མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཕྲོད་བསྟེན་ལས་ཁུངས་མདུན་དུ་ཟས་བཅད་ངོ་རྒོལ།

བོད་ཀྱི་དུས་བབ།
༢༠༡༦/༠༣/༡༦
Share on FacebookShare on TwitterShare on EmailShare on Whatsapp

མངོན་དགའ་སློབ་གྲྭའི་ལས་བྱེད་ཅིག་གིས་དབུས་འཕྲོད་བསྟེན་ལས་ཁུངས་མདུན་དུ་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

Lobsangཁ་སང་ཞོགས་པ་ནས་བཟུང་རྡེ་ར་རྡུན་མངོན་དགའ་སློབ་གྲྭའི་ཡིག་གད་དང་གློག་ཆུ་དོ་དམ་ལས་བྱེད་བློ་བཟང་རྒྱལ་མཚན་གྱིས། གངས་སྐྱིད་དབུས་འཕྲོད་བསྟེན་ལས་ཁུངས་ཀྱི་མདུན་དུ་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག་ལ། ཁོས་དེ་སྔོན་མངོན་དགའ་སློབ་གྲྭ་དང་འབྲེལ་བའི་གནས་ཚུལ་ཁག་ཅིག་སྙན་འབུལ་ཞུས་པ་དེར་ཞིབ་འཇུག་བྱས་ནས་དྲང་བདེན་གྱི་ཐག་གཅོད་ཅིག་མ་གནང་བར་དུ་ཟས་བཅད་ངོ་རྒོལ་བྱས་ནས་འདུག་རྒྱུ་ཡིན་སྐོར་བརྗོད་བྱུང་།

ཁ་སང་བློ་བཟང་རྒྱལ་མཚན་གྱིས་འདི་གའི་གསར་འགོད་པར་བརྗོད་དོན། ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༦ ཉིན། ངས་དབུས་དྲུང་ཆེ་མཆོག་ལ་སྙན་ཞུ་ཞིག་ཕུལ་ཏེ། ང་ཚོ་ལས་བྱེད་གསུམ་གྱི་ཐོག་ལ་ཁྲིམས་དང་སྒྲིག་གཞིར་བརྒལ་བའི་ལས་ཀ་བྱེད་ཀྱི་འདུག ང་ཚོ་ལས་བྱེད་དང་ཕྲུ་གུར་བརྙས་བཅོས་བྱེད་ཀྱི་འདུག དེའི་སྒང་ལ་ལག་ལེན་ཞིག་བསྟར་རོགས་གནོངས། གལ་སྲིད་བདེན་པ་མི་འདུག་བསམ་ན་ང་ལ་ཉེས་པ་གཏང་ན་འགྲིག་གི་རེད། བདེན་པ་འདུག་བསམ་ན་ཁོ་ཚོ་ལ་ཉེས་པ་ཞིག་གཏང་རོགས་ཞེས་ཞུས་པ་ཡིན། ཉི་མ་ཁ་ཤས་ཀྱི་རྗེས་སུ་ང་ལ་ཡིག་ལན་ཞིག་འབྱོར་བྱུང་། ཡིག་ལན་དེའི་ནང་ག་རེ་ལབ་འདུག་ཞུས་ན། ཁྱེད་རང་ཀོ་ལི་གྷལ་སྨན་ཁང་དུ་གནས་སྤོར་འགྲོ་དགོས་ཞེས་བརྗོད་འདུག སྤྱིར་བཏང་སྒྲིག་གཞིའི་ནང་དུ་གནས་སྤོར་འགྲོ་དགོས་པ་རེད་ཟེར་བ་དེ་ཡོད་པ་རེད་ལ། གནས་སྤོར་མ་འགྲོ་ན་རྩ་དགོངས་ཞུ་བའི་ཐོབ་ཐང་ཡང་ཡོད་པ་རེད། ངས་རྩ་དགོངས་འགྲོ་དང་མི་འགྲོ་ཡི་སྐད་ཆ་བཤད་ཀྱི་མེད། བདེན་པའི་ཐག་གཅོད་བྱས་མ་སོང་ཟེར་གྱི་ཡོད། ཅེས་བརྗོད་བྱུང་།

ཡང་ཁོས་སྔ་ཕྱི་མང་པོར་བདེ་སྡུག་ཡར་ཞུ་བྱས་ཡོད་སྐོར་བརྗོད་དོན། ངས་འཕྲོད་བསྟེན་བཀའ་བློན་མཆོག་ལ་ང་གནས་སྤོར་འགྲོ་དགོས་ན་དཀའ་ངལ་ཡོད། ནང་དུ་ཕ་མ་རྒན་འཁོགས་དང་བཟའ་ཟླ་བུ་ཕྲུག་ཡོད་པས་འགྲོ་བར་དཀའ་ངལ་འདུག་ཅེས་ཞུས་པ་ཡིན་ལ། ངས་སྲིད་སྐྱོང་མཆོག་ལའང་ཞུས་པ་ཡིན་ཏེ་འབྲས་བུ་ཐོན་མ་སོང་། དེ་ནས་ཕྱི་ཟླ་ ༢ ཚེས་ ༡ ཉིན་ངས་ཡང་བསྐྱར་སྲིད་སྐྱོང་མཆོག་ལ་སྙན་ཞུ་ཞིག་ཕུལ་ཏེ། གནད་དོན་འདི་ལ་བདེན་པའི་ཐག་གཅོད་ཅིག་གནང་རོགས། ངས་དྲང་པོ་བཤད་པར་མིས་བརྙས་བཅོས་བྱས་སོང་བས་བདེན་པའི་ཐག་གཅོད་ཅིག་གནང་རོགས། གལ་སྲིད་བདེན་པའི་ཐག་གཅོད་ཅིག་མ་གནང་བ་ཡིན་ན། ཕྱི་ཟླ་ ༢ ཚེས་ ༢༣ ཉིན་ངས་ཟས་བཅད་ངོ་རྒོལ་བྱ་རྒྱུ་ཡིན་ཞེས་ཞུས་པ་ཡིན། དེ་ནས་ཉིན་ཤས་རྗེས་མངོན་དགའ་སློབ་གྲྭའི་འགན་འཛིན་གྱིས་ང་ལ་སྐད་བཏང་སོང་། ཁོང་གིས་ཁྱེད་རང་གནས་སྐབས་རིང་གནས་སྤོར་ཕར་འགྱངས་རེད་ཅེས་གསུངས་བྱུང་། ངས་ཡི་གེ་དེ་ཡིག་ཐོག་ནས་སྤྲོད་རོགས་ཞུས་ཏེ་ཡར་མར་བྱས་ནས་རྗེས་སུ་སྤྲད་གནང་སོང་། ཡི་གེ་དེའི་ནང་དུ་ཁྱེད་རང་གནས་སྐབས་གནས་སྤོར་ཕར་འགྱངས་ཡིན་གསུངས་པ་མ་གཏོགས་ཕར་འགྱངས་ཀྱི་དུས་ཚོད་དང་གནད་དོན་དྲང་པོ་ཡིན་མིན་སོགས་གང་ཡང་བཀོད་མི་འདུག དེ་ནས་ཡང་བསྐྱར་ངས་སྲིད་སྐྱོང་མཆོག་ལ་སྙན་ཞུ་ཞིག་ཕུལ་ཏེ། ཟླ་འདིའི་ཕྱི་ཚེས་ ༡༤ སྔོན་ལ་བདེན་པའི་ཐག་གཅོད་ཅིག་གནང་རོགས། ངས་དྲང་པོའི་ཐོག་ནས་ང་རང་སྒེར་གྱི་གནད་དོན་མ་ཡིན་པར་མངོན་དགའ་སློབ་གྲྭ་སྤྱི་པའི་ཆེད་དུ་ཞུས་པ་ཡིན་ཞེས་ཞུས་ཀྱང་ཐག་གཅོད་གང་ཡང་གནང་མ་སོང་། ཁ་སང་ང་ལ་ཡི་གེ་ཞིག་འབྱོར་བྱུང་། ཁྱེད་རང་གི་གནད་དོན་དེར་ང་ཚོས་ཞིབ་འཇུག་ཅིག་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་དང་། ང་གནས་སྤོར་གཏང་རྒྱུ་ཡིན་མིན་ཐད་ཅི་གསུངས་མི་འདུག དེ་ནས་ས་གནས་མགོ་འཛིན་ལ་ང་ལ་བདེན་པའི་ཐག་གཅོད་དགོས་མ་གཏོགས་ཕར་འགྱངས་མི་དགོས་ཞེས་ཞུས་ཏེ་མདང་དགོང་མཚན་གུང་ཕར་ནས་ཐོན་ཏེ། དེ་རིང་ཞོགས་པར་འདིར་བསླེབས་པ་ཡིན། ཞེས་དང་།

ཡང་ཁོང་གིས། ཞོགས་པ་ང་འདིར་བསླེབས་ནས་གནས་ཆུང་དགོན་པར་མཇལ་དུ་འགྲོ་སྐབས་འཕྲོད་བསྟེན་བཀའ་བློན་མཆོག་ལ་ཐུག་སོང་བ་དང་། ང་ལས་ཁུངས་ལ་སྐད་བཏང་བྱུང་། ངས་གནས་ཚུལ་ཚང་མ་ཁྱེད་ཚོས་ཧ་གོ་ཡི་ཡོད་པ་རེད། ངས་འོག་ནས་སྒང་བར་དུ་བདེན་པའི་ཨུ་ཚུགས་བརྒྱབ་པ་ཡིན་ལ། དྲང་བདེན་གནང་རོགས་དྲང་བདེན་མ་གནང་བ་ཡིན་ན་མ་འོངས་པར་ལས་བྱེད་ཚོའི་སེམས་ཤུགས་ཆགས་ངེས་རེད་ཅེས་ཞུས་པ་མ་ཟད། དེ་རིང་བཀའ་བློན་མཆོག་ལ་ག་རེ་ཞུས་ཡོད་ལབ་ན། དང་པོ་ཁྲིམས་དང་ལུགས་ལ་འགལ་བའི་མངོན་དགའ་སློབ་གྲྭའི་རྩིས་པ་དེར་ཉེས་པ་གཏོང་གི་ཡིན་ལབ་དགོས་པ་དང་། གཉིས་པ་ང་གནས་སྤོར་འགྲོ་དགོས་པ་མ་རེད་ཅེས་པའི་ཐག་གཅོད་ཅིག་ཡིག་ཐོག་ནས་སྤྲོད་རོགས། དེ་སྤྲད་པ་ཡིན་ན་ང་མར་ལོག་འགྲོ་རྒྱུ་ཡིན། གལ་སྲིད་དེ་འདྲ་མ་བྱུང་བ་ཡིན་ན་ང་ཟས་བཅད་ངོ་རྒོལ་དུ་འདུག་རྒྱུ་མ་གཏོགས་མི་ཉམ་ཆུང་ཞིག་ལ་བྱ་རྒྱུ་གང་ཡང་མི་འདུག་ལབ་པ་ཡིན། ངས་ཞབས་ཞུ་ཞུས་ཏེ་ལོ་ ༨ འགྲོ་ཡི་ཡོད་པ་དང་། ངའི་ནང་དུ་ཅི་ནི་ཚ་ན་ཡོད་པའི་པ་ལགས་དང་། ཕོ་བ་ནད་པ་ཡིན་པའི་ཨ་མ་རྒན་འཁོགས་ཤིག་ཡོད། དེ་ནས་བཟའ་ཟླ་དང་ཕྲུ་གུ་གཉིས་ཡོད། ངའི་བཟའ་ཟླས་ཕ་མ་རྒན་འཁོགས་གཉིས་སྲུང་ནས་བསྡད་ཡོད་པས་ལས་ཀ་ཡོད་པ་མ་རེད། ང་གནས་སྤོར་ཕྱིན་ན་ངའི་ནང་ལ་དཀའ་ངལ་ཞེ་དྲགས་ཡོད། ཅེས་བརྗོད་བྱུང་།

IMG_9873འདི་གའི་གསར་འགོད་པས་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་ལ་གནད་དོན་དེའི་སྐོར་བཀའ་འདྲི་ཞུས་པར། ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༦ ཉིན་ཁོ་རང་གིས་ང་ཚོར་སྙན་ཞུ་ཞིག་བརྒྱབ་ཡོད་པ་དང་། དེ་བཞིན་དུས་ཚོད་མི་འདྲ་བའི་ནང་སྙན་ཞུའི་བརྗོད་གཞིའང་ཁ་ཁ་མང་པོ་ཞིག་གཏོང་ཡོང་གི་འདུག ཕྱི་ཟླ་ ༡༡ ཚེས་ ༦ ཉིན་བཏང་བ་དེའི་ནང་མངོན་དགའ་སློབ་གྲྭའི་ལས་བྱེད་ཁ་ཤས་ཀྱིས་ཕྱག་ལས་ཡག་པོ་གནང་གི་མི་འདུག་ལབ་པ་སོགས་ཀྱི་སྐྱོན་འཛུགས་འདྲ་པོ་བྱས་འདུག་ལ། ཁོ་རང་གིས་བཏང་བའི་སྙན་ཞུ་དེའི་སྐོར་ལ་ད་ལྟ་ང་ཚོས་མངོན་དགའ་སློབ་གྲྭའི་འགན་འཛིན་ལ་འབྲེལ་བ་ཞུས་ཏེ་འཕྲོད་བསྟེན་ལས་ཁུངས་ནས་ལྟ་དང་ལྟ་བཞིན་པ་རེད། ང་ཚོས་ཁོ་རང་ལ་ཁྱེད་རང་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཅིག་ཡིན་པའི་ཆ་ནས་ལས་ཁུངས་མདུན་དུ་ལངས་ནས་འདི་འདྲ་བྱས་པ་ཡིན་ན་ཡག་པོ་མ་རེད། ཁྱེད་རང་གིས་མ་ཉན་ན་གནས་ཚུལ་ག་རེ་བྱུང་བ་ཡིན་ནའང་འགན་དེ་ཁྱེད་རང་གིས་འཁུར་དགོས་པ་རེད་ཅེས་གསལ་པོ་ཞུས་ཡོད། ཅེས་གསུངས་སོང་།

ཡང་བཀའ་བློན་མཆོག་གིས། ང་ཚོས་ཁོ་ལ་ཁྱེད་རང་བོད་མིའི་འཛུགས་སྒྲིག་འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་མངོན་དགའ་སློབ་གྲྭའི་ལས་བྱེད་ཅིག་ཡིན་པའི་ཆ་ནས་ལས་བྱེད་སུ་ཡིན་ནའང་ལས་ཁུངས་ལ་བདེ་སྡུག་ཞུ་ཆོག་གི་རེད་ལ། དེ་རིང་ཁྱེད་རང་འདིར་ཡོང་བ་དེའང་བདེ་སྡུག་ཞུ་རུ་ཡོང་བ་ཞིག་ལ་ང་ཚོས་ངོས་འཛིན་ཞུ་ཡི་ཡོད། ཁྱེད་རང་ལ་དཀའ་ངལ་ག་རེ་ཡོད་པ་དེ་ཡིག་ཐོག་ལའང་འདུག་ཆ་ཚང་སྐུ་ངོ་དྲུང་ཆེ་དང་ལས་བྱེད་ཚང་མའི་མདུན་ནས་རྟོགས་སོང་། ཆ་ཚང་རྟོགས་པའི་ཐོག་ནས་ང་ཚོས་ལན་སྤྲོད་ཡོང་གི་ཡིན། ཡིན་ནའང་། དེ་རིང་རང་ཐག་གཅོད་ཡོང་བ་དེ་འདྲ་ཡོད་པ་མ་རེད་ཅེས་ཞུས་ཡོད་ལ། ང་ཚོའི་དྲུང་འཕར་ལགས་མངོན་དགའ་སློབ་གྲྭར་སྤྱིན་བདག་ཅིག་ཕེབས་ཡོད་པ་དེར་སྣེ་ལེན་ཞུ་བར་བཅར་བའི་ཞོར་དུ་སྙན་ཞུ་དེའི་སྐོར་ལ་ཅིག་ལྟོས་ཟེར་ནས་མངགས་བཞག་ཡོད། ཅེས་གསུངས་བྱུང་།

གནས་རིམ་ཕབ་ནས་གནས་སྤོར་བཏང་བྱུང་ལབ་པ་དེ་བདེན་པ་ཡིན་མིན་དྲིས་པར་ཁོང་གིས། གནས་རིམ་ཕབ་པ་དེ་འདྲ་ཅི་ཡོད་པ་མ་རེད། དེ་འདྲ་སྔོན་མའང་ཡོང་སྲིད་པ་ཞིག་ཆགས་བསྡད་ཡོད་པ་རེད། བཀའ་ཤག་སྔོན་མའི་སྐབས་སུའང་སྨན་ཁང་གི་འགན་འཛིན་ཞིག་སྨན་སྤྲོད་ལ་གནས་རིམ་ཕབ་ནས་ཉེས་པ་བཏང་བ་དེ་འདྲ་བྱུང་ཡོད་པ་རེད། ཡིན་ནའང་། ད་ལན་དེ་ཉེས་པ་བཏང་བ་དེ་འདྲ་གང་ཡང་མ་རེད། ཀོ་ལི་གྷལ་གྱི་མཚན་སྲུང་རྒན་ཡོལ་ཆགས་ནས་མར་ཐོན་པ་དང་། མངོན་དགའ་སློབ་གྲྭའི་སྤྱི་ཡོངས་ཀྱི་ལན་བབ་དེ་ཚོར་ལྟ་ཡོང་དུས། སྔོན་མ་དང་པོ་བཙུགས་སྐབས་དཀའ་ངལ་ཡོད་པ་རེད་དེ། ད་ལྟའི་གནས་སྟངས་ལ་ལྟ་སྐབས་ལན་བབ་དེ་ཙམ་མེད་པ་ཞིག་ང་ཚོ་འཕྲོད་བསྟེན་ལས་ཁུངས་ནས་གཟིགས་བསྡད་ཀྱི་ཡོད་པ་རེད། ཁོ་རང་གིས་བསམ་པར་ཁོ་རང་གི་སྙན་ཞུ་ཡི་གེ་དེ་ཡར་བསླེབས་པ་དང་ལམ་སང་མར་གནས་སྤོའི་ཡི་གེ་དེ་བཏང་བར་བརྟེན། སྙན་ཞུ་དེ་བཏང་རྐྱེན་གནས་སྤོ་བཏང་བ་རེད་གསུང་གི་ཡོད་ས་རེད་བཱ། དེ་འདྲ་མ་རེད། དེ་རིང་ཞོགས་པར་ང་ཚོས་ཁོ་རང་ལ་འབྲེལ་བ་ཞུས་ཏེ་འདིར་ཕེབས་སོང་། ང་ཚོས་ཁྱེད་རང་གི་གནས་སྤོ་དང་སྙན་ཞུ་ཡི་གེ་དེའི་བར་འབྲེལ་བ་ཡོད་པ་མ་རེད་དཱ། ཁྱེད་རང་གིས་དེ་གཉིས་དཀྲུག་དཀྲུག་གཏོང་གི་འདུག་སྟེ་དེ་གཉིས་འབྲེལ་བ་ཡོད་པ་མ་རེད་ཅེས་ཞུས་པ་ཡིན། ཞེས་གསུངས་བྱུང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

༢༠༢༥/༡༡/༠༥
༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་པ། ༢༠༢༥།༡༡།༤ དྲ་ལམ་གྱི་པར།
Mobile App

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

༢༠༢༥/༡༡/༠༥
Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

༢༠༢༥/༡༡/༠༥
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

༢༠༢༥/༡༡/༠༤
Setti Warren directed the Harvard Institute of Politics out of the Harvard Kennedy School since 2022. By Claire Yuan
Mobile App

སྲིད་སྐྱོང་མཆོག་གིས་ཧྭ་ཝར་ཌིའི་སྐུ་ཞབས་ཝ་རན་ལགས་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་གནང་།

༢༠༢༥/༡༡/༠༤
UNICEF/UN073959/Clarke for UNOCHA
Mobile App

སྲིད་འགྱུར་དྲག་གནོན་དང་ཆབ་སྲིད་སྐྱབས་བཅོལ་བའི་དཀའ་སྡུག

༢༠༢༥/༡༡/༠༤

མཆན། 10

  1. དཔའ་བོའི་གད་རྒྱངས། says:
    ལོ་ 10 སྔོན།

    ཟས་བཅད་ངོ་རྒོལ་བ་དེ་འདྲ་མཐོང་བ་དེ་རིང་དང་པོ་ཡིན། གད་མོས་གྲོད་པ་ན་ཡོང་གི་འདུག ཚེས་ ༡༥ ཞོགས་པ་རྡ་སར་འབྱོར་ཏེ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་ལ་ངོ་ལོག་གི་བྱ་སྤྱོད་སྤེལ། དེའི་མིང་ལ་ཟས་བཅད་ངོ་རྒོལ་བཏགས། དེའི་ཉིན་མོ་གྲོད་པ་སྟོང་པ་བཞུགས་ནའང་དེའི་དགོང་མོ་ཆུ་ཚོད་ ༡༠ ཙམ་ལ་ཟ་ཁང་ཞིག་གི་ནང་དུ་ཟ་མ་ཞིམ་པོ་ཟ་བཞིན་པ་དངོས་སུ་མཐོང་ཡོད་ལ་ཁ་སྐྱེངས་ཞེ་དྲག་བྱུང་ཡོད། ཚེས་ ༡༥ ཉིན་གསར་འགོད་པ་སླེབས་ཏེ་སྤྱི་ཚོགས་ཀྱི་དྲ་ལམ་ཐོག་ཁྱབ་ཐུབ་ཙམ་བྱུང་མ་ཐག་ཚེས་ ༡༦ ཉིན་ཁོ་པ་ས་གནས་རྡ་ས་ནས་འབོར་བརླག་ཤོར་བའི་རྒྱུ་མཚན་ཅི་རེད། ཚེས་ ༡༦ ཞོགས་པ་འཁྱུག་ཙམ་ལས་ཁུངས་གཡས་གཡོན་ལ་མཐོང་ཙམ་བྱུང་ནས་དེ་ནས་མཐོང་ས་མེད་པར་བརླག་ཡོད། ཚེས་ ༡༧ ཉིན་སླར་ཡང་རྡེ་ར་རྡུན་གྱི་མངོན་དགའ་སློབ་གྲྭར་འབྱོར་ཏེ་ལས་ཀ་ལ་ཕྱིན་ཡོད་འདུག དེ་དག་ནི་ཆབ་སྲིད་ཀྱི་ལག་ཆ་རང་ལས་དོན་དམ་པའི་དཀའ་ངལ་དང་བདེ་སྡུག་ཞུས་པའི་གནད་དོན་དེ་བས་མ་ཡིན། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་འོག་ཏུ་ཡོད་པའི་སྡེ་ཚན་ཆུང་ཆུང་ཞིག་གི་ཡིག་སྐྱེལ་བ་ཞིག་གིས་ཀྱང་བྱ་སྤྱོད་ཐ་ཤལ་དེ་འདྲ་བརྩམས་དུས་མ་འོངས་པར་ང་ཚོའི་སྒྲིག་འཛུགས་འདི་གང་འདྲ་ཆགས་ཀྱི་རེད། སྒྲིག་འཛུགས་ཀྱིས་ཐ་ཤལ་དེ་འདྲ་བ་ལ་ཆད་པ་ནན་པོ་གཅོད་ཐུབ་པའི་རེ་བ་ཡོད། མ་གཞི་ནས་བློ་བཟང་རྒྱལ་མཚན་ཟེར་བ་ཁོའི་རྒྱབ་ཏུ་ཀུན་སློང་བྱེད་མཁན་སུ་དང་སུ་ཡོད་མེད་བརྟག་ཞིབ་བྱེད་དགོས་འདུག་སྙམ། མི་ཐེབས་ཅག་གཅིག་གིས་བྱ་བ་གལ་ཆེན་པོ་དང་བློ་ཁོག་དེ་འདྲ་རྩེད་ཐུབ་ཀྱི་མ་རེད་བསམ་བཞིན་ཡོད། སྒྲིག་འཛུགས་ལ་མཐོང་ཆུང་དང་ཁྱད་གསོད་དེ་འདྲ་གནང་ན་དེ་ནི་བོད་མི་ས་ཡ་དྲུག་ལ་རྨ་ཁ་བཟོས་པ་དང་ཁྱད་པར་མེད་པ་ཞིག་མ་རེད་དམ། ཉིན་མ་གཅིག་མ་ཕྱིན་གོང་ནས་གྲོད་ཁོག་ལྟོགས། དགོང་མོ་ཁ་ལག་རྒྱག་ཚད་ཟ་མཁན་དེ་ལ་ཟས་བཅད་ངོ་རྒོལ་ཟེར་བ་རེད་དམ། སྤྱི་ཚོགས་དྲ་ལམ་ཁག་ཏུ་བོད་མིའི་སྒྲིག་འཛུགས་ཀྱིས་དྲང་བདེན་དང་ཁ་ཞེ་མི་མཚུངས་པའི་ཕྱག་ལས་གནང་སོང་དང་དེ་ལ་བརྟེན་ནས་ཟས་བཅད་ངོ་རྒོལ་བསྡད་རྒྱུ་ཡིན་ཞེས་ཁ་ཕོ་ཆེན་པོ་ཞེ་དྲག་གྲགས་སོང་ལ་མང་པོ་ཞིག་གིས་ཧང་སང་སང་བྱས་ལྟད་མོ་ཡང་ལྟ་ནས་བསྡད་སོང་། མཐའ་མཇུག་གི་ཟས་བཅད་ངོ་རྒོལ་དེ་ཐ་ཤལ་གྱི་བྱ་སྤྱོད་དང་ངོ་ལོག་པ་ཞིག་ལ་འགྱུར་སོང་བ་ནི་ཅི་འདྲའི་བློ་ཕམ་ཞིག་དང་བོད་མི་རིགས་ཀྱི་ཞབས་འདྲེན་བླ་ན་མེད་པ་ཞིག་མ་ཡིན་ནམ། མེ་ཆུང་དུས་ནས་མ་བསད་ན་ཆེན་པོ་ཆགས་དུས་བསད་ཁག་པོ་ཡོང་ངེས་པས་དགོངས་བཞེས་གནང་གལ་ཆེ། ད་དུང་མ་འོངས་པར་ཆབ་སྲིད་ཀྱི་དགོས་མཁོ་ལ་བརྟེན་ནས་དེ་དང་དེ་འདྲ་བའི་མི་ཐ་ཤལ་དེ་འདྲ་ཡོང་སྲིད་པ་ཡིན་པས་ཚང་མས་ཡིད་གཟབ་གནང་དགོས།

    Reply
  2. སྒྲོལ་མ་མཚོ། says:
    ལོ་ 10 སྔོན།

    དེ་སྔོན་ཁོས་བོད་རིགས་ཀྱི་ཆེད་དུང་ཟས་བཅད་ངོ་རྒོལ་ཉིན་གཅིག་གནང་མྱོངས་ཡོད་པའི་དཔངས་རྟགས་པར་ཞིག་འདུག་ན་ཁོང་ལ་རྒྱབ་སྐྱོར་ཡོད། དེ་མི་འདུག་ན་སྐྱག་ཟན་་་་་་་་རྒྱུ་ཁྱི་ཞེས་པའི་མིང་དེ་ཁོ་ལ་མདོག་རྒྱུ་ཡིན་་་་་་་་་་་་་་་

    Reply
  3. དབང་འདུས། says:
    ལོ་ 10 སྔོན།

    འོས་ཤོག་བླུག་གྲབས་བྱེད་དུས་ངུ་ཁུལ་དང་རྒད་ཁུལ་བྱེད་པ་ནི་རྒྱབ་ཏུ་དམིགས་ཡུལ་ག་རེ་ཡིན་ལོངས་བས་བལྟས་ཀྱང་རྒྱལ་ཁམས་གསལ་་་་་་་་་་་་་་་་

    Reply
  4. རྡོ་སེངྒེ། says:
    ལོ་ 10 སྔོན།

    དཔོན་ངན་འདི་ཚོས་ལས་ཀ་ཡག་པོ་ཞིག་གནང་གི་ཡོད་མ་རེད།
    འུ་ཐུག་ནས་འདི་ལྟར་བྱེད་དགོས་བྱུང་པ་རེད་ལ།
    མི་མང་གིས་རང་སོ་སོའི་ཐོབ་ཐང་བེད་སྤྱོད་གཏོང་ཤེས་གི་ཡོད་པའི་རྟགས་རེད་ཀྱང་།
    དཔོན་ངན་ཚོའི་སྒེར་གཅོད་ལ་ཁ་གཏད་གཅོག་དགོས་པ་རེད།
    ཕོ་རྒོད་་་་་་་་ཁྱེད་འགྲིག་འདུག་་་་་་་་་་་་་་་་་་་་་་་

    Reply
  5. ལྷ་ཆེན་ཚང་པ་དཀར་པོ། says:
    ལོ་ 10 སྔོན།

    མི་འདིའི་གདོང་ལ་བལྟས་དུས་དྲན་རྒྱུ་རྒོད་པོ་རྙོག་དྲ་ཚ་པོ་ཞིག་མེད་འགྲོ་བསམས་པ་ཞིག་འདུག་དཱ།

    Reply
  6. འབྲོག་ཕྲུག says:
    ལོ་ 10 སྔོན།

    ” གལ་སྲིད་བདེན་པ་མི་འདུག་བསམ་ན་ང་ལ་ཉེས་པ་གཏང་ན་འགྲིག་གི་རེད།” ཟེར་བའི་སྐད་ཆ་འདིའི་ཐོག་ནས་ཁོང་རང་ཉིད་ཀྱིས་ཀྱང་རང་ཉིད་ལ་བདེན་པ་ཡོད་པའི་ཡིད་ཆེས་མེད་པའི་རྟགས་རེད།

    Reply
  7. དྲང་བདེན། says:
    ལོ་ 10 སྔོན།

    གནས་ཚུལ་ཁྱོན་ཡོངས་ཆ་ཚང་གོ་ཚུད་པ་ཞིག་བྱེད་དགོས་རེད་མ་གཏོགས། དེ་ག་ཙམ་བདེན་པ་ཡོད་ལབ་ནས་ཟས་བཅད་ངོ་རྒོལ་གནང་ནས་གྲོད་ཁོག་ལྟོག་ན་སོ་སོ་གྱོང་རེད། ཟས་བཅད་ངོ་རྒོལ་འདྲ་བྱེད། ཆོ་མེད་རང་རེད།

    Reply
  8. དཀར་མེ། says:
    ལོ་ 10 སྔོན།

    ལྷིང་འཇགས་པོ་རང་མི་འདུག་གཱ ཕྱིའི་འགལ་རྐྱེན་མ་སེལ་ནའང་། ནང་གི་མཐུན་རྐྱེན་འདི་འདྲ་ལྟ་བཀའ་ཤག་གིས་སྒྲུབ་ཐུབ་པ་ཞིག་རེད་པཱ། མི་འདིས་སྨྲ་བརྗོད་རང་དབང་གི་ཐོབ་ཐང་ལོངས་སྤྱོད་ཐུབ་འདུག དགའ་འོས། ཁྱེད་ལ་རྒྱབ་སྐྱོར་ཡོད་དཱ། ཨུ་མ་ཐུག་ན་འདི་འདྲ་མི་སྲིད། ཁྱེད་ཨུ་ཐུག་པ་ཤེས་ཐུབ།

    Reply
  9. གསེར་རྟའི་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 10 སྔོན།

    གཞུང་གིས་གཏན་ནས་བསྒྲུབ་མི་ཐུབ་པའི་ལས་དོན་རེ་ཡིན་ན་མ་གཏོགས། འབངས་མིའི་མངོན་འདོད་ཀྱི་རེ་བ་ནི་དུས་ཐོག་ལ་བསྒྲུབ་དགོས་པ་ནི་མང་གཙོའི་གཞུང་གི་ལས་འགན་ཨང་དང་པོ་དེ་རེད།

    Reply
  10. སྒྲོན་མེ། says:
    ལོ་ 10 སྔོན།

    ད་བཙན་བྱོལ་སྤྱི་ཚོགས་ནང་དུ་རྙོག་གྲ་ཚ་རུ་ཚ་རུ་རེད།ད་ཚང་མས་བསམ་གཞིག་བྱེད་པའི་དུས་ལ་སླེབས་འདུག།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese