མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉེས་ཅན་ཆིག་སྟོང་ལྷག་སྲོག་ཐོག་བཏང་།

བོད་ཀྱི་དུས་བབ།
༢༠༡༦/༠༣/༡༦
Share on FacebookShare on TwitterShare on EmailShare on Whatsapp

འདས་པའི་ལོ་ངོ་གཉིས་རིང་ཨེ་རན་སྲིད་གཞུང་གིས་རྒྱལ་ནང་གི་གནས་འཕྲིན་བརྒྱུད་ལམ་ཁག་བཀག་སྡོམ་དང་ལོ་ཆུང་བྱིས་པ་ཚོ་ཁྲིམས་སར་འབོད་འགུག་གིས་སྲོག་ཐོག་ཏུ་གཏོང་བཞིན་ཡོད་འདུག

tibettimes2དེ་རིང་ཨེ་ཕེ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨེ་རན་རྒྱལ་ནང་དུ་འདས་པའི་མི་ལོ་གཉིས་རིང་ཉེས་ཅན་མི་སྣ་ཆིག་སྟོང་ལྷག་སྲོག་ཐོག་ཏུ་བཏང་ཡོད་པ་དང་། དེའི་གྲས་ཀྱི་མི་ ༧༣ བྱིས་པ་ཡིན་འདུག མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་ཆེད་མཁས་པ་ཨ་ཧ་མི་ཌ་ཤཱ་ཧི་ཌ་ (Ahmed Shaheed) ཟེར་བ་ཞིག་གིས། ཨེ་རན་རྒྱལ་ནང་དུ་ཕྱི་ལོ་ ༢༠༡༤ ལོར་ཉེས་ཅན་ ༧༥༣ དང་ཕྱི་ལོ་ ༢༠༡༥ ལོར་ཉེས་ཅན་ ༩༦༦ སྲོག་ཐོག་ཏུ་བཏང་ཡོད་པའི་གྲས་ཀྱི་ཉེས་ཅན་ ༧༣ བྱིས་པ་ཡིན་ཞིང་། ད་ཆར་ཉེས་ཅན་ ༡༦༠ སྲོག་ཐོག་ཏུ་གཏོང་རྒྱུ་ཡིན་པ་མ་ཟད། ཨེ་རན་སྲིད་གཞུང་གིས་ལོ་ ༡༨ ལ་མ་སོན་པའི་བྱིས་པ་ཚོར་སྲོག་ཆད་གཅོད་རྒྱུ་ཚབས་ཆེ་རུ་འགྲོ་བཞིན་ཡོད་སྐོར་བརྗོད་འདུག

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨེ་རན་ནང་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚན་པའི་འབྲེལ་མཐུད་པས། ན་ནིང་གཅིག་པུར་ཨེ་རན་རྒྱལ་ནང་དུ་གསར་འགོད་པ་ ༤༧ འཛིན་བཟུང་བཀག་བསྐྱིལ་བྱས་ཡོད་པ་དང་། གནས་འཕྲིན་དྲ་རྒྱ་ ༢༧༠ སྒོ་བརྒྱབ་ཡོད་སྐོར་བརྗོད་འདུག

གཞན། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས། ཨེ་རན་སྲིད་གཞུང་གིས་རྒྱལ་སྤྱིའི་རྩ་ཁྲིམས་རྩིས་མེད་བཏང་སྟེ་བུ་མོ་ལོ་ ༩ ཡས་མས་དང་བུ་ལོ་ ༡༥ ཡས་མས་རིགས་ཁྲིམས་སར་འབོད་འགུག་གིས་སྲོག་ཐོག་ཏུ་གཏོང་བཞིན་པར་སྐྱོན་བརྗོད་ཤུགས་ཆེན་བྱས་འདུག

གནས་ཚུལ་ལྟར་ན། ད་ལོའི་ཕྱི་ཟླ་དང་པོའི་ནང་བཏོན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྙན་ཐོ་ཞིག་གི་ནང་། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་དང་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚན་པ་གཉིས་ནས། ཨེ་རན་རྒྱལ་ཁབ་ནི་འཛམ་གླིང་སྟེང་གི་ལོ་ཆུང་བྱིས་པ་ཉེས་ཅན་སྲོག་ཐོག་ཏུ་བཏང་བ་ཆེས་མང་ཤོས་དེ་ཆགས་ཀྱི་ཡོད་སྐོར་འཁོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

ཆུ་ཚོད་ ༡༥ སྔོན་ལ།
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨
ཉེ་ལམ་རྒྱ་ནག་གིས་བླ་རུང་སྒར་གཏོར་བཤིག་གཏོང་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བླ་རུང་སྒར་དུ་དམག་མི་འབོར་ཆེན་བཀྲམ་ནས་དམ་དྲག་ཤུགས་ཆེན་བྱེད་ཀྱིན་འདུག 

༢༠༢༦/༠༨/༡༨
གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༡༧
Mobile App

གཏན་ཉིན་སློབ་གྲྭ་བཅོ་ལྔ་ཡི་རིགས་ལམ་འདུ་འཛོམས་འཚོག་བཞིན་འདུག 

༢༠༢༦/༠༨/༡༧
Mobile App

རྒྱ་ནག་གིས་ནེའུ་ཛི་ལན་ཌིའི་བོད་མི་ཚོར་འཇིགས་སྐུལ་བྱེད་བཞིན་འདུག

༢༠༢༦/༠༨/༡༧
Mobile App

ཡུན་རིང་བའི་རྩ་དོན་འཐབ་རྩོད་ཁྲོད་འབྱུང་ངེས་པའི་ནང་ཁུལ་རྩོད་རྙོག

༢༠༢༦/༠༨/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese