མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དོན་དངོས་ཀྱི་དགྲ་དགའ་གཉེན་སྡུག

བོད་ཀྱི་དུས་བབ།
༢༠༡༦/༠༣/༡༥
Share on FacebookShare on TwitterShare on EmailShare on Whatsapp

རབ་འབྱོར།

དགྲ་དགའ་གཉེན་སྡུག་ཟེར་བ་འདི་ང ཚོས་སྐྱབས་བཅོལ་བའི་སྤྱི་ཚོགས་ནང་དུ་རྒྱུན་དུ་ཐོས་པའི་གཏམ་དཔེ་ཞིག་ཡིན།   བཙན་བྱོལ་བོད་གཞུང་དང་སྤྱི་ཚོགས་ཀྱི་ནང་མཚང་ཞིག་དང་།  ནང་འགལ་ཞིག་ལ་ཕྱི་ལ་མངོན་དུས་གཏམ་དཔེ་འདི་ལན་མང་དུ་ཐོས།  འདིའི་མཚོན་དོན་ནི།  རང་ཕྱོགས་ཀྱི་ནང་འགལ་ལམ་ནང་སྐྱོན་ཞིག་གཞན་ལ་ཤེས་ཚོར་གྱི་གོ་སྐབས་མེད་པའི་སྒོ་ནས་སེལ་ཐུབ་ན་ལོས་བཟང་སྟེ།  སེལ་མ་ཐུབ་ན་ཡང་དེ་དག་ཕྱི་ལ་མི་མངོན་པར།  ཅི་ཡང་མེད་པའི་ཟོལ་གྱིས་སྡོད་དགོས་པ་དེ་ཡིན།

ང་ཚོས་དགྲ་དགའ་གཉེན་སྡུག་ཟེར་ནས་མི་གང་རུང་ཞིག་གིས་དགའ་སྡུག་བརྗོད་པ་ལ་ཚོད་འཛིན་བྱེད་ཅིང་།  ཐ་ན་འགོག་པར་བྱེད། དེ་བས་ངས་གཏམ་དཔེ་འདི་ནི་ང་ཚོ་བོད་པའི་རུས་རྐང་ནང་ན་ཡོད་པའི་དམངས་གཙོ་ཡི་སྨྲ་བརྗོད་ཀྱི་ཁེ་དབང་འགོག་བྱེད་ཅིག་ལ་ངོས་འཛིན་བྱེད་ཀྱི་ཡོད། དགྲ་དགའ་གཉེན་སྡུག་གི་མཐར་ཐུག་གི་གོ་དོན་ནི་རང་སྐྱོན་སྦས་དགོས་པ་སྟེ།  གཞུང་གི་ལས་སྣེ་ལྟ་བུ་ཞིག་གིས་ནོར་འཁྲུལ་ཇི་འདྲ་ཞིག་བྱུང་ན་ཡང་།  དགྲ་མི་དགའ་ཞིང་གཉེན་མི་སྡུག་པའི་ཆེད་དུ་ནོར་འཁྲུལ་དེ་མ་གླེང་ཟེར་གྱི་ཡོད་པ་རེད།  སྐབས་འདིར་དམངས་གཙོ་ཡི་ཁྱད་ནོར་གཉིས་ཏེ།  སྨྲ་བརྗོད་ཀྱི་རང་དབང་དང་། ཕྱི་གསལ་ནང་གསལ་ཟེར་བ་དེ་གཉིས་ཀ་རྩིས་མེད་དུ་གཏོང་གི་ཡོད། ང་ཚོས་ཕྱོགས་གཅིག་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ང་ཚོའི་སྤྱི་ཚོགས་ལ་དམངས་གཙོ་གསོལ་རས་གནང་སོང་ཟེར་ནས་སྤོབས་པའི་ངང་ནས་བརྗོད་བཞིན་ཡོད་ལ།  ཡང་ཕྱོགས་གཞན་ཞིག་ནས་དགྲ་དགའ་གཉེན་སྡུག་ཟེར་ནས་དམངས་གཙོ་ཁྱད་ནོར་ལ་གཡོ་ཟོལ་བྱེད་ཀྱི་ཡོད།

ད་རེས་ཡང་སྐྱབས་བཅོལ་གཞུང་གི་ཕྱི་དྲིལ་བཀའ་བློན་གྱི་དགོངས་ཞུ་ལ་མི་ཁ་ཤས་ནས་དགྲ་དགའ་གཉེན་སྡུག་ཟེར་བའི་གཏམ་དཔེ་དེ་བཀོལ་ནས་ཁོང་མོའི་དམངས་གཙོའི་ཁེ་དབང་ལ་རྡོག་རྫིས་གཏོང་གི་ཡོད།  བདེ་སྐྱིད་ཆོས་དབྱངས་ལགས་ཀྱི་དགོངས་ཞུས་ཀྱིས་དབང་ཆ་སྒེར་སྡེམ་གྱི་རྒྱ་ནག་དམར་གཞུང་དགའ་ཡང་སྲིད།  ཡིན་ན་ཡང་གང་ཟག་སྒེར་པའི་མོས་མདུན་དང་སྨྲ་བརྗོད་རང་དབང་རྩ་ཆེན་དུ་བརྩི་བའི་གཞུང་དམངས་ཤིག་ཡིན་ཕྱིན་འདི་ལ་ཧང་སངས་དོན་ཅི་ཡང་མེད། རྒྱུ་མཚན་གང་ཞིག་བརྟེན་ནས་ང་བཀའ་བློན་ལ་བསྡད་ན་མི་འདོད་ཅེས་ནས་ཕྱི་ལ་ཐོན་པ་ཙམ་རེད། དེས་སྤྱི་ཚོགས་ལ་མགོ་སྐོར་བཏང་ཡོད་པ་མ་རེད།  དེ་ནི་དམངས་གཙོའི་ཁེ་དབང་རེད།  དེ་ལ་དགྲ་ཕྱོགས་དགའ་ན་ཡང་འདྲ།  གཉེན་ཕྱོགས་སྡུག་ན་ཡང་འདྲ།  དེ་ནི་དགྲ་དགའ་གཉེན་སྡུག་ཉི་ཚེ་བ་རེད།

དགྲ་དགའ་གཉེན་སྡུག་ངོ་མ་ནི་སྤྱི་ཚོགས་གང་ཞིག་གི་གནད་ཡོད་མི་སྣ་ཞིག་གིས་ཧམ་བཤད་དང་རྫུན་སྒྲིག་གིས་སྤྱི་ཚོགས་གང་ཞིག་ལ་མགོ་སྐོར་བཏང་ན་གཞི་ནས་ཡོང་གི་རེད། ངས་ང་ཚོའི་སྤྱི་ཚོགས་འདི་མགོ་སྐོར་བཏང་ཆོག་ཆོག་ཡོད་པ་ཞིག་ཏུ་མངོན་གྱི་ཡོད།སྤྱི་ཚོགས་དེའི་དྲང་བདེན་མཐོང་བའི་མིག་ཤེས་མི་གསལ་བ་མངོན་པ་དང་།  སྤྱི་ཚོགས་དེ་ལ་བདེན་རྫུན་གྱི་དབྱེ་བ་འབྱེད་པའི་རྣམ་དཔྱོད་མེད་པ་དེ་མངོན་པ་རེད།  དེ་དུས་ང་ཚོའི་སྤྱི་ཚོགས་འདིའི་སྤུས་ཀ་ཧ་ཅང་དམའ་བོ་ཡིན་པ་དེ་ཕྱི་ལ་མངོན་པ་ཡིན་པས། དགྲ་དགའ་གཉེན་སྡུག་ངོ་མ་དེ་ཡོང་གི་རེད།

གལ་སྲིད་ད་རེས་ཀྱི་སྲིད་སྐྱོང་འོས་འདེམས་འདིའི་འབྲས་བུར་ཡང་སྐྱར་བློ་བཟང་སེང་གེ་ལགས་ལ་སྲིད་སྐྱོང་ཐོབ་པ་ཡིན་ན།  འདི་ལྟ་བུའི་དགྲ་དགའ་གཉེན་སྡུག་ངོ་མ་དེ་འབྱུང་བའི་གོ་སྐབས་ཆེན་པོ་ཡོད། ཁོང་ནི་རང་ཉིད་ཀྱི་ཆེ་ངོམ་གཙོ་བོ་འཛིན་པ་ལས་བོ་སྐྱབས་བཅོལ་གཞུང་དམངས་ཀྱི་ཁེ་ཕན་གཙོ་བོར་བརྩི་མཁན་ཞིག་མིན་པ་གསལ་པོར་མངོན་ཡོད། རང་གི་ཆེ་ངོམ་གྱི་ཆེད་དུ་ཁོང་གིས་ཐ་ན་ཁོང་གི་བྱས་རྗེས་སུ་གཏན་ནས་འགྲོ་ཐབས་མེད་པའི་༧རྒྱལ་བ་རིན་པོ་ཆེའི་མཛད་རྗེས་ཀྱང་གཡོ་འཕྲོག་བྱེད་བཞིན་ཡོད།  དཔེར་ན་ཆོས་ཕྱོགས་ཀྱི་དགེ་བཤེས་མའི་ལམ་སྲོལ་གསར་བཏོད་བྱུང་བ་ལ་མཚོན་ན།  ༧རྒྱལ་བ་རིན་པོ་ཆེ་ལྟ་བུ་ཞིག་གིས་མ་གཏོགས་རྩ་བ་ནས་གནང་ཐབས་མེད་པའི་ཆོས་ཕྱོགས་ཀྱི་མཛད་པ་གཙང་མ་ཞིག་རེད།  དེ་ཡང་ཁོང་གི་བྱས་རྗེས་སུ་རྗོད་བཞིན་ཡོད།དེ་བཞིན་ད་ལྟ་ང་ཚོར་ཡོད་པའི་སྐྱབས་བཅོལ་བོད་ཀྱི་གཞུང་དམངས་འདི་འདས་པའི་ལོ་ལྔ་བཅུ་ལྷག་གི་རིང་ལ་བཙན་བྱོལ་བོད་གཞུང་དམངས་གཉིས་ནས་འབད་བརྩོན་བྱས་ནས་གྲུབ་པ་ཡིན།  དེ་ཡང་ཁོང་རང་གི་བྱས་རྗེས་ཡིན་ཟེར་གྱི་ཡོད།  ཉེ་ཆར་རྡ་རམ་ས་ལའི་གཞུང་ལམ་ཡར་རྒྱས་སུ་བཏང་བ་ནི་རྒྱ་གར་འབྲེལ་ཡོད་ལས་ཁུངས་ནས་༧གོང་ས་སྐྱབས་མགོན་རིན་པོ་ཆེ་ཡི་ཕེབས་སྐྱོད་བདེ་བོ་ཡོང་བ་གཙོ་བོར་དམིགས་ནས་བསྒྲུབས་པ་ཞིག་ཡིན།  དེ་ཡང་ཁོང་རང་གི་བྱས་རྗེས་ཡིན་ཟེར་གྱི་ཡོད།  དེ་མ་ཟད་ད་དུང་སྒྲུང་ཞིག་རྫུན་སྒྲིག་བྱས་ནས་མི་དམངས་མགོ་སྐོར་གཏོང་རྩིས་བྱས་ཡོད་། གལ་སྲིད་ད་རེས་བློ་བཟང་སེང་གེ་ལགས་ལ་ཡང་སྐྱར་ཐོབ་ན།  ང་ཚོའི་སྤྱི་ཚོགས་འདི་དགྲ་གྲོགས་གཉིས་ཀྱི་མིག་ལམ་དུ་གཡོ་འཕྲུལ་གྱིས་མགོ་སྐོར་གཏོང་ཆོག་ཆོག་ཡོད་པ་དང་།  བདེན་རྫུན་གྱི་དབྱེ་བ་འབྱེད་པའི་ནུས་པ་མེད་པའི་རྨོངས་རྟུལ་གྱི་སྤྱི་ཚོགས་ཤིག་ཏུ་མངོན་པ་རེད།  འདི་ནི་དགྲ་དགའ་གཉེན་སྡུག་ངོ་མ་དེ་རེད།

སྤྱིར་བཏང་དམངས་གཙོའི་ཡན་ལག་ཚང་བའི་རྒྱལ་ཁབ་དང་སྤྱི་ཚོགས་ཤིག་ཡིན་ན།  བློ་བཟང་སེང་གེ་ལགས་ནས་༧རྒྱལ་བ་རིན་པོ་ཆེ་དང་རྒྱ་གར་གཞུང་གི་སྐུ་དྲིན་ཡང་མངོན་སུམ་འཛེམ་མེད་ཀྱིས་ཧམ་འཕྲོག་བྱས་ནས་མི་དམངས་མགོ་སྐོར་གཏོང་ཐབས་བྱེད་པ་འདི་ལྟ་བུ་ནི་ཁྲིམས་ལ་གཏུགས་དགོས་པ་ཞིག་ཡིན། དེ་ལྟར་མ་བྱུང་ན་ཡང་།  གནས་སྐབས་ཁོང་སྲིད་སྐྱོང་གི་འོས་འགྲན་ལ་ཞུགས་པ་མཚམས་བཞག་ནས།  ༧རྒྱལ་བ་རིན་པོ་ཆེ་དང་རྒྱ་གར་གཞུང་ལ་ཁོང་ཚོའི་སྐུ་དྲིན་ཧམ་འཕྲོག་བྱས་པ་དང་།  མི་དམངས་ལ་ཁོང་ཚོ་མགོ་སྐོར་གཏོང་ཐབས་བྱས་པ་བཅས་ལ་ཐུགས་བདེན་དགོངས་དག་ཞུ་དགོས་པ་མ་ཟད།  མ་འོངས་པར་དེ་ལྟར་མི་བྱེད་པའི་དམ་བཅའ་ཕུལ་ནས་ཡང་སྐྱར་འོས་འགྲན་ལ་ཞུགས་དགོས་པ་ཡིན།  བློ་སེང་ལགས་ཀྱིས་དེ་ལྟར་བྱེད་པ་ཕར་ཞོགཁོང་གིས་ད་དུང་རྫུན་རྐུབ་རྙིང་པ་རྡོལ་གྱིན་རྡོལ་གྱིན་རྫུན་གསར་པ་སྒྲིག་གིན་སྒྲིག་གིན་འགྲོ་གི་ཡོད།བློ་སེང་གིས་རྫུན་སྒྲིག་བྱེད་པ་ནི་རྫུན་སྒྲིག་ཙམ་མིན།  དེའི་ཕུགས་ན་མི་དམངས་ལ་མཐོང་ཆུང་ཡོད།  མི་དམངས་ཀྱི་ཤེས་ཚད་ལ་མཐོང་འཇོག་ཧ་ཅང་དམའ་བའི་རྟགས་ཤིག་ཡོད།  ཁོང་གིས་རང་གི་འདོད་མོས་ལྟར་མི་དམངས་ལ་མགོ་སྐོར་བཏང་ཆོག་ཡོད་བསམ་གྱི་ཡོད།  དེ་མིན་ན་༧དགེ་བཤེས་མའི་ལམ་སྲོལ་དེ་ཁོང་རང་གི་སྟེང་ལ་ཇི་ལྟར་སྦྱོར་རམ།  རྡ་རམ་ས་ལའི་གཞུང་ལམ་གྱི་རྫུན་སྒྲུང་དེ་ཇི་ལྟར་བསྒྲིགས་སམ།

ང་ཚོས་སྲིད་སྐྱོང་འདེམས་བསྐོ་བྱེད་པ་ནི་སྲིད་སྐྱོང་འདེམས་བསྐོ་བྱེད་པ་གཅིག་པོ་མིན།  ང་ཚོས་གོ་སྐབས་འདི་བཟུང་ནས་ང་ཚོ་ནི་མགོ་སྐོར་བཏང་ཆོག་ཆོག་མིན་པའི་སྤྱི་ཚོགས་ཤིག་ཡིན་པ་རང་གཞན་གཉིས་ཀར་སྟོན་དགོས། དེ་ལས་གལ་ཆེ་བ་ཞིག་ནི་ང་ཚོས་༧གོང་ས་མཆོག་ལ་ཐུགས་བདེ་གསོལ་བའི་གོ་སྐབས་རྩ་ཆེན་ཞིག་ཡིན།    ༧གོང་ས་མཆོག་ནས་ལོ་ངོ་ལྔ་བཅུ་ལྷག་གི་རིང་ལ་བཙན་བྱོལ་གཞུང་དམངས་འདི་གཉོར་སྐྱོང་གནང་ནས་ཡོང་།  ང་ཚོ་ལ་སེམས་གསོ་གནང་ནས་ཡོང་།  ང་ཚོའི་ཆེད་དུ་ཐུགས་ཁྲལ་གནང་ནས་དགུང་ལོ་བརྒྱད་ཅུར་ཕེབས་ཡོད།  ད་ལྟ་ང་ཚོས་༧གོང་ས་མཆོག་གི་ཐུགས་ཁྲལ་ཇེ་ཡང་དུ་གཏོང་བའི་དུས་ལ་སླེབས་ཡོད།  ང་ཚོས་ཕར་༧གོང་ས་མཆོག་ལ་ཐུགས་གསོ་གནང་བའི་དུས་ལ་སླེབས་ཡོད།  ཐུགས་གསོ་བྱེད་པའི་ཐབས་ལམ་མཆོག་ཏུ་གྱུར་བ་ཞིག་ནི་བཙན་བྱོལ་གཞུང་དམངས་འདི་གཡོ་འཕྲུལ་དང་ཧམ་རྫུན་གྱིས་མགོ་སྐོར་གཏོང་ཆོག་ཆོག་ཅིག་མིན་ཅིང་།    རྣམ་དཔྱོད་དང་ལྡན་པའི་སྒོ་ནས་རང་གི་འགོ་ཁྲིད་འདེམས་ཐུབ་པར་བྱེད་རྒྱུ་དེ་ཡི།

ང་ཚོས་འདི་ལྟར་འགོ་ཁྲིད་ཅིག་འདེམས་ཐུབ་པའི་ཉིན་མོ་དེར་ང་ཚོས་གཞིས་ལུས་མི་དམངས་ལ་སེམས་གསོ་ཞིག་དང་།  རྒྱ་གར་གཞུང་དམངས་ཀྱིས་གཙོས་པའི་བོད་ཀྱི་རྩ་དོན་ལ་སྐུ་དྲིན་ཅན་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་ལ་དྲིན་གཟོ།  ༧གོང་ས་མཆོག་ལ་རྒྱལ་བ་དགྱེས་པའི་མཆོད་སྤྲིན་བླ་ན་མེད་པ་ཞིག་ཡིན།

 

འབྲེལ་ཡོད་གསར་འགྱུར།

Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༡༦ སྔོན་ལ།
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

ཆུ་ཚོད་ ༡༧ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

ཆུ་ཚོད་ ༡༧ སྔོན་ལ།
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

ཆུ་ཚོད་ ༡༨ སྔོན་ལ།
China's Vice Minister of Foreign Affairs Sun Weidong in Tokyo, Japan in 2023 [File: Issei Kato/Pool via Reuters]
Mobile App

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་གནས་དབྱུང་བཏང་།

ཆུ་ཚོད་ ༡༨ སྔོན་ལ།
བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ། དྲ་ལམ་གྱི་པར།
Mobile App

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ།

༢༠༢༦/༠༤/༡༤

མཆན། 1

  1. མཁར་སྟོད། says:
    ལོ་ 10 སྔོན།

    མི་རྗེ་དཔལ་ལྡན་སྲིད་སྐྱོང་གིས་ཁ་སྔོན་ཆིག་སྒྲིལ་སྐོར་ནས་གསུང་སྐབས། “ང་ཚོ་གཅིག་སྒྲིལ་བྱེད་དགོས་རེད། ཆོལ་ཁ་དབྱེར་མེད། ཆོལ་ལུགས་རིས་མེད། ཕོ་མོ་ཁྱད་མེད། ཚང་མ་གཅིག་སྒྲིལ་བྱེད་དགོས་པ་གལ་ཆེན་པོ་རེད། དེང་སང་སྤྱི་ཚོགས་དང་སྐད་འཕྲིན་ནང་ཕན་ཚུན་རྩོད་པ་ཞེ་དྲགས་རྒྱག་གི་འདུག་ཟེར། ཁ་ཤས་ཀྱིས་ཁྱེད་རང་མར་ཐོན་ཤོག་དང་། ང་གཉིས་གཏུགས་ཆོག ཟེར་གྱི་ཡོད་ས་རེད། ཧ་ཅང་ཐབས་སྐྱོ་བོ་རེད། མར་ཐོན་པ་ཡིན་ནའང་། གཅིག་དྷ་སར་ཡོད་རེད། གཅིག་ཨ་རི་ལ་ཡོད་རེད། ཐུགས་ས་ཁོ་རང་མི་འདུག་ག གལ་སྲིད་ཐུགས་པ་ཡིན་ནའང་བོད་མི་གཉིས་གཏུགས་རྒྱུ་རེད། དེ་ཧ་ཅང་གི་བློ་ཕམ་རེད། གཅིག་སྒྲིལ་ལ་གནོད་ཀྱི་རེད། སྤྱི་ཚོགས་ནང་ང་ལ་དཔར་འདྲ་མི་འདྲ་བཟོ་མཁན་ཡོད་ས་རེད། ཁོ་རང་ཚོ་བཟོ་བཅུག ཁོ་རང་ཚོ་སྐྱིད་པོ་ཡོད་ན། ང་ལ་གང་མིན་འདུག”ཟེར། གཏམ་བཤད་སྙན་མོ་དེའི་དྲོད་མ་ཡལ་གོང་ནས། ཨ་རིའི་གློག་འཕྲིན་ཁང་གི་དྲི་བར་ལན་འདེབས་སྐབས་ཁོང་གིས་ཞལ་ཁྲོལ་གཉེར་བསྡུས་ཤིང་། གསུང་དྲག་འཚུབ་ཀྱིས་སྒོ་ནས་”དེང་སང་སྤྱི་ཚོགས་ནང་དཀྲོག་གཏམ་འདྲ་མི་འདྲ་བཟོ་བཞིན་འདུག་ཟེར། ལྟོས་དང་། ཤོག་བུ་འདི་འདྲ་ཞིག་དཔར་བརྒྱབས་ནས་འགྲེམས་ཀྱིན་འདུག་ཟེར། (༸གོང་ས་མཆོག་གི་སྐུ་དཔར་མར་ཕབ་མིན་སྐོར་དང་དོལ་རྒྱལ་དང་འབྲེལ་བ་ཡོད་མེད་ཀྱི་སྐོར་རེད།) ཤོག་བུ་དེ་འདྲ་སྦྱར་མཁན་དང་འགྲེམས་མཁན་གྱི་རིགས་མཐོང་ན་པར་རྒྱག་རོགས། ལམ་སེང་སྲིད་སྐྱོང་ལ་ལབ་རོགས། ཏན་ཏན་བརྩད་གཅོད་གཏང་ནས་ཉེན་རྟོག་པར་བརྩིས་སྤྲོད་བྱ་རྒྱུ་ཡིན།”ཟེར། མཚམས་འདི་ནས་ངས་ཤོད་རྒྱུར་ཁོ་རང་ཁྲིམས་ལུགས་ལ་མཁས་ཤིང་རང་ཉིད་ལ་བསྙོན་འཛུགས་བྱེད་མཁན་གྱི་རིགས་ཐར་པ་མི་གཏོང་མཁན་ཞིག་ཡིན་ན། ཐོག་དང་པོར་བོད་མི་འབངས་མི་སེར་དཀྱུས་མ་རྣམས་ཉེན་རྟོག་པ་དང་ཁྲིམས་ཁང་ལ་མ་བསྐྱལ་གོང་། ཁྱེད་རང་ལ་ཁང་པའི་ཉེས་བཙུགས་བྱེད་མཁན་གྱི་མགོ་སེར་མ་དེ་ཁྲིམས་ཁང་ལ་བསྐྱལ་རོགས། ཉེན་རྟོག་པར་བརྩིས་སྤྲོད་གནང་རོགས། སྐུ་མཁྱེན། བདག་གི་སྲིད་སྐྱོང་ལགས། མགོ་སེར་མ་དེ་ཐར་པར་མ་གཏོང་རོགས། སྙིང་ཟེར་ན་དེས་ཚིམས་ས་རེད། བློ་ཟེར་ན་དེས་ཁེངས་ས་རེད། དེ་རྗེས་རང་གི་འབངས་མི་སེར་རྣམས་ཁྲིམས་ཁང་དུ་སྦྱར་ནའང་བསམ་འཆར་གང་ཡང་མེད། བོད་མི་དམངས་ཀྱི་སྲིད་སྐྱོང་ལགས་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese