ་བརྟན་ལྷིང་གི་འབྲེལ་ལམ་རྒྱུན་སྐྱོང་བྱ་རྒྱུ་ཡིན་ལུགས་སོགས་བརྗོད་འདུག

གནས་ཚུལ་ལ་གཞིག་ན། ཐའེ་ཝན་གྱི་སྲིད་འཛིན་གསར་བ་ལྕམ་ཚའེ་ཡེན་ཝན་གྱིས། ཐའེ་རྒྱ་གཉིས་ཀྱི་ཞི་བའི་འབྲེལ་ལམ་རྒྱུན་འཁྱོང་དང་། རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་གིས་ཁོ་མོའི་ད་ལྟའི་ཐའེ་རྒྱ་གཉིས་ཀྱི་གནས་བབ་རྒྱུན་འཁྱོང་བྱེད་པའི་ཁག་ཐག་ལ་དོ་སྣང་དགོས་སྐོར་བརྗོད་ཡོད་ནའང་། པེ་ཅིན་གཞུང་གིས་མུ་མཐུད་ཐའེ་ཝན་མཚོ་འགག་དེ་བཞིན་རྒྱ་ནག་གི་ཞིང་ཆེན་བསྙོན་ཞིག་ཡིན་ལུགས་བཤད་དེ། ད་ལོའི་ཕྱི་ཟླ་དང་པོར་ཐའེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པར་སྲིད་འཛིན་རྒྱལ་ཁབ་ཐོབ་པ་དང་འབྲེལ། ཞི་དྲག་གཉིས་ཀྱི་སྒོ་ནས་ཐའེ་ཝན་མཚོ་འགག་གི་རང་བཙན་ལངས་ཕྱོགས་ལ་ཉེན་བརྡ་རབ་དང་རིམ་པར་གཏོང་བཞིན་ཡོད་ཀྱང་། རྒྱ་ནག་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བའི་སྟེང་རྒྱ་ནག་གི་སྲིད་བློན་ལེ་ཁི་ཆང་གིས། པེ་ཅིན་གཞུང་གིས་ཐའེ་ཝན་མཚོ་འགག་གི་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུ་དང་ཕྱོགས་གཉིས་བར་རིག་གནས་བརྗེ་རེས་ཀྱི་འབྲེལ་ལམ་སྲ་བརྟན་གཏོང་རྒྱུ་མ་ཟད། ཧོང་ཀོང་སྲིད་འཛིན་ས་ཁུལ་གྱི་དཔལ་འབྱོར་ཡར་རྒྱས་དང་བརྟན་ལྷིང་བཟོ་རྒྱུ་སོགས་བཤད་པ་ཙམ་ལས། ཁོས་འདི་ཟླའི་ནང་ལྕམ་ཚའེ་ཡེན་ཝན་གྱིས་ཐའེ་ཝན་དམངས་གཙོ་ཚོགས་པའི་སྲིད་གཞུང་གསར་བ་དངོས་སུ་འཛིན་སྐྱོང་བྱེད་རྒྱུ་ཡིན་པའི་སྐོར་གླེང་སློང་བྱས་མེད།

ཕྱི་ལོ་ ༢༠༠༨ ལོར་གོ་མན་ཏང་ཚོགས་པའི་གཙོ་འཛིན་མ་ཡེན་ཇོ་ཡིས་རྒྱ་ནག་གི་དཔལ་འབྱོར་ཁེ་ལས་ལ་དམིགས་ཏེ་ཐའེ་རྒྱ་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་བཏང་ཡོད་པ་དང་། འདས་ལོའི་ཕྱི་ཟླ་ ༡༡ པར་ཕྱོགས་གཉིས་ཀྱི་བར་གནས་རྒྱལ་ཁབ་སེང་གྷ་པོར་ནང་ཐའེ་ཝན་གྱི་སྲིད་འཛིན་མ་ཡེན་ཇོ་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གཉིས་ཐུག་ཕྲད་སྐབས་སུ། ཐའེ་ཝན་གྱི་སྲིད་འཛིན་མ་ཡེན་ཇོ་ཡིས་པེ་ཅིན་གཞུང་དང་ཚོང་ལས་མཉམ་འབྲེལ་གྲོས་ཆོད་ལ་མིང་རྟགས་བཀོད་ཡོད་པ་རེད། ཡིན་ནའང་ཕྱི་ལོ་ ༢༠༠༤ ལོར་ཐའེ་རྒྱ་གཉིས་བར་ཚོང་ལས་མཉམ་འབྲེལ་མི་ཆོག་པའི་ཐའེ་ཝན་མི་མང་གི་ངོ་རྒོལ་ལས་འགུལ་ལ་བརྟེན་ནས་ཕྱོགས་གཉིས་ཀྱི་ཚོང་ལས་མཉམ་འབྲེལ་གྲོས་ཆོད་ལ་དོན་ཕན་བྱུང་ཐུབ་མེད་པ་རེད། དེ་བཞིན་ཕྱི་ལོ་ ༢༠༡༤ ལོར་ཧོང་ཀོང་གྲོང་ཁྱེར་གྱི་དམངས་གཙོའི་ལས་འགུལ་ལ་ཉིན་གྲངས་ ༧༠ རིང་དྲག་གནོན་བྱས་ཡོད་པ་དང་། པེ་ཅིན་གཞུང་གིས་མེས་རྒྱལ་ཁ་བྲལ་གྱི་ལས་འགུལ་ལ་ཁ་གཡར་ནས་ད་ལོའི་ལོ་གསར་སྐབས་བྱུང་བའི་ཟིང་འཁྲུག་ཁྲོད་ཧོང་ཀོང་གི་ཡུལ་མི་ ༦༠ ལྷག་འཛིན་བཟུང་བཀག་བསྐྱིལ་བྱས་ཡོད་པ་དང་། འཁྲུག་ཟིང་དེའི་འབྱུང་རྐྱེན་གཙོ་བོ་ཧོང་ཀོང་ས་གནས་སྲིད་གཞུང་གིས་སྲང་ལམ་གྱི་ཁྲིམས་མཐུན་ཡིག་ཆ་མེད་པའི་ཁྲིམས་ར་མང་པོའི་སྒོ་རྒྱག་ཏུ་བཅུག་པར་བརྟེན་ནས་བྱུང་བ་ཞིག་ཡིན་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

༧སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་མཆོག་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་སོགས་ས་གནས་བོད་མི་རྣམས་ཀྱིས་ཞི་བདེའི་གོམ་བགྲོད་པ་རྣམ་པར་ཕེབས་བསུ་ཞུས། རྭ་རྒྱ་ཐེག་ཆེན་ནང་བསྟན་རིག་གཞུང་གླིང་གི་ངོ་དེབ་ཀྱི་པར།
Mobile App

ཨ་རིའི་ནང་གི་ཞི་བདེའི་གོམ་བགྲོད་པ་རྣམས་ལ་༧གོང་ས་མཆོག་ནས་གསུང་འཕྲིན་ཞིག་བསྩལ་གནང་ཡོད་འདུག

ཆུ་ཚོད་ ༢༢ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༢།༡༠
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད།

༢༠༢༦/༠༢/༡༠
ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་གནང་བ། ༢༠༢༦།༠༢།༠༩ ཐད་གཏོང་གི་པར་བཤུས།
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་ཐོག་བོད་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་།

༢༠༢༦/༠༢/༠༩
The Millionaire media tycoon Jimmy Lai, 72, poses during an interview with AFP at the Next Digital offices in Hong Kong. June 16 2020
(Photo by Anthony WALLACE / AFP)
Mobile App

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཇི་མི་ལའེ་ལགས་ལ་ལོ་ ༢༠ བཙོན་འཇུག་ཁྲིམས་ཐག་བཅད། 

༢༠༢༦/༠༢/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་བཀོད། ལྡི་ལི་དོན་གཅོད་ཀྱི་སྐུ་པར། ༢༠༢༦།༠༢།༠༩
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་འཁོད།

༢༠༢༦/༠༢/༠༩
A-Nya Sengdra
Mobile App

ཨ་ཉག་སེང་སྒྲ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༢/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese