མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ཀྱི་གྲོས་ཚོགས་མཐའ་དབུ་འཛུགས་གནང་།

བོད་ཀྱི་དུས་བབ།
༢༠༡༦/༠༣/༢༡
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠ སྟེང་། དྷ་རམ་ས་ལའི་གངས་སྐྱིད་སྤྱི་འཐུས་ཚོགས་ཁང་དུ། སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པ་དབུ་འཛུགས་གནང་སོང་། ཐེངས་འདིའི་གྲོས་ཚོགས་དེ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་ལོ་ ༢༠༡༦ ནས་ ༢༠༡༧ བར་གྱི་སྔོན་རྩིས་གཏན་འབེབས་ཀྱི་ཚོགས་འདུ་ཡིན་པ་ལྟར། སྔ་དྲོའི་ལས་རིམ་ཁག་གྲུབ་རྗེས་དཔལ་འབྱོར་བཀའ་བློན་མཆོག་གིས་སྔོན་རྩིས་གཏམ་བཤད་གནང་རྒྱུ་ཡིན་འདུག

IMG_0095 དེ་རིང་སྔ་དྲོའི་ལས་རིམ་གྱི་ཐོག་མར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཚོགས་འདུ་དབུ་འཛུགས་གཏམ་བཤད་གནང་གྲུབ་རྗེས། སྔ་འགྱུར་རྙིང་མའི་བསྟན་བདག་སྟག་ལུང་རྩ་སྤྲུལ་རིན་པོ་ཆེ་མཆོག་དང་། ད་བར་བོད་ནང་རྒྱལ་གཅེས་དཔའ་བོ་དཔའ་མོ་ ༡༤༣ ཙམ་གྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་བ་དང་། དེ་ལས་མང་བ་བཙོན་འོག་ཏུ་མནར་གཅོད་མྱོང་གི་ཡོད་པ། ཉེ་ལམ་ཕྱི་ཟླ་ ༢ ཚེས་ ༢༩ ཉིན་རྒྱ་གར་བྱང་ཕྱོགས་ལྡེ་ར་རྡུན་ཧར་པ་པུར་གཞིས་ཆགས་ཀྱི་སློབ་ཕྲུག་རྡོ་རྗེ་ཚེ་རིང་ལགས་ཀྱིས་བོད་དོན་ཆེད་རང་ལུས་མེར་བསྲེགས་གནང་བ། དེ་བཞིན། བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཟུར་བ་དང་བཀའ་བརྒྱུད་སྤྱི་འཐུས་ཀརྨ་ཆོས་འཕེལ་མཆོག་བཅས་ཀྱི་ཆེད་དུ་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་བཞག་སོང་།

ཐེངས་འདིའི་གྲོས་ཚོགས་ནང་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་ལོ་ ༢༠༡༦ ནས་ ༢༠༡༧ བར་གྱི་སྔོན་རྩིས་ཐོག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་སྙན་ཐོ་སྒྲོག་སྦྱོང་གནང་བའི་ནང་། བཀའ་ཤག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པར་ཕྱི་ལོ་ ༢༠༡༦ ནས་ ༢༠༡༧ ལོའི་བར་ཧིན་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་གཉིས། བྱེ་བ་གསུམ་བྱེ་བ་ ༢༢༣༨༨༣༢༤༥༧ ཙམ་ཞུས་ཡོད་འདུག ཕྱི་ལོ་ ༢༠༡༥ ནས་ ༢༠༡༦ ལོའི་བར་ཧིན་སྒོར་ཐེར་འབུམ་གཉིས་དང་བྱེ་བ་གཅིག་ལྷག་ ༢༠༡༨༠༣༠༠༠༠༠ ཡིན་སྟབས། སྔར་ལོ་དང་བསྡུར་ན་ད་ལོ་བརྒྱ་ཆ་ ༡༠།༩༡ ཙམ་འཕར་ཡོད་འདུག

འདས་པའི་ལོ་ཤས་ནང་ཞིབ་བསྡུར་བྱས་པ་ལྟར་ན། ཕྱི་ལོ་ ༢༠༡༤ ནས་ ༢༠༡༥ ལོའི་བར་ཁྱོན་བསྡོམས་ཧིན་སྒོར་ ༢༡༥༣༡༥༣༩༤༩ དང་། ཕྱི་ལོ་ ༢༠༡༥ ནས་ ༢༠༡༦ ལོའི་བར་ཁྱོན་ཧིན་སྒོར་ ༢༠༡༨༠༣༩༡༡༠ ། ཕྱི་ལོ་ ༢༠༡༦ ནས་ ༢༠༡༧ ལོའི་བར་ཁྱོན་ཧིན་སྒོར་ ༢༢༣༨༨༣༢༤༥༧ བཅས་ཡིན་འདུག

Screen Shot 2016-03-21 at 12.41.51 PM

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོད་དཔག་འཆར་རྩིས་ཚོགས་ཆུང་གིས་བཀའ་ཤག་གི་སྔོན་རྩིས་ལ་གཅོག་ཆ་གནང་བའི་ནང་། འོས་བསྡུ་ལྷན་ཁང་གིས་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོའི་ཐད་ཧིན་སྒོར་ ༧༣༠༠༠༠ ཞུས་ཡོད་ཀྱང་། སྤྱི་འཐུས་ཚོགས་ཆུང་གིས་ཧིན་སྒོར་ ༣༠༨༠༡༢ མར་བཅག་འདུག་ལ། ནང་སྲིད་ལས་ཁུངས་ཀྱིས་འཛིན་ཆས་ཉོ་ཆེད་ཧིན་སྒོར་ ༨༨༨༣༢༤ ཙམ་ཞུས་ཡོད་ཀྱང་སྤྱི་འཐུས་ཚོགས་ཆུང་གིས་སྒོར་ ༨༨༨༣༢༤ མར་བཅག་ཡོད་འདུག

གཞན། གནད་དོན་ཁག་ཅིག་ཟུར་འདོན་བྱས་ཡོད་པའི་ནང་། ལྡི་ལི་སྐུ་ཚབ་དོན་བཅོད་ཁང་གིས་རྩ་འཛིན་ལམ་སྟོན་གྱི་དགོངས་དོན་ལྟར་སྣུམ་འཁོར་གྱི་ལོ་ཚད་དང་རྒྱུགས་ཚད་ལོན་མེད་ཀྱང་བཀའ་ཤག་གིས་སྣུམ་འཁོར་གསར་ཉོའི་དངུལ་ཞུས་ཡོད་པ་དང་། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ ༧ པ་ཨ་རིར་འཚོགས་རྒྱུ་གཏན་འཁེལ་མེད་པ་ཤེས་བཞིན་དུ་རྒྱབ་ལྗོངས་ལ་བསྐྱར་ཞིབ་གནང་མེད་པ་སོགས་བཀོད་འདུག

ཕྱི་ལོ་ ༢༠༠༨ ལོར་བོད་ནང་ས་བྱི་ཞི་རྒོལ་ཆེན་མོ་བྱུང་བ་ནས་བཟུང་གྲོས་ཚོགས་རིམ་པའི་ཉིན་དང་པོར། བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་འཇོག་པའི་ལམ་སྲོལ་ཞིག་ཆགས་ཡོད་པ་ལྟར། དེ་རིང་ཡང་སྔོན་འགྲོའི་ལས་རིམ་ཁག་གྲུབ་རྗེས་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་འཆར་ཐོག་སྤྱི་འཐུས་རྣམ་པའི་གཏམ་བཤད་མགོ་འཛུགས་གནང་སོང་།

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

༢༠༢༥/༡༡/༠༥
༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་པ། ༢༠༢༥།༡༡།༤ དྲ་ལམ་གྱི་པར།
Mobile App

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

༢༠༢༥/༡༡/༠༥
Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

༢༠༢༥/༡༡/༠༥
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

༢༠༢༥/༡༡/༠༤
Setti Warren directed the Harvard Institute of Politics out of the Harvard Kennedy School since 2022. By Claire Yuan
Mobile App

སྲིད་སྐྱོང་མཆོག་གིས་ཧྭ་ཝར་ཌིའི་སྐུ་ཞབས་ཝ་རན་ལགས་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་གནང་།

༢༠༢༥/༡༡/༠༤
UNICEF/UN073959/Clarke for UNOCHA
Mobile App

སྲིད་འགྱུར་དྲག་གནོན་དང་ཆབ་སྲིད་སྐྱབས་བཅོལ་བའི་དཀའ་སྡུག

༢༠༢༥/༡༡/༠༤

མཆན། 5

  1. chacha says:
    ལོ་ 10 སྔོན།

    ཟླ་འདིའི་ཚེས་༢༨ ཉིན་བོད་མི་མང་སྤྱི་འཐུས་སྐབས་༡༥ པའི་གྲོས་ཚོགས་ཚོགས་དུས་༡༡ པའི་ཉིན་བདུན་པའི་ཐོག ཤེས་རིག་ལས་ཁུངས་ཀྱིས་བོད་སློབ་འཛིན་ཚོགས་རྩིས་སྤྲོད་རྩིས་ལེན་དང་འབྲེལ་ནས། དྷ་སར་ཡོད་པའི་ཡོངས་གླིང་སློབ་གྲྭ་ཤེས་རིག་ལས་ཁུངས་ནས་རྩིས་ལེན་ཐུབ་ཀྱི་ཡོད་མེད་སྐོར་ལ་གླེང་སློང་བྱུང་ཡོད་པ་རེད།
    དེ་ཡང་སྤྱི་འཐུས་བསྟན་པ་ཡར་འཕེལ་གྱིས། “ང་རང་ཚོ་ནང་ཁུལ་ལ་ཤེས་རིག་ལས་ཁུངས་ཀྱིས་སློབ་གྲྭ་རྩིས་ལེན་མ་ཐུབ་པའི་གནས་སྟངས་ཤིག་ལོ་མང་པོའི་རིང་བྱུང་བསྡད་ཡོད་པ་རེད། དྷ་སའི་ཡོངས་གླིང་སློབ་གྲྭ་དེ་ཤེས་རིག་ལས་ཁུངས་ཀྱི་རྩིས་ལེན་དགོས་པ་ཞིག་དང་། དེ་ཡང་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཐག་གཅོད་གསལ་པོ་བྱས་ཡོད་པ་རེད་དེ། ད་ལྟ་བར་དུ་རྩིས་ལེན་མ་ཐུབ་པ་ག་རེ་ཆགས་པ་རེད་ཅེས་རང་བཞིན་གྱིས་དྲི་བ་ཞིག་སླེབས་ཡོང་གི་འདུག”ཅེས་དང། མི་མང་ནང་གཞུང་གིས་མི་ཉམས་ཆུང་ལ་ཁྲིམས་དང་སྒྲིག་གཞི་ལག་ལེན་བསྟར་པ་ལས་མི་རྒྱབ་རྩ་ཡོད་མཁན་ལ་གང་ཡང་བྱེད་ཐུབ་ཀྱི་མེད་པའི་བསམ་ཚུལ་ཡོད་པས། ཤེས་རིག་ལས་ཁུངས་ཀྱིས་སློབ་གྲྭ་དེ་རྩིས་ལེན་ཐུབ་ཀྱི་ཡོད་རེད་དམ་མ་རེད་ཅེས་དྲི་བ་དྲིས་པར།

    ngudupཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་གིས། “ཉེ་ཆར་ངས་ཡིག་ཆ་ཁ་ཤས་བལྟ་རྒྱུ་བྱུང་བས། ཤེས་རིག་ལས་ཁུངས་ནས་དེའི་སྐོར་ལ་གནང་སྒོ་ཆ་ཚང་འདྲ་བོ་ཞིག་དེ་སྔ་ཕན་ཆོད་ནས་གནང་བསྡད་པ་འདྲ་བོ་ཞིག་བྱས་འདུག ཤེས་རིག་ལས་ཁུངས་ནས་དེ་ལས་ལྷག་པ་བྱེད་རྒྱུ་ལྷག་མེད་ཅེས་ཞིབ་ཕྲའི་གནས་ཚུལ་འཁོད་པའི་ཕྱག་བྲིས་ཤིག་ཕྱི་ལོ་༢༠༡༡ ལོར་བཀའ་ཤག་ལ་སྙན་སེང་ཞུས་འདུག་”ཅེས་ལན་འདེབས་གནང་སོང།

    དེ་རྗེས་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་གིས་ “ཤེས་རིག་བཀའ་བློན་གྱིས་གཟིགས་པའི་ཡིག་ཆའི་ནང་ཤེས་རིག་ལས་ཁུངས་ཀྱིས་ཕྱག་ལས་གང་དང་གང་གནང་འདུག།ཡོངས་གླིང་སློབ་གྲྭ་དེ་སྤྱི་རྒྱུ་སྒེར་བདག་གནང་མཁན་གང་ཟག་སྤྱི་འཐུས་དེས་ཤེས་རིག་ལ་རྩིས་སྤྲོད་ཀྱི་ཡོད་མ་རེད་དམ། ཡང་ན་ཤེས་རིག་གིས་རྩིས་ལེན་མ་ཐུབ་པ་རེད། དེ་ལ་ལན་འདེབས་གསལ་པོ་དགོས་ཀྱི་འདུག དེ་བཞིན་ཕྱི་ལོ་༢༠༡༡ ལོར་བཀའ་ཤག་ལ་ཡི་གེ་བཏང་བཞག་པ་དེའི་ནང་ག་རེ་འཁོད་ཡོད་རེད། བཀའ་ཤག་གིས་མར་ལན་ག་རེ་གནང་ཡོད་རེད། ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཐག་གཅོད་གནང་བ་དེ་ལག་ལེན་བསྟར་མ་ཐུབ་པ་དེ་བཀའ་ཤག་གིས་ཤེས་རིག་བཀའ་བློན་ལ་བཀའ་ལན་ག་རེ་གནང་ཡོད་རེད། ལན་གསལ་པོ་ཞིག་གནང་དགོས་ཀྱི་འདུག”ཅེས་དང། “ད་བར་དེའི་སྐོར་རྒྱུན་རིང་པོར་གྲོས་ཚོགས་ནང་གླེང་ཙམ་བྱེད་པ་ལས་དེ་ལ་སུ་གང་གིས་ཐག་གཅོད་གསལ་པོ་དེ་རེད་ཅེས་ལབ་ཐུབ་ཀྱི་མེད་པ་རེད། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཐག་གཅོད་དེ་ལག་ལེན་བསྟར་དགོས་ཀྱི་ཡོད་མེད། ད་བར་སྤྱི་ཚོགས་ནང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཐག་གཅོད་ལ་བརྩི་དགོས་མཁན་གྱིས་བརྩིས་པ་དང། བརྩི་མི་དགོས་མཁན་གྱིས་མི་བརྩི་བའི་ཐོག་ནས་འགྲོ་ཡི་ཡོད་པས། ཤེས་རིག་བཀའ་བློན་གྱིས་ལན་འདེབས་གསལ་པོ་གནང་ནས་སྐད་ཆ་དེ་མ་འོངས་པར་གྲོས་ཚོགས་ནང་སླེབས་མི་དགོས་པ་བཟོས་ན་ཡག་པོ་འདུག་”ཅེས་དྲིས་པར།

    བཀའ་ཤག་ནས་༢༠༡༡ ལོའི་ཟླ་༣ ཚེས་༣ འཁོད་པའི་ཡི་གེ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་དྲུང་གི་མཚན་ཐོག་ཏུ་བཏང་ཡོད་པ་དེ། ཤེས་རིག་བཀའ་བློན་གྱིས་སྒྲོགས་སྦྱོང་གནང་དོན། “༢༠༡༠ ལོའི་ཟླ་༡༡ ཚེས་༢༥ འཁོད་ཁ་མཆུ་ཞུ་སྦྱོར་དེབ་འགོད་ཨང་ ༨ བཅད་ཁྲའི་འབྲི་དོན་བཞིན། གྱོད་ཡ་རྩོད་ལན་པས་༢༠༠༨ ལོའི་ཟླ་༦ ཚེས་༣༠ ནང་ཚུད་ཉམས་ལེན་དགོས་ཞུས་ཟིན་པ་དགོས་རྒྱུར། དེ་ནི་སྤྱི་དམངས་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་དོན་ཚན་༥༡ པའི་ཁ་པའི་ཆ་རྐྱེན་འོག་མཇུག་གནོན་ཕྱག་བསྟར་དང་འབྲེལ་འདི་གར་ལན་གསལ་དགོས་རྒྱུ་ཞེས་དང་། དེ་བཞིན་༢༠༠༨ ལོའི་ཟླ་༥ ཚེས་༡༥ དང་། ༢༠༠༩ ལོའི་ཟླ་༣ ཚེས་༡༣ འཁོད། སྐུལ་འདེད་ཡིག་ཆུང་ལུང་འདྲེན་གྱི་གནས་སྟངས་ཅི་ཆགས་ལན་གསལ་དགོས་རྒྱུ་ཕེབས་དོན་བཞིན། དཔལ་ལྡན་བཀའ་ཤག་ནས་༢༠༡༠ ལོའི་ཟླ་༡༢ ཚེས་༤ ཉིན་འབྲེལ་ཡོད་ཤེས་རིག་ལས་ཁུངས་ལ་ཁ་མཆུ་ཞུ་སྦྱོར་བ་དེབ་འགོད་ཨང་༨ པའི་བཅད་ཁྲའི་འབྲི་དོན་ཐོག་མཇུག་སྐྱོང་ལག་བསྟར་དགོས་པ་དང་། ཅི་ཞུས་ཀྱི་སྙན་སེང་དགོས་པའི་བཀོད་ཁྱབ་སོང་བར། ཤེས་རིག་ལས་ཁུངས་ནས་༢༠༡༡ ལོའི་ཟླ་༢ ཚེས་༡༥ འཁོད། དོན་ཚན་ལྔ་ཅན་གྱིས་སྔ་རྗེས་མཇུག་གནོན་ཞུས་སྐོར་དང་། གསལ་བཤད་བཅས་གནང་བའི་ངོ་བཤུས་དང་། དེ་བཞིན་གྱོད་ཡ་རྩོད་ལན་པས་ ༢༠༠༨ ལོའི་ཟླ་༦ ཚེས་༡༧ འཁོད་ཤེས་རིག་ལས་ཁུངས་སུ་ཕུལ་གནས་བཅས་ཀྱི་ངོ་བཤུས་དེ་མཉམ་གཟིགས་འབུལ་ལགས་ན། གྱོད་ཡ་རྩོད་ལན་པས་བཀོད་ཁྱབ་ལྟར་རྩིས་སྤྲོད་བྱེད་རྒྱུ་མིན་ཞེས་ཚིག་ཐག་བཅད་དེ་བསྐྱར་བརྗོད་ཡང་བརྗོད་བྱས་པར་བརྟེན། འཛིན་སྐྱོང་ནས་མཇུག་གནོན་ཞུ་རྒྱུ་གང་ཡང་ལྷག་མེད་པའི་གནས་བབས་སུ་གྱུར་བས། དེ་བཞིན་ངོས་འཛིན་ཡོང་བར་ཞེས་ཞུ་སྒོ་ཕེབས་འདུག་པ་དགོངས་འཇགས་ཞུ་”ཞེས་འཁོད་ཡོད་པ་རེད།

    དེ་ཡང་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁ་མཆུ་ཨང་༨ པ་མང་ཚོགས་ཀྱི་ཁེ་ཕན་སྐོར་གྱི་ཁ་མཆུ་དེའི་གྱོད་ཡ་ཞུ་སྦྱོར་བ་བཙན་བྱོལ་བོད་མིའི་ཁྲིམས་རྩོད་པ་ཕག་རི་ཤོ་ཟུར་པ་སངས་ཚེ་དབང་དང༌། གྱོད་ཡ་རྩོད་ལན་པ་སྤྱི་འཐུས་ཟླ་བ་ཚེ་རིང་ཡིན་པ་རེད།

    younlang1ཁ་མཆུ་དེ་ཕྱི་ལོ་༢༠༠༡ ཟླ་༡༢ ཚེས་༡ ཉིན་འགོ་འཛུགས་བྱས་པ་དང༌། གནད་དོན་གཙོ་བོ་ནི་ཞུ་སྦྱོར་བས་དྷ་ས་མེག་གྷན་ཡོངས་གླིང་སྔོན་འགྲོའི་སློབ་གྲྭ་དེ་མི་མང་ཐུན་མོང་གི་ཡིན་པ་ལས་ཟླ་བ་ཚེ་རིང་སྒེར་ལ་བདག་པ་ཞིག་མིན་སྟབས་སྤྱི་རྒྱུ་སྒེར་བདག་བྱས་སོང་ཞེས་ཞུ་གཏུག་བྱས་པ་དང༌། གྱོད་ཡ་རྩོད་ལན་པ་ཟླ་བ་ཚེ་རིང་གིས་ཡོངས་གླིང་སློབ་གྲྭ་དེ་སྤྱི་ཚོགས་ཀྱི་དོན་དུ་ལས་གཞི་བཙུགས་པ་ལྟར་ཕྱི་ནང་ཡོངས་ནས་བསྔགས་བརྗོད་འོས་པའི་ཞབས་འདེགས་ཞུ་བཞིན་ཡོད་པ་ལས། དང་པོའི་དམིགས་ཡུལ་ལས་ལྡོག་སྟེ་སྒེར་ཕན་བསྒྲུབས་ཏེ་ལས་འབྲས་མི་འཕེར་བའི་ལས་ཀ་བྱས་བཞག་པ་གང་ཡང་མེད་པའི་གདེང་ཚོད་དང༌། སྤོབས་པ་ཡོད་པ་ལས། ཞུ་སྦྱོར་བས་ཧམ་བཤད་ཀྱིས་སྤྱི་རྒྱུ་སྒེར་དབང་བྱས་པ་རེད་ཅེས་པའི་གནོང་དང༌། འགྱོད་པ་རྩ་བ་ཉིད་ནས་མེད་ཅེས་སྒེར་ལ་བདག་ཚུལ་གྱི་རྩོད་ལན་ཕུལ་ཡོད་པ་རེད།

    གོང་གསལ་གྱི་གྱོད་གཞི་དེར་ཁྲིམས་ཞིབ་ཁང་ནས་གྱོད་ཡ་ཕན་ཚུན་གྱིས་ཕུལ་བའི་དཔང་རྟགས་དང༌། དཔང་པོ། རྩོད་བཤེར་སྐབས་ཀྱི་ཚིག་དོན་གཞིར་བཟུང་གིས་༢༠༡༡ ལོའི་ཕྱི་ཟླ་༩ ཚེས་༢༤ ཉིན་ཐག་གཅོད་བྱས་ཡོད་པ་རེད། བཅད་ཁྲའི་ནང་འཁོད་འབྲུ་དོན་ཉམས་ལེན་ཞུ་དགོས་པ་རྣམས་བཅད་ཁྲ་གཏོང་ཚེས་ནས་བཟུང་ཉིན་གྲངས་༣༠ ནང་ཚུད་ལག་བསྟར་འགོ་འཛུགས་ཟིན་པ་དགོས་རྒྱུ་བཀོད་ཁྱབ་བཏང་ཡོད་པ་རེད།།

    Reply
  2. ཐོས་པ་དགའ། says:
    ལོ་ 10 སྔོན།

    ཡོ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས། ཡོ་རོབ་ནས་ཁྱེད་ལ་འོས་མང་ཤོས་རེད། འོན་ཀྱང་གྲོས་ཚོགས་ནང་གི་སྐད་ཆ་བཤད་སྟངས་དེ་གཏན་ནས་སྣང་བར་འགྲོ་མ་བྱུང་། བོད་ནས་རང་ལུས་མེར་བསྲེག་གཏོང་མཁན་ཚོའི་གནས་ཚུལ་དེ་ལ་ཡོ་རོབ་ཁུལ་ནས་ཁས་ལེན་དང་རྒྱབ་སྐྱོར་མི་འདུག དེས་ན་རང་ལུས་མེར་བསྲེག་མ་གནང་ན་ཡག་པོ་འདུག་གསུངས་བྱུང་། ཚང་མས་གཟིགས་དང་ས་ཁུལ་གཅིག་ནས་མི་བྱེ་བྲག་པ་རེས་ཁས་མ་བླངས་པ་ཡིན་པའི་དབང་དུ་བཏང་ཡང་། སྤྱི་ཡོངས་ལ་སྦྱར་ནས་ཁ་ཚོན་བཅད་ནས་བཤད་པ་དེ་ཕྱོགས་མང་པོར་བསམ་བློ་མ་འཁོར་བའི་སྐྱོན་ཆེན་པོ་འདུག བོད་ནང་གི་བོད་མི་ཚོར་རང་ལུད་མེར་བསྲེག་མ་བཏང་བར་ལམ་ཁ་གཞན་པ་གང་ཡང་མེད་སྟབས། སོ་སོའི་སྲོག་གཏོང་དགོས་ཐུག་པ་རེད། དེ་ལ་བཙན་བྱོལ་ནང་གི་ལས་ཀྱི་སྣེ་མོ་བ་དང་། རྐུབ་སྟེགས་སྟེང་བཞུགས་མཁན་ཚོས་དགོངས་པ་ཡག་པོ་བཞེས་རོགས་གནང་། འོ་ན་ད་བར་སྐུ་ལུས་མེར་བསྲེག་གཏོང་མཁན་དེ་ཚོ་ཁྱོད་ལྟར་ན་འཁྲོ་བླག་ཡིན་པའི་སྐད་ཆ་རེད་དམ། བོད་མི་མང་སྤྱི་འཐུས་ཤིག་གིས་འདི་འདྲའི་སྐད་ཆ་བཤད་པར་བློ་ཕམ་ཧ་ཅང་ཡོད། དེ་ལ་ངོ་རྒོལ་ཡོད།

    Reply
  3. བྱ་གཞུང་དཔལ་རྡོར། says:
    ལོ་ 10 སྔོན།

    ཨིན་ཇི་རྩིས་སྟངས་བྱས་ན་ཧིན་སྒོར་billion ཐེར་འབུམ་2.238832457 དང་ཨ་རིའི་ཌོ་ལར་33 ཙམ་ཡིན་ཞེས་པ་དེ་ཨ་རིའི་ཌོ་ལར་ས་ཡ་༣༣ ཞེས་བཅོས་རོགས། ས་ཡ་ཆད་འདུག

    Reply
  4. བྱ་གཞུང་དཔལ་རྡོར། says:
    ལོ་ 10 སྔོན།

    ཚན་རིག་པ་ཚོར་དམིགས་བསལ་གྱི་གྲངས་གནས་ཡོད་ཀྱང་དེང་སྐབས་ཨ་རིའི་ཌོ་ལར་ཆ་བཞག་ནས་རྩིས་ན་རྒྱལ་སྤྱིའི་ཐོག་གི་དཔལ་འབྱོར་རྩིས་ཚུལ་གྱི་གྲངས་གནས་མཐོ་ཤོས་དེ་ trillion ཡིན། དཔེར་ན་ཨ་རིའི་རྒྱལ་ཡོངས་ཀྱི་ལོ་གཅིག་གི་དཔལ་འབྱོར་གྱི་ཡོང་སྒོ་ཨ་རིའི་ཌོ་ལར་ཕྲག་ཁྲིག་ཆེན་མོ་trillion16 དང་རྒྱ་ནག་trillion10 ཙམ་ཡིན། རྒྱལ་སྤྱིའི་སྟེང་གི་ཚོང་ལས་ཁང་ཆེ་གྲས་ཚོའི་ཁེ་སྤོགས་དེ་ཌོ་ལར་ཐེར་འབུམ་billion ནང་ལ་བརྩི་གི་ཡོད། བོད་སྐད་ནང་དུ་trillion ལ་ཕྲག་ཁྲིག་ཆེན་མོ་ཡིན། གྲངས་གནས་བཅུ་གསུམ་པ་དེ་ཡིན། billion ལ་ཐེར་འབུམ། million ལ་ས་ཡ་བཅས་ཡིན། ཨིན་ཇིའི་རྩིས་སྟངས་ནང་དུ་དུང་ཕྱུར་དང་། བྱེ་བ། ཁྲི་བཅས་རྩི་སྲོལ་མེད། ཕན་ཐོགས་ན་བསམ་ནི་ཡིན། དེ་ཙམ་ཡིན།

    Reply
  5. བྱ་གཞུང་དཔལ་རྡོར། says:
    ལོ་ 10 སྔོན།

    ཧ་ཧ་་ཧ་་་་་་སྔོན་རྩིས་ཚོགས་ཆུང་དང་དུས་བབ་གསར་ཁང་གང་ཡིན་མིན་མ་ཤེས་མོད། གོང་གི་རྩིས་ལོའི་གྲངས་ཀ་རྩིས་སྟངས་ནོར་འདུག་སྙམ། དཔེར་ན་ཕྱི་ལོ་༢༠༡༦ ནས་༢༠༡༧ བར་སྔོན་རྩིས་ཧིན་སྒོར་༢༢༣༨༨༣༢༤༥༧ ཐེར་ཆེན་གཉིས་དང་ཐེར་འབུམ་གཉིས་དུང་ཕྱུར་གསུམ་ཟེར་ནས་བྲིས་འདུག་མོད་གོང་གསལ་གྲངས་ཀའི་ནང་དུ་ཐེར་ཆེན་རྩ་བ་ནས་མེད། གོང་གི་གྲངས་ཀ་དེ་བོད་རྩིས་ནང་ཐེར་འབུམ་གཉིས་དུང་ཕྱུག་གཉིས་བྱེ་བ་གསུམ་ས་ཡ་བརྒྱད་འབུམ་བརྒྱད་ཁྲི་གསུམ་ཉིས་སྟོང་བཞི་བརྒྱ་ལྔ་བཅུ་ང་གཉིས་རེད། གོང་གི་གྲངས་ཀ་ལ་གྲངས་གནས་བཅུ་མ་གཏོགས་མེད། གྲངས་གནས་བཅུ་པ་ཐེར་འབུམ། གྲངས་གནས་དགུ་པ་དུང་ཕྱུར། གྲངས་གནས་བརྒྱད་པ་བྱེ་བ། གྲངས་གནས་བདུན་པ་ས་ཡ་བཅས་ཡིན། དེས་ན་ཐེར་ཆེན་གྱི་གྲངས་གནས་བཅུ་གཅིག་ཡིན་པས་གོང་གི་གྲངས་ཀ་ལ་གྲངས་གནས་བཅུ་གཅིག་མེད། ཨིན་ཇི་རྩིས་སྟངས་བྱས་ན་ཧིན་སྒོར་billion ཐེར་འབུམ་2.238832457 དང་ཨ་རིའི་ཌོ་ལར་33 ཙམ་ཡིན། དེ་གཅིག་ནོར་འདུག དེ་ནས་ཕྱི་ལོ་ ༢༠༡༥ ནས་ ༢༠༡༦ ལོའི་བར་ཧིན་སྒོར་ ༢༠༡༨༠༣༠༠༠༠༠ ཡིན་སྟབས་ཞེས་པའི་གྲངས་ཀ་དེ་ཐེར་འབུམ་billion 20.180300000 ཟིན་གི་ཡོད། དེ་ལྟར་ན་ཕྱི་ལོ་༢༠༡༦་ནས་༢༠༡༧སྔོན་རྩིས་ཧིན་སྒོར་གྱི་ལྡབ་༡༠ ལྷག་ཡིན་པས་ཨ་རིའི་ཌོ་ལར་ས་ཡ་༣༣༥ ལྷག་ཡིན། བོད་མིའི་སྒྲིག་འཛུགས་ཀྱི་ལོ་གཅིག་སྔོན་རྩིས་མཐོ་ཤོས་ལའང་ཌོ་ལར་ས་ཡ་33 ཙམ་ཡིན། གྲངས་ཀ་དེ་ཚོ་སྔོན་རྩིས་ཚོགས་ཆུང་ནས་ནོར་བ་ཡིན་ནམ་དུས་བབ་ཚང་གི་ནོར་བ་རེད་དམ། འདི་ཚོར་གཟབ་གཟབ་བྱེད་དགོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese