མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་འཛིན་གསར་རྙིང་གཉིས་ཐུག་འཕྲད།

བོད་ཀྱི་དུས་བབ།
༢༠༡༦/༠༣/༣༠
Share on FacebookShare on TwitterShare on EmailShare on Whatsapp

ཐའེ་ཝན་གོ་མན་ཏང་དང་དམངས་གཙོ་ཡར་ཐོན་ཚོགས་པའི་ཚོགས་གཙོ་གཉིས་ཐུག་འཕྲད་ཀྱིས་ཐའེ་ཝན་སྲིད་གཞུང་རྩིས་སྤྲོད་དང་གསར་འཛུགས་འཛིན་སྐྱོང་གནང་ཕྱོགས་ཐད་གྲོས་མོལ་བྱས་ཡོད་འདུག

25871080

ཨེ་ཕེ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་ཐའེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པའི་ཚོགས་གཙོ་དང་ཉེ་ལམ་གསར་དུ་བདམས་ཐོན་བྱུང་བའི་ཐའེ་ཝན་གྱི་སྲིད་འཛིན་གསར་པ་ལྕམ་ཚའེ་ཡེན་ཝན་དང་། ཐའེ་ཝན་གོ་མན་ཏང་ཚོགས་པའི་ཚོགས་གཙོ་དང་ད་ལྟའི་སྲིད་འཛིན་ལས་ཐོག་སྐུ་ཞབས་མཱ་ཡེན་ཇོ་གཉིས་ཐུག་འཕྲད་གནང་ཡོད་པ་དང་། ཐེངས་འདིར་ཁོང་གཉིས་ཀྱིས་ཕྱི་ཟླ་ ༥ ཚེས་ ༢༠ ཉིན་ཐའེ་ཝན་གོ་མན་ཏང་སྲིད་གཞུང་དེ་བཞིན་ཐའེ་ཝན་གྱི་དམངས་གཙོའི་ས་ཚིགས་སུ་འབོད་པའི་ཐའེ་ཝན་དམངས་གཙོ་ཡར་ཡོན་ཚོགས་པར་རྩིས་སྤྲོད་དང་འཛིན་སྐྱོང་གནང་ཕྱོགས། ཐའེ་ཝན་མཚོ་འགག་གི་དཔལ་འབྱོར་འདུ་འགོད་དང་གསལ་ཁ་མེད་པའི་ཐའེ་རྒྱ་གཉིས་ཀྱི་འབྲེལ་ལམ་བཅས་ཀྱི་ཐད་གྲོས་མོལ་བྱས་ཡོད་འདུག

ཐུག་འཕྲད་སྐབས་སུ་སྐུ་ཞབས་མཱ་ལགས་ཀྱིས། ཚོགས་གཙོ་ལྕམ་ཚའེ་ཡེན་ཝན་ནི་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ཚུགས་པའི་ཚུན་གྱི་བུད་མེད་སྲིད་འཛིན་ཐོག་མ་དེ་ཆགས་ཀྱི་ཡོད་སྐོར་དང་། ཐའེ་ཝན་མཚོ་འགག་དེང་སྐབས་ཕྱི་ནང་གཉིས་ཀྱི་འཐབ་རྩོད་མང་པོ་ཞིག་གི་དཀའ་རྙོག་ལ་འཕྲད་ཀྱི་ཡོད་སྐོར། འདས་པའི་མི་ལོ་ ༨ རིང་ལ་ཐའེ་ཝན་རྒྱ་ཆེའི་མི་མང་གིས་ཁོ་ལ་ཐའེ་ཝན་མཚོ་འགག་གི་ཞི་བདེ་བརྟན་ལྷིང་དང་རང་དབང་དྲང་བདེན། རྒྱལ་སྤྱིའི་སྤྱི་ཚོགས་ཁོར་ཡུག་དང་མཛའ་འབྲེལ་དང་འཆམ་མཐུན་བཅས་ཀྱི་ལས་དོན་སྒྲུབ་པའི་གོ་སྐབས་སྤྲད་པར་ཁོ་རང་གིས་སྙིང་ཐག་པ་ནས་ཐུག་རྗེ་ཆེ་ཞུ་རྒྱུ་ཡིན་སྐོར་སོགས་བརྗོད་ཅིང་། ལྕམ་ཚའེ་ལགས་ཀྱིས། སྐུ་ཞབས་མཱ་ལགས་ཀྱིས་ད་ལྟའི་བར་ཐའེ་ཝན་མཚོ་འགག་གི་སྲིད་འཛིན་ལས་དོན་བསྒྲུབས་པ་དང་། མི་འགྱང་པར་ཁོས་ཐའེ་ཝན་སྲིད་གཞུང་ཐའེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པར་རྩིས་སྤྲོད་གནང་ཕྱོགས་ཀྱི་གྲོས་མོལ་དང་ལེན་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། དེ་སྔོན་སྲིད་འཛིན་འོས་བསྡུའི་སྐབས་སུ་ཤོག་ཁག་ཕན་ཚུན་བར་འགྲན་རྩོད་དང་སྐྱོན་བརྗོད་བྱས་མིན་ལ་མ་ལྟོས་པར། ཐའེ་ཝན་རྒྱ་ཆེའི་མི་མང་གི་རེ་འདུན་ལྟར། ཐའེ་ཝན་གོ་མན་ཏང་དང་དམངས་གཙོ་ཡར་ཐོན་ཚོགས་པ་གཉིས་ཞི་མཐུན་གྱི་སྒོ་ནས་ཐའེ་ཝན་སྲིད་གཞུང་རྩིས་སྤྲོད་དང་གསར་འཛུགས་འཛིན་སྐྱོང་ཐུབ་པར་ཡིད་ཆེས་གནང་གི་ཡོད་སྐོར་བརྗོད་འདུག

རྒྱ་ནག་ཐའེ་ཝན་ལས་དོན་ཁང་གི་མགྲིན་ཚབ་པ་ཨན་ཧྥིང་ཧྲན་ (An Fengshan) ཟེར་བ་ཞིག་གིས། ལྕམ་ཚའེ་ཡེན་ཝན་གྱིས་མི་མང་རྒྱ་ཆ་ ༩༢ གྱིས་མང་མོས་ཐོབ་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་འཛིན་ལ་ངོས་ལེན་མ་གནང་བ་ཡིན་ན་ཐའེ་རྒྱ་གཉིས་ཀྱི་འབྲེལ་ལམ་སྡུག་ཏུ་འགྲོ་སྲིད་ལུགས་བཤད་འདུག

གནས་ཚུལ་ལྟར་ན། པེ་ཅིན་གཞུང་གིས་ཕྱི་ཟླ་ ༥ ཚེས་ ༢༠ ཉིན་ལྕམ་ཚའེ་ཡེན་ཝན་གྱིས་ཐའེ་ཝན་དམངས་གཙོའི་སྲིད་གཞུང་གསར་བ་འཛིན་སྐྱོང་མ་གནང་སྔོན་ལ། ཐའེ་ཝན་མཚོ་འགག་དེ་བཞིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཁ་འབྲེལ་ཐབས་མེད་པ་ངོས་ལེན་དགོས་ལུགས་བཤད་ཀྱི་ཡོད་ནའང་ལྕམ་ཚའེ་ཡེན་ཝན་གྱིས་ཐའེ་ཝན་མཚོ་འགག་དཔལ་འབྱོར་ཡར་རྒྱས་དང་སྤྱི་ཚོགས་བདེ་འཇགས་སྐོར་གཙོ་བོར་རྗོད་ཀྱི་ཡོད་པ་ལས་ཐའེ་རྒྱ་གཉིས་ཀྱི་འབྲེལ་ལམ་ཐད་གླེང་སློང་བྱེད་ཀྱི་མེད་པ་རེད།

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠
tibetan film four river and six ranges is releasing all over India
Mobile App

ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་སྟོན་གྲབས་འདུག

༢༠༢༦/༠༧/༣༠
In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

༢༠༢༦/༠༧/༢༨
tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
Front Slider

གཞོན་ནུ་ལྷན་ཚོགས་ཀྱིས་ནེའུ་ཡོག་ཏུ་ལས་ཁུངས་བཙུགས་ཏེ་རྒྱ་ནག་གི་འགྲེལ་ལོག་ལ་གདོང་ལེན་གནང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese