ད་ལོར་གནམ་གཤིས་འགྱུར་ལྡོག་གི་རྐྱེན་པས་གཙང་བོར་ཚ་དྲོད་རྒྱས་ཏེ་ཆུ་ལོག་འབྱུང་སྲིད་པ་དང་འབྲི་ཆུའི་བརྒྱུད་ཀྱི་རྒྱ་ཆེའི་མི་མང་གི་འཚོ་རྟེན་དང་ཚེ་སྲོག་ལ་ཉེན་ཁ་ཆེན་པོ་ཆགས་ཡོད་འདུག
དེ་རིང་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཞིན་ཧྭ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ད་ལོའི་ཕྱི་ཟླ་ ༥ ནས་ ༨ བར་གཙང་བོར་ཚ་དྲོད་རྒྱས་ཏེ་རྒྱུན་ལྡན་གྱི་གཙང་ཆུའི་ཁྱབ་རྒྱ་ལས་བརྒྱ་ཆ་ ༨༠ འཕར་སྲིད་པ་དང་། ད་ལྟ་ནས་འབྲི་ཆུའི་ཆུ་ལག་ཁག་ལས་ཆུ་ལོག་བྱུང་སྟེ་འབྲི་ཆུའི་བརྒྱུད་ཀྱི་མི་མང་གི་འཚོ་གནས་དང་ཚེ་སྲོག་ལ་གོད་ཆག་བྱུང་དང་འབྱུང་མུས་ཡིན་སྟབས། འབྲི་ཆུའི་བརྒྱུད་ཀྱི་གྲོང་དང་གྲོང་ཁྱེར་ཁག་གིས་ཆུ་ལོག་གི་འཇིག་ཉེན་ལ་སྔ་ས་ནས་གྲ་སྒྲིག་དགོས་ལུགས་བཤད་འདུག
གནས་ཚུལ་ལྟར་ན། འདས་པའི་དུས་རབས་ཁ་ཤས་རིང་རྒྱ་ནག་ནང་ཆུ་ལོག་དང་ས་ཡོམ་སོགས་རང་བྱུང་གོད་ཆག་གི་གནོད་འཚེའི་ཁྲོད་དུ་ཡུལ་མི་ས་ཡ་མང་པོའི་ཚེ་ཤོར་ཡོད་པ་དང་། གོད་ཆག་ཐེབས་ཡུལ་གཙོ་བོ་ཡུལ་མཐའ་འཁོབ་ཁག་དང་ལྷག་པར་དུ་ཨར་ལས་འཛུགས་སྐྲུན་མི་ལག་པའི་གྲོང་ཁུལ་ཁག་ཡིན་ཞིང་། ཕྱི་ལོ་ ༡༩༩༨ ལོར་འབྲི་ཆུའི་ཆུ་ལག་ཁག་གི་ཆུ་མཛོད་ཤོར་ཏེ་ཡུལ་མི་སྟོང་ཕྲག་ ༤ ལྷག་གི་ཚེ་སྲོག་ཤོར་ཡོད་པ་དང་། ཕྱི་ལོ་ ༢༠༡༢ ལོར་རྒྱ་གཞུང་གིས་འབྲི་ཆུའི་འགག་གསུམ་ (Three Gorges Dam) ཟེར་བ་འཛུགས་སྐྲུན་བྱས་ཡོད་པ་དང་། གཙང་འགག་དེ་གར་འབྲི་ཆུའི་ཆུ་ལག་ཁག་ནས་ཆུ་གློག་མཁོ་འདོན་བྱེད་སའི་ཆུ་མཛོད་གཞི་རྒྱ་ཆེན་པོ་བཀག་བསྐྱིལ་བྱས་ཡོད་པ་དང་། ཆུ་མཛོད་འཛུགས་སྐྲུན་གྱི་གནས་སྟངས་ཧ་ཅང་སྐྱོ་བོ་ཡོད་འདུག མ་ཟད་རང་བྱུང་ཁོར་ཡུག་ཆེད་མཁས་པ་ཚོས། འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་གི་རྐྱེན་པས་འགྲོ་བ་མིའི་འཚོ་རྟེན་ (ལོ་ཏོག་རིགས) ལ་གོད་ཆག་ཆེན་འབྱུང་རྒྱུ་ཡིན་པ་དང་། གོད་ཆག་འབྱུང་ཡུལ་གཙོ་བོ་ཁག་གི་གྲས་སུ་རྒྱ་ནག་དང་རྒྱ་གར། ཨ་རི་སོགས་གཙོ་བོར་བགྲང་འདུག
གསར་འགོད་པ། པདྨ་རྒྱལ།