མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲོས་ཚོཊ་ཕྱི་ཚེས་ ༢༡ ཉིན་ནས་མགོ་འཛུཊ་རྒྱུ་རེད།

བོད་ཀྱི་དུས་བབ།
༢༠༡༦/༠༣/༡༧
Share on FacebookShare on TwitterShare on EmailShare on Whatsapp

སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་མཐའ་མ་ཟླ་འདིའི་ཕྱི་ཚེས་ ༢༡ ནས་ཟླ་ ༤ ཚེས་ ༡ ཉིན་བར་དུ་འཚོགས་རྒྱུ་ཡིན་འདུག

 

Chitue-1000སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པ་སྟེ། སྐབས་འདིའི་ཚོགས་དུས་མཐའ་མ་ཟླ་འདིའི་ཕྱི་ཚེས་ ༢༡ ནས་ཕྱི་ཟླ་ ༤ ཚེས་ ༡ ཉིན་བར་དུ་འཚོགས་རྒྱུ་ཡིན་ལ། ཐེངས་འདིའི་ཚོགས་དུས་ཐོག་གཙོ་བོ་རྩིས་ལོ་ ༢༠༡༦ དང་ ༢༠༡༧ ལོའི་བཙན་བྱོལ་བོད་མིའི་ལས་ཁུངས་མ་ལག་དང་བཅས་པའི་སྔོན་རྩིས་གཏན་འབེབས་གནང་རྒྱུ་དང་། ཁྲིམས་སྒྲིག་ཁག་ཅིག་བསྐྱར་བཅོས་དང་བཀའ་ཤག་ནས་གསལ་བཤད། གཞན་ཡང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཆེད་འཛུགས་གནང་བའི་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༧ པའི་ཞིབ་འཇུག་སྙན་ཐོ་དང་འཆར་ཅན་ལྟར་གཞུང་འབྲེལ་གྲོས་གཞི་གྲོས་འཆར་ཁག་ཅིག་བསྣམ་ཡོང་རྒྱུ་ཡིན་འདུག

 

དེ་རིང་འདི་གའི་གསར་འགོད་པས་ཚོགས་དྲུང་སྟོབས་རྒྱལ་ལགས་སུ། ཐེངས་འདིའི་ཚོགས་དུས་ཐོག་ལས་རིམ་གཙོ་བོ་ག་རེ་ཡོང་གི་ཡོད་མེད་སྐོར་ནས་བཀའ་འདྲི་ཞུས་པར་ཁོང་གིས། ད་ལན་གྱི་གྲོས་ཚོགས་ཚོགས་དུས་ ༡༡ པ་འདི་ཚོགས་དུས་མཐའ་མ་རེད། ཚོགས་དུས་འདིའི་ཐོག་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་ཁྱབ་ཁོངས་དང་བཅས་པའི་ཕྱི་ལོ་ ༢༠༡༦ དང་ ༢༠༡༧ ལོའི་སྔོན་རྩིས་གཏན་འབེབས་གནང་རྒྱུ་ཡིན་སྟབས། དཔལ་འབྱོར་བཀའ་བློན་མཆོག་ནས་ཕྱི་ལོ་ ༢༠༡༦།༡༧ ལོའི་སྔོན་རྩིས་སྐོར་གྱི་གསུང་བཤད་གནང་རྒྱུ་དང་། དེ་བཞིན། བཀའ་ཤག་གིས་རྒྱབ་གཉེར་གནང་སྟེ་དཔལ་འབྱོར་ལས་ཁུངས་ནས་ཚོགས་དྲུང་ལས་ཁུངས་ལ་ཕུལ་བའི་སྔོན་རྩིས་སྐོར་གྱི་ཡིག་ཆ་དེར། ཚོད་དཔག་འཆར་རྩིས་ཚོགས་ཆུང་གིས་རྩིས་མགོ་རེ་རེར་ཞིབ་འཇུག་བྱས་ཏེ་སྤར་ཆ་དང་གཅོག་ཆ་གནང་བ། དེ་བཞིན་དགེ་སྐྱོན་གྱི་གནས་ལུགས་བཅས་བཀོད་པའི་སྙན་ཐོ་ཞིག་འབུལ་ཡོང་གི་རེད། དེ་ནས་ལས་ཁུངས་རྣམས་བང་རིམ་བྱས་ཏེ་དངུལ་འཛིན་བཀའ་འཁྲོལ་ཐད་བགྲོ་གླེང་དང་གཏན་འབེབས་གནང་བར་ཉི་མ་མང་པོ་འགོར་ངེས་རེད། ནམ་རྒྱུན་ཡིན་ན་གྲོས་ཚོགས་ནང་ཉི་མ་གཉིས་པ་ནས་བཟུང་དྲི་བ་དྲིས་ལན་བསླེབ་ཡོང་གི་རེད། ཚོགས་འདུ་མགོ་འཛུགས་ཀྱི་ཉི་མ་དང་པོ་དེའི་ནང་དཔེར་ན་ད་རེས་འདྲ་པོ་ཡིན་ན། རྙིང་མའི་དབུ་འཛིན་སྐུ་གཤེགས་པར་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་ཅིག་ཡོང་གི་རེད་ལ། དེ་བཞིན། ཉེ་འཆར་ཕྱི་ཟླ་གཉིས་པའི་ཟླ་མཇུག་ཏུ་བོད་ཕྱི་གཉིས་ནས་བོད་མི་ ༢ ཀྱིས་རང་ལུས་མེར་བསྲེགས་གནང་ཡོད་པ་དང་། བོད་ནང་བོད་མི་ ༡༤༣ གྱིས་རང་ལུས་མེར་བསྲེགས་གནང་ཡོད་པ་དེ་ཚོའི་ཐོག་མྱ་ངན་གུས་འདུད་ཀྱི་གྲོས་གཞི་གྲོས་འཆར་དང་། བོད་ནང་གི་ཛ་དྲག་གནས་སྟངས་དང་གཞིས་ལུས་རྒྱ་ཆེའི་བོད་མི་ཚོས་རྒྱ་ནག་གཞུང་གི་སྡུག་རྩུབ་འོག་མྱངས་དང་མྱོང་བཞིན་པར་གདུང་སེམས་མཉམ་སྐྱེད་ཀྱི་གཞུང་འབྲེལ་གྲོས་གཞི་གྲོས་འཆར་ཞིག་བཅས་ཡོང་གི་རེད། ཅེས་བརྗོད་བྱུང་།

 

ཡང་ད་ལན་གྱི་ཚོཊ་དུས་ཐོག་འཛིན་སྐྱོང་བཀའ་ཤག་ནས་གསལ་བཤད་དང་ཁྲིམས་སྒྲིག་བསྐྱར་བཅོས་སོགས་ཀྱི་ལས་རིམ་ཁག་ཅིག་ཡོད་སྐོར་ལ་ཁོང་གིས། ད་ལྟ་བར་དུ་འཛིན་སྐྱོང་བཀའ་ཤག་ནས་ཁྲིམས་སྒྲིག་བསྐྱར་བཅོས་གནང་རྒྱུ་བཞི་ལྔ་ཞིག་ཡོད་གསུང་གི་འདུག་ལ། དེའི་ཐོག་བཀའ་ཤག་གིས་གསལ་བཤད་གནང་བའི་ལས་རིམ་ཞིག་ཀྱང་ཡོད་གསུངས་སོང་། དེ་བཞིན་འཆར་ཅན་གྱི་ཐུགས་སྣང་ཞེན་སྐུལ་དང་སྤྱི་འཐུས་སྒེར་གྱི་གཞུང་འབྲེལ་གྲོས་གཞི་གྲོས་འཆར་བསྣམ་ཡོང་རྒྱུ་དེ་ཚོ་ཚང་མ་ལས་རིམ་སོ་སོ་སོ་སོའི་ནང་འགྲོ་ཡི་རེད། གཞན། ད་ལན་གྱི་གྲོས་ཚོགས་ནང་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༧ པའི་སྙན་ཐོ་ཧ་ཅང་ཞིབ་ཚགས་པོ་ཞིག་འབུལ་རྒྱུའི་གྲ་སྒྲིག་བྱས་བསྡད་ཡོད། ཅེས་བརྗོད་བྱུང་།

 

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ།
Mobile App

མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཅད་འདུག

ཆུ་ཚོད་ ༩ སྔོན་ལ།
Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]
Mobile App

རྒྱ་ནག་དཀར་གྱི་ས་མིང་བརྗེ་བསྒྱུར་རྩོད་རྙོག

༢༠༢༦/༡༠/༡༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥེ་རི་ཁའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་ནས་གཏོར་སྐྱོན་བྱུང་འདུག

༢༠༢༦/༡༠/༡༥
Mobile App

རྒྱ་ནག་གི་རྒྱལ་སྲུང་ལས་དོན་སྒྲུབ་མཁན་གྱི་ཚོགས་སྡེ་ ༡༥༦ ལྷག་ནག་ཁུངས་ནང་འཇུག་དགོས།

༢༠༢༦/༡༠/༡༥
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༦/༡༠/༡༥
པར་རྩོམ་པ་པོས་མཁོ་སྤྲོད་བྱས།
Mobile App

བོད་ཀྱི་བདུན་ཕྲག་སྲུང་བརྩི་དང་དཔེ་སྟོན་སློབ་གྲྭ་དབུ་བརྙེས་པའི་དུས་དྲན་ལས་འཕྲོས་པའི་གཏམ་ཐོར་བུ།

༢༠༢༦/༡༠/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese