མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆ་འཕྲིན་དུས་རབས་ཀྱི་བོད་སྐྱེད་སྲིང་།

བོད་ཀྱི་དུས་བབ།
༢༠༡༦/༠༤/༡༧
Share on FacebookShare on TwitterShare on EmailShare on Whatsapp

china_tibet_lhadon_cybersecurity_xx1__641x427བཀྲས་མཐོང་ལྷ་སྒྲོན་ལགས་ནི་བོད་དོན་འཐབ་རྩོད་ལས་འགུལ་སྣེ་ཁྲིད་པ་གཙོ་གྲས་ཤིག་རེད། ཁོ་མོས་ ༡༩༩༨ ལོའི་བོད་ཀྱི་རང་དབང་རོལ་དབྱངས་འདུ་ཚོགས་ཐོག་ཏུ་གནང་བའི་གཏམ་བཤད་དེས་བོད་དོན་རྒྱབ་སྐྱོར་བའི་མི་རབས་གསར་བར་སེམས་འགུལ་ཐེབས་སུ་བཅུག་རྗེས། ཐོག་མར་བོད་དོན་གྱི་མགྲིན་ཚབ་པ་ཞིག་ཆགས་པ་རེད། ལྷ་སྒྲོན་ལགས་ཀྱིས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་གྱི་འགན་ཁུར་ཏེ། ༢༠༠༨ ལོའི་ཨོ་ལིམ་ཕིག་རྩེད་འགྲན་གྱི་སྔོན་དང་། རྩེད་འགྲན་སྐབས་སུ་རྒྱ་ནག་གིས་བོད་ས་དབང་བསྒྱུར་བྱས་པར་ངོ་རྒོལ་གྱི་ལས་འགུལ་ཚད་མཐོན་པོ་སྤེལ་ཡོད།

༢༠༡༡ ལོར་རྒྱལ་སྤྱིའི་ཞི་བའི་འདུམ་འགྲིག་ལྟེ་གནས་ཁང་གིས་ཁོ་མོར་རྗམ་སི་ལོ་སོན་འཚེ་མེད་ཞི་བའི་གྲུབ་འབྲས་ཀྱི་ལོ་འཁོར་གཟེངས་རྟགས་དང་པོ་གནང་ཡོད། ཁོ་མོ་ནི་ཁ་ན་ཌར་སྐྱེས་བའི་བོད་པ་ཞིག་རེད་ལ། ཉེ་བའི་དུས་སུ། བོད་དོན་དང་འབྲེལ་བའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་གི་སྟོབས་ཤུགས་ཇེ་ཆེར་གཏོང་ཆེད་བརྡ་འཕྲིན་གྱི་མ་ལག་ལ་བསྟེན་ནས་ཐབས་བྱུས་ལྡན་པའི་འཚེ་མེད་ཞི་བའི་ལས་འགུལ་སྤེལ་ཆེད་བོད་དོན་ལས་འགུལ་བསྟི་གནས་ཁང་གསར་འཛུགས་གནང་། བཅར་འདྲི་འདིའི་ནང་དུ་རྭིག་རྣམ་ཁང་དབང་དང་མཉམ་དུ་ཁོ་མོའི་ཕྱག་ལས་དང་། རྒྱ་ནག་གི་དྲ་ལམ་ཞིབ་བཤེར། བོད་ནང་གི་དྲ་ལམ་རང་དབང་བཅས་ཀྱི་སྐོར་གླེང་ཡོད།

དྲི་བ། ཉེ་ཆར་རང་དབང་ཁང་པས་བཏོན་པའི་ ༢༠༡༥ ལོའི་དྲ་ལམ་རང་དབང་གཞིར་བཞག་ན། རྒྱ་ནག་ནི་ལོ་འདིའི་དྲ་ལམ་རང་དབང་རྩིས་མེད་རྡོག་རོལ་གཏོང་མཁན་སྡུག་ཤོས་ཡིན་པ་བཀོད་འདུག བོད་ཀྱི་གནས་བབ་ཇི་འདྲ་རེད།  

ལན། བོད་ནང་གི་དྲ་ལམ་རང་དབང་གི་ཐད་ནས། ང་ཚོས་དེ་ནི་སྐྱོ་ཤོས་ནང་གི་སྐྱོ་ཤོས་ལ་ངོས་འཛིན་བྱ་དགོས། རྒྱ་མི་ཞིག་གིས་བསམ་ཚུལ་བརྗོད་པའི་ནུས་པ་དེ་བོད་མི་ཞིག་ལ་བསྡུར་བ་ཡིན་ན། ནམ་རྒྱུན་བོད་མི་རྣམས་ཀྱིས་བློས་གཏོང་བྱེད་དགོས་པ་དང། བོད་མིའི་ཐོག་ལ་ཞིབ་བཤེར་བྱེད་པའི་ཚད་དེ་མཐོན་པོ་རེད། རྒྱ་གཞུང་གིས་བོད་མི་རྣམས་ཀྱིས་གཞུང་གི་དབང་ཐང་ལ་ཁ་གཏོད་གཅོག་མི་ཡོང་ངམ་སྙམ་པའི་དོགས་པ་ཆེན་པོ་བྱེད་ཀྱི་ཡོད་པ་རེད།

དྲི་བ། ཞིབ་བཤེར་གྱི་སྤྱིའི་གནས་བབ་གང་འདྲ་འདུག  

ལན། བོད་ནང་གི་བོད་མི་ཚོས་ཞིབ་བཤེར་གྱི་སྐོར་ཤེས་ཀྱི་འདུག དྲ་ལམ་དང་དེ་མིན་གཞན་ཅི་ཡིན་ཡང་། རྒྱ་ནག་གིས་བོད་རང་སྐྱོང་ལྗོངས་ཞེས་འབོད་པའི་དབུས་གཙང་ཁུལ་ཏུ། བོད་མི་ཚོ་ནི་བློ་ངོར་མི་ཤོང་བའི་ཚད་བཀག་ཅན་དང་ཁྱབ་ཆེ་བའི་ཞིབ་བཤེར་གྱི་འོག་ཏུ་གནས་ཡོད། བོད་རང་སྐྱོང་ལྗོངས་ཕྱི་རོལ་གྱི་རྒྱ་ནག་གི་ཞིང་ཆེན་མཚོ་སྔོན་དང་། སི་ཁྲོན། ཡུན་ནན་དང་ཀན་སུ་བཅས་བོད་ཀྱི་ལོ་རྒྱུས་ཐོག་གི་ས་ཁུལ་མང་ཆེ་བར་ཉེ་བའི་ལོ་ཤས་ཀྱི་རིང་ལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་སོང་། ཁྱེད་ཀྱིས་དྲ་ལམ་དུ་མཆན་ཞིག་བཏབ་པ་ཙམ་གྱིས་འཇུ་ཡི་ཡོད་པ་ཙམ་མ་རེད། མི་མང་རྣམས་ལམ་མདོ་ནས་འགོག་གི་རེད་ལ། ལྷ་སར་བོད་མི་རྣམས་ཀྱི་ལག་ནས་ཁ་པར་འཕྲོག་ནས་ནང་དོན་སྔོག་གི་རེད། ཉིས་སྟོང་བརྒྱད་ལོའི་རྗེས་ཏེ། བོད་ཀྱི་མཐོ་སྒང་ཡོངས་རྫོགས་ཡར་ལངས་ཀྱིས་དཀྲོགས་སྐབས། རྒྱ་གཞུང་གིས་ཡར་ལངས་རྒྱབ་ཀྱི་ཇུས་འཐེན་པ་རེད་སྙམ་པའི་མི་རྣམས་ལུས་བཤེར་དང་། དྲ་ལམ་ནས་སྟངས་འཛིན་སོགས་རྩ་བ་བསྔོག་པའི་ལས་འགུལ་རྒྱ་ཆེ་རུ་བཏང་བ་རེད། ཁོང་ཚོས་དེ་ནི་བོད་མི་ཚོས་རྒྱའི་དབང་བསྒྱུར་འོག་གི་ལྟ་རྟོག་བྱེད་སྟངས་ལ་ཁོང་ཁྲོ་དང་སུན་སྣང་སྐྱེས་བ་ཕྱི་རུ་བཏོན་པའི་རྣམ་འགྱུར་ངོ་མ་དང་། དེ་ཡང་རང་འགུལ་གྱིས་བྱུང་བ་ཞིག་ཡིན་པ་ཁས་ལེན་བྱེད་ཐུབ་ཀྱི་ཡོད་པ་མ་རེད།

དྲི་བ། དྲ་ལམ་གྱི་གནས་ཚུལ་རྣམས་གཙང་ཕྱག་དང་། བཀག་འགོག ཚགས་རྒྱག་པ་བཅས་ཀྱིས་བོད་ཕྱི་ནང་གི་དྲ་བའི་རང་དབང་ལ་ཤུགས་རྐྱེན་ཇི་འདྲ་ཐེབས་ཀྱི་འདུག  

ལན། མཐུན་རྐྱེན་ཚད་མེད་འཛོམས་པའི་རྒྱ་ནག་གཞུང་ལྟ་བུར་མཚོན་ན། དྲ་ཚིགས་དང་དྲ་བའི་ནང་དོན་རྣམས་མེད་པ་བཟོ་རྒྱུ་ནི་ཧ་ཅང་ལས་སླ་བོ་ཞིག་རེད། དྲ་མཆན་ནམ་དྲ་ཚིགས་གང་ཡིན་ཡང་། ཉིན་གཅིག་ཡོད་ན། ཉིན་གཉིས་པ་དང་། སྐར་མ་གཉིས་པར་གར་སོང་ཆ་མེད་རེད།   ཐོམ་སི་ཁེ་ཕི་(Tom-Skype)་ནི་བོད་དང་རྒྱ་ནག་ཏུ་བེད་སྤྱོད་གཏོང་བཞིན་བའི་སི་ཁེ་ཕི་ཡི་ངོ་བོ་དམིགས་བསལ་བ་ཞིག་རེད། ང་ཚོས་གསལ་བོར་ཤེས་པ་ཞིག་ལ། གནད་ཚིག་ངེས་ཅན་ཁག་ཅིག་ཚགས་རྒྱག་གི་འདུག ཁྱེད་ཀྱིས་བསྐུར་བའི་འཕྲིན་ཐུང་དེ་ཕ་རོལ་པོར་སླེབས་མི་ཐུབ་པར། ལམ་བར་ནས་ཐོམ་སི་ཁེ་ཕི་བཟོ་ཚོང་ཁང་རང་གིས་བཀག་འགོག་དང་ཞིབ་བཤེར་བྱེད་ཀྱི་ཡོད།   ཕལ་ཆེར་བོད་མི་ཡོད་དོ་ཅོག་གིས་སྐད་འཕྲིན་བེད་སྤྱོད་གཏོང་གི་འདུག གནས་སྟངས་ཛ་དྲག་ཡིན་པའི་སྐབས་སུ་སྐད་འཕྲིན་སྟེང་དུ་གནས་ཚུལ་སྣ་ཚོགས་བཀོད་པའི་རྐྱེན་གྱིས་མི་མང་འཛིན་བཟུང་བྱེད་ཀྱི་ཡོད་པ་ཤེས་ཀྱི་ཡོད། བོད་ཤར་ཕྱོགས་མཚོ་སྔོན་གྱི་བོད་མི་ཞིག་གིས་༧གོང་ས་མཆོག་གི་གྱ་སྟོན་དང་འབྲེལ་བའི་གནས་ཚུལ་སྤེལ་སྟབས། ཁོང་འཇུ་བཟུང་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་བ་རེད། ཁོང་ད་ལྟ་གང་དུ་ཡོད་མིན་གྱི་གནས་ཚུལ་སུ་གང་གིས་ཤེས་ཀྱི་ཡོད་པ་མ་རེད། ཐ་ན། ཆབ་སྲིད་དང་འབྲེལ་བའི་གནད་དོན་མི་སྤེལ་མཁན་རྣམས་ཀྱང་གཞུང་གི་སྟངས་འཛིན་འོག་བཅུག་ཡོད་ལ། ཁོང་ཚོའི་འབྲེལ་ལམ་གྱི་བརྒྱུད་ལམ་ཧ་གོ་ཡི་ཡོད་པ་རེད། བོད་མི་ཡོངས་རྫོགས་ཀྱིས་སྐད་འཕྲིན་ལྟ་བུའི་འབྲེལ་མཐུད་དྲ་ལམ་གཅིག་རང་གཅིག་བེད་སྤྱོད་བཏང་ན། རྒྱ་གཞུང་གིས་ཞིབ་བཤེར་གཅིག་བསྡུས་དང་བརྒྱུད་ལམ་སྟངས་འཛིན་བྱེད་རྒྱུ་ཧ་ཅང་ལས་སླ་བོ་ཆགས་ཀྱི་ཡོད་པ་མ་རེད།

དྲི་བ། མི་ཁ་ཤས་ཀྱིས་བཤད་རྒྱུར། བོད་མི་ཚོས་ཞེད་སྣང་བྱེད་རྒྱུ་མི་འདུག མི་ཚང་མས་སོ་སོས་རང་ཐག་རང་གཅོད་ཀྱིས་གནད་དོན་རྣམས་དྲ་ཐོག་ཏུ་འགོད་དགོས་ཀྱི་འདུག ཨ་མདོ་དཔེ་མཚོན་ཏུ་བཞག་ན། ཁོང་ཚོས་གནས་ཚུལ་འདྲ་མིན་བཀོད་པས་རྒྱ་གཞུང་གིས་ཀྱང་གནས་ཚུལ་གང་འཚམ་ཞིག་འགོད་འཇུག་གི་འདུག གང་ཡིན་ཞེ་ན། ཁོང་ཚོས་མི་ཐམས་ཅད་བཙོན་ཏུ་འཇུག་ཐུབ་ཀྱི་མ་རེད།

ལན། བོད་མི་ཚོས་རང་གི་མངོན་འདོད་བཤད་དགོས་ཀྱི་འདུག་ལ། ཁོང་ཚོས་དེ་ག་རང་སྒྲུབ་ཀྱི་འདུག སྐད་ཆ་ཁ་རུ་ཁ་ཐུག་བཤད་མཁན་ཚོས་དཔེ་མཚོན་གྱི་ལམ་ནས་སྐད་ཆ་བཤད་མཁན་དག་ལས་ལྷག་པའི་ཉེན་ཁར་གདོང་ལེན་བྱེད་ཀྱི་འདུག མི་གཞན་མང་པོ་ཞིག་གིས་སྨྲ་སྒོ་བཙུམས་ནས་བསྡད་ཡོད་པ་རེད། ང་ཨ་རི་ལྟ་བུའི་རང་དབང་དང་བདེ་སྐྱིད་ཀྱི་སར་བསྡད་དེ། བོད་ནང་གི་བོད་མི་ཚོས་འདི་བྱ་དགོས་པ་དང་དེ་བྱ་མི་ཉན་པའི་སྐད་ཆ་བཤད་ཐུབ་ཀྱི་མི་འདུག ཕྱི་སྡོད་བོད་མི་ཚོས་ཅི་ཞིག་ལེགས་ཤོས་ཡིན་མིན་གྱི་ཚོད་དཔག་མི་བྱེད་པར། བོད་ནང་གི་བོད་མི་ཚོས་ཅི་ཞིག་བཤད་ཀྱི་ཡོད་མེད་དང་། ཅི་ཞིག་སྒྲུབ་གྱི་ཡོད་མེད་ལ་ཉན་ནས་རྒྱབ་སྐྱོར་བྱེད་དགོས།

དྲི་བ། ང་ཚོས་ཇི་ལྟར་རང་བཤེར་མ་བྱས་པར་གནད་འགག་བརྩད་གཅོད་ཅི་འདྲ་བྱེད་དགོས།

ལན། ངས་བལྟས་ན། སྐད་འཕྲིན་བེད་སྤྱོད་ཀྱི་གནད་དོན་ཐོག་ནས། གཙོ་བོ་བརྒྱུད་ལམ་འདིས་བྱ་བ་ཇི་ལྟར་སྒྲུབ་ཀྱི་ཡོད་མེད་དང་། དེ་བེད་སྤྱོད་བྱས་ན་འགོག་རྐྱེན་དང་ཉེན་ཁ་ཅི་ཞིག་ཡོད་མེད་རྟོགས་རྒྱུ་དེ་རེད། ས་གནས་ས་ཐོག་གི་གནས་ཚུལ་ཡོང་ཁུངས་དང་བོད་ཀྱི་སྤྱི་ཚོགས་སྲུང་སྐྱོབ་ཀྱི་ཆེད་དུ། བོད་མི་ཚོས་སྤྱང་པོ་དང་བདེ་འཇགས་ཀྱི་སྒང་ནས་བྱ་བ་སྒྲུབ་དགོས།

དྲི་བ། ཁྱེད་ཀྱི་ཉམས་མྱོང་ཐོག་ནས་བཤད་ན། རྒྱ་ནག་གཞུང་གིས་བེད་སྤྱོད་གཏོང་བཞིན་པའི་ཞིབ་བཤེར་གྱི་མ་ལག་རྣམས་ཀྱི་རྒྱ་ཆེ་ཆུང་དང་གནས་ཚད་གང་འདྲ་རེད།

ལན། ཁོང་ཚོས་དྲ་ཐོག་སུམ་འཛུལ་གྱི་བྱ་བ་མང་པོ་ཞིག་དང་། བོད་མི་ཚོའི་དྲ་ལམ་ལ་སིམ་འཛུལ་བྱེད་སྟངས་ནི་ཚད་མཐོན་པོ་དེ་འདྲ་མ་རེད། བོད་མི་ཚོས་རྗེས་འདེད་གཏོང་མཁན་གྱི་རྒྱ་ནག་གི་དྲ་ལམ་སིམ་འཛུལ་བ་ཚོ་ནི་རང་ག་བ་ཞིག་རེད། མཚམས་རེར་བོད་མི་ཚོས་མཉེན་ཆས་གསར་སྣོན་བྱེད་ཀྱི་མེད་སྟབས། གསར་སྣོན་མ་བྱས་པའི་མཉེན་ཆས་ཤིག་བེད་སྤྱོད་བྱེད་ཀྱི་ཡོད་པ་རེད། གལ་ཏེ། ཁོང་ཚོས་གསར་སྣོན་མ་བྱས་པའི་མཉེན་ཆས་ཤིག་བེད་སྤྱོད་བྱེད་ཀྱི་ཡོད་ཚེ། དྲ་ལམ་གང་སར་བཏང་བའི་དྲ་འབུ་ཚོས་སིམ་འཛུལ་བྱེད་རྒྱུ་ལས་སླ་བ་ཡོད།   ང་ཚོས་རྒྱ་ནག་གི་དྲ་ལམ་སིམ་འཛུལ་བ་ཚོ་ནི་གནས་ཚད་མཐོན་པོ་ཡིན་སྙམ་གྱི་ཡོད་ཀྱང་། ཐ་ན། ཨ་རིའི་གཞུང་གི་ཆེས་མཐོའི་གནས་རིམ་ཏུ་སིམ་འཛུལ་བྱེད་སྐབས་སུའང་གཞུང་ཞབས་ཁག་ཅིག་ལ་ཁོང་ཚོའི་ཨ་མ་ཡིན་མདོག་གིས་འཕྲིན་ཐུང་གཏོང་གི་ཡོད། ཁོང་ཚོ་མགོ་སྐོར་ཐེབས་ཏེ་འཕྲིན་ཐུང་དེའི་ཁ་ཕྱེས་ཚེ་རྒྱ་མི་ཚོ་རང་གི་དྲ་ལམ་དུ་ཡོང་འཇུག་གི་ཡོད། འདི་ནི་མིས་བཟོས་བའི་ནོར་འཁྲུལ་ཞིག་ཡིན་སྟབས། གཞི་རྩའི་སློབ་སྦྱོང་དང་གོ་རྟོགས་ལ་བརྟེན་ནས་ནོར་འཁྲུལ་སེལ་ཐུབ་ཀྱི་ཡོད། ང་ཚོར་སོ་སོ་སྟངས་འཛིན་བྱེད་པའི་ནུས་པ་ནི་ང་ཚོས་བསམ་པ་ལས་ལྷག་ཅིག་ཡོད་སྟབས། དེ་ནི་དོན་དག་ལེགས་པོ་ཞིག་རེད།   ངས་བལྟས་ན། གནས་སྟངས་འདིར་ཀུན་འདུས་ཀྱི་ཐབས་ལམ་ཞིག་དགོས་ཀྱི་འདུག མི་དམངས་ལ་ཞེད་སྣང་སློང་བའམ་སྐྱེད་སྲིང་མ་བྱས་ན་ཐོབ་རྒྱུ་ཅི་ཡང་མེད། བོད་མི་ཚོ་ལས་སླ་བོར་ཞེད་སྣང་སྐྱེ་ཡི་མེད་པ་ནི་ཡག་པོ་དང་། དེ་ནི་ང་ཚོའི་འཐབ་རྩོད་ཀྱི་རེ་བ་ཆེ་ཤོས་དང་སེམས་ཤུགས་སློང་བའི་གཞི་རྩའི་དོན་དངོས་རེད།

དྲི་བ། ད་བར་ཁྱེད་ཀྱིས་གནད་དོན་འདིའི་ཐད་ནས་བོད་མི་ཚོར་སློབ་སྦྱོང་ཇི་ལྟར་སྤྲོད་ཀྱི་ཡོད་མེད་དང་། སློབ་སྦྱོང་སྤྲོད་བྱེད་ཀྱི་ཐབས་ལམ་ཡག་ཤོས་དེ་གང་ཞིག་ཡིན་ནམ།

དང་པོ། མི་དམངས་ལ་གོ་རྟོགས་དང་སློབ་སྦྱོང་སྤྲོད་པའི་ལས་འགུལ་དེ་གཞི་རྒྱ་ཆེ་བའི་ཐོག་ནས་གཙིགས་ཆེར་འཛིན་པ་དང་། དེ་ནི་མི་དམངས་ཀྱི་དྲ་ལམ་འཕྲོད་བསྟེན་གོ་རྟོགས་ལས་འགུལ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། གལ་ཏེ། མི་དམངས་རྣམས་དྲ་ཐོག་ཏུ་འཕྲོད་བསྟེན་ལྡན་པའི་ཐོག་ནས་གསོན་གནས་བྱེད་པའི་ཐབས་ལམ་ཞིག་ཡོད་ན། དེ་ནི་ང་ཚོའི་ནུས་པ་འདོན་ས་དེ་ཡིན། མི་མང་ཁྲོད་དུ་དྲ་ལམ་འཕྲོད་བསྟེན་ལག་ལེན་བྱེད་པའི་གཞི་རྒྱ་ཆེ་བའི་གོ་རྟོགས་སྤེལ་དགོས་ཀྱི་འདུག

གཞན་པ་ཞིག་ནི་དམིགས་ཚད་ཅན་གྱི་སྦྱོང་བརྡར་རེད། ང་ཚོས་ཁ་སང་དགོང་མོ་བོད་ནང་དུ་ངོ་རྒོལ་བྱས་པའི་གནས་ཚུལ་དེ་དེ་རིང་ཉིན་གུང་ཧ་གོ་ཐུབ་ཀྱི་ཡོད་པ་རེད་ལ། ངོ་རྒོལ་དེའི་བརྙན་ཐུང་ངམ་པར་མཐོང་ཐུབ་ཀྱི་རེད། འདི་ནི་ངོ་མཚར་ཅན་གྱི་ཡར་རྒྱས་ཤིག་རེད། ང་ཚོས་བོད་ཀྱི་ལས་འགུལ་བ་དང་། བོད་ནས་གནས་ཚུལ་རག་ཐབས་ལ་འབད་པ་བྱེད་མཁན། ཡང་ན། བོད་ནང་གི་བོད་མི་ཚོ་དང་སྐད་ཆ་བཤད་མཁན་ཚོར་དམིགས་ཚད་ལྡན་པའི་སྦྱོང་བརྡར་སྤྲད་དེ་ཆ་འཕྲིན་འཕྲོད་བསྟེན་གྱི་ལག་ལེན་ཡག་ཤོས་ཤིག་བསླབ་ཐུབ་དགོས།

དྲི་བ། ལེན་ཁེ་སྒྲེན་རྒྱ་ནང་དུ་རྒྱ་བསྐྱེད་བྱེད་ཐབས་བྱེད་ཀྱི་འདུག གཞུང་གི་དབང་འཛིན་པ་ཚོས་གནོན་ཤུགས་འོག་རྒྱ་ནག་ནང་གི་བེད་སྤྱོད་བྱེད་མཁན་ཚོའི་ས་ནས་ཆབ་སྲིད་དང་འབྲེལ་བའི་ཚོར་བ་སྐྱེན་པའི་གནད་དོན་ཁག་ལག་ལེན་ཐོག་ནས་བཀག་འགོག་བྱེད་ཀྱི་འདུག གནད་དོན་འདི་ཅིའི་ཕྱིར་འབྱུང་གི་ཡོད་པ་རེད།

ལན། ངས་བསམ་ཚུལ་ལ། འདི་ནི་ངོ་ཚ་ཆེན་པོ་ཞིག་རེད་ཅེས་བརྗོད་རྒྱུ་ལས་གཞན་མི་འདུག ལེན་ཁེ་སྒྲིན་དང་ངོ་དེབ། གྷོ་གྷིལ་ཡང་ན་ཌི་ཝེ་ཌིལ་ཡིན་ཡང་རུང་། ཁོང་ཚོར་རྒྱ་ནག་གཞུང་ཡང་དག་པའི་ཁ་ཕྱོགས་ཤིག་ཏུ་ཁྲིད་པའི་གོ་སྐབས་དང་ཤུགས་རྐྱེན་ཆེན་པོ་ཡོད་ཀྱང་། དེའི་ཚབ་ཏུ། ལམ་ཁ་གཞན་པ་བདམས་པ་རེད། མི་དམངས་རྣམས་རྒྱ་ནག་གི་ཁྲོམ་རའི་ནང་དུ་འཛུལ་རྒྱུར་འདོད་པ་ཆེན་པོ་འདུག ང་ཚོས་འབྱུང་འགྱུར་གྱི་ལོ་ཟླར་ཆ་འཕྲིན་བཟོ་གྲྭ་ཁག་ཅིག་གིས་རྒྱ་གཞུང་གིས་རེ་བ་ཅི་བཏོན་བསྒྲུབ་རྒྱུ་ཡིན་པ་མཐོང་གི་རེད། ཆ་འཕྲིན་བཟོ་ཚོང་ཁང་འདི་དག་ཆེན་པོ་ཆགས་པའི་རྒྱུ་མཚན་ནི། རང་དབང་དང་གུ་ཡངས་ལྡན་པའི་དྲ་ལམ་ནས་ཚོང་ལས་བྲིན་པའི་རྐྱེན་གྱིས་རེད། ད་ཆ་རྒྱ་ནག་གཞུང་ལ་རོགས་རམ་གྱིས་རྒྱ་ནག་གི་མི་སེར་དང་བོད་མི་ཚོའི་དྲ་ལམ་འགོག་པ་ནི་ཕུགས་རྒྱང་རིང་པོར་བལྟ་མ་ཐུབ་པའི་རྟགས་རེད།

In this photo released by China's Xinhua news agency, lamas try laptop computers at the square before the Potala Palace in central Lhasa, capital of southwest China's Tibet Autonomous Region, on Friday July 14, 2006, in a promotion held by two international IT companies. (AP Photo/Xinhua, Gaesang Dawa)

དྲི་བ། ཁྱེད་ཀྱིས་ནུབ་ཕྱོགས་རྒྱལ་ཁབ་ལྟར་ཁྲིམས་ལུགས་ཀྱི་འགྱུར་བ་ཐེབས་ཐུབ་པའི་ནུས་པ་གཅིག་མཚུངས་མེད་པའི་རྒྱ་ནག་དང་བོད་ནང་གི་དྲ་ལམ་རང་དབང་དང་ཞིབ་བཤེར་གྱི་ཐད་ལ་འགྱུར་བ་ཇི་ལྟར་གཏོང་ཐུབ་ཀྱི་འདུག

ལན། ཐོག་མར་རང་དབང་དང་མང་གཙོའི་སྤྱི་ཚོགས་སུ་འཚོ་གནས་བྱེད་མཁན་ཚོས་མིག་དཔེ་སྟོན་བཞིན་སྣེ་ཁྲིད་ཐུབ། དབྱིན་ཇི་རྒྱལ་ཁབ་ལྟར། དྲ་ལམ་གསང་སྔོག་གི་མ་ལག་དག་ནི་འཇིགས་སྐུལ་རིང་ལུགས་པ་ཁོ་ནས་བེད་སྤྱོད་བྱེད་རྒྱུ་ཞིག་ངོས་འཛིན་བྱས་ན། དེས་འཛམ་གླིང་ཡོངས་ཀྱི་རང་དབང་ལ་དོ་ཕོག་བཟོ་གི་རེད། མ་ལག་འདི་ཚོས་ཇི་ལྟར་བྱ་བ་སྒྲུབ་ཀྱི་ཡོད་མེད་སྐོར་མི་དམངས་ལ་སློབ་སྦྱོང་སྤྲད་དེ། ཆ་འཕྲིན་གྱི་རྨོངས་པ་སེལ་བ་དང་། དྲ་ལམ་གྱི་བདེ་འཇགས་ཧ་གོ་རྒྱུ་ནི་ང་ཚོའི་གཞུང་གི་ཁེ་ཕན་རེད། མི་དམངས་ཀྱིས་མ་ལག་འདི་དང་ལག་རྩལ་དེ་དག་ཤེས་རྟོགས་བྱུང་ན། གསང་སྔོག་མ་ལག་དག་འགོག་པར་ལྟ་སྟངས་ཁྱད་མཚར་འཛིན་མི་སྲིད། ཁོང་ཚོས་མི་དམངས་ལ་བདེ་འཇགས་ཀྱི་དྲ་ལམ་ཞིག་དགོས་པའི་གལ་ཆེན་རང་བཞིན་དེ་རྟོགས་ཀྱི་རེད།   དེ་ནས་གཅིག་སྡུད་ལམ་ལུགས་ཀྱི་སྲིད་གཞུང་ལ་མི་དམངས་དཀྱུས་མ་ཚོར་ཞིབ་བཤེར་བྱེད་རོགས་བྱེད་མཁན་རྒྱལ་སྤྱིའི་སྒ་མ་(International Gamma)་དང་དྲ་ལམ་གཏོར་རྒོལ་རུ་ཁག་ལྟ་བུའི་ཨ་རི་དང་། དབྱིན་ཡུལ། ཁ་ན་ཌའི་བཟོ་ཚོང་རྣམས་ལ་འགན་ཡོད་པ་ཤེས་སུ་འཇུག་དགོས། བཟོ་ཚོང་ཁང་འདི་དག་ནི་ཁྲིམས་འགལ་ཡིན་པ་དང་། སྟངས་འཛིན་བྱེད་དགོས་པ། ཉེས་ཆད་གཅོད་དགོས་པ། ངོས་འཛིན་མེད་པ་བཟོ་དགོས། བྱ་སྤྱོད་འདི་རིགས་ལ་བཟོད་བསྲན་བྱེད་མི་ཉན་ཡང་། སྲིད་དོན་གྱི་ཐོག་ནས་ལག་པ་འཆང་ཐུབ་མིན་ནི་དྲི་བ་གཞན་པ་ཞིག་རེད།

མཐའ་མཇུག མི་གཅིག་ཡིན་ཡང་རྒྱ་ནག་དང་འབྲེལ་ལམ་མི་འཛུགས་རྒྱུ་དེ་རེད། ཐོབ་ཐང་དང་རང་དབང་གི་ཆེད་དུ་འཐབ་རྩོད་བྱེད་མཁན་བོད་ནང་གི་བོད་མི་དང་། རྒྱ་ནག་གི་མི་སེར་རྣམས་ལ་ཕན་ཐོགས་པའི་མ་ལག་མང་པོ་ཞིག་མ་ལག་སྒམ་ཆུང་ནང་དུ་ཡོད་པ་རེད། ང་ཚོའི་གཞུང་རྣམས་ཀྱང་རྒྱ་ནག་དང་མཉམ་དུ་ཡོངས་གྲགས་ཀྱི་སྒོ་ནས་ཐད་ཀར་འབྲེལ་ལམ་འཛིན་རྒྱུ་དེ་ཕྱིར་འཐེན་བྱེད་དགོས།

དྲི་བ། བསྟན་རྡོར་གྱི་བརྩམས་ཆོས་(བོད་ཀྱི་ཞི་བའི་འཐབ་རྩོད་ཀྱི་ལོ་རྒྱུས)་ནང་དུ། བོད་ཀྱི་འཐབ་རྩོད་ནི་འགྱུར་བའི་རང་བཞིན་ཅན་གྱི་ངོ་རྒོལ་ཞིག་ཏུ་འགྱུར་གྱི་འདུག་ཅེས་བྲིས་འདུག གནད་དོན་འདི་ཆ་འཕྲིན་ཁྱབ་ཁོངས་དང་འབྲེལ་བ་ཇི་འདྲ་འདུག དྲ་ལམ་རང་དབང་དང་། བདེ་འཇགས། ཆ་འཕྲིན་ལས་འགུལ་དང་འབྲེལ་བའི་ཐོག་ནས་བོད་ཀྱི་མ་འོངས་འགོག་རྒོལ་ལས་འགུལ་ཇི་འདྲ་ཆགས་ཀྱི་རེད།

ལན། བརྡ་འཕྲིན་ལག་རྩལ་གྱི་ཡར་རྒྱས་བརྒྱུད་ནས་བོད་མི་ཚོར་བསམ་ཚུལ་བརྗེ་ལེན་དང་དགའ་སྐྱོ། རེ་བ་དང་རྨི་ལམ་སོགས་འཆད་རེས་བྱེད་པའི་ནུས་པ་དང་ལྡན་པར་གྱུར་བ་དེས་འཐབ་རྩོད་ལ་གསར་བརྗེ་བསླངས་བྱུང་། བོད་མི་མང་པོ་ཞིག་གིས་འཛམ་གླིང་གང་སར་ཁྱབ་པའི་རང་གི་ཕུ་ནུ་མིང་སྲིང་ཚོ་དང་འབྲེལ་འདྲིས་བྱེད་ཐུབ་ཀྱི་ཡོད་པ་ནི་ད་སྔ་བྱུང་མྱོང་མེད་པའི་དོན་དག་རེད། བོད་མི་ཚོས་འཐབ་རྩོད་ཁྲོད་དུ་རང་གི་རིག་གཞུང་དེ་ཆེས་ནུས་ཤུགས་ལྡན་པའི་མཚོན་ཆ་ཞིག་གི་ངོ་བོར་བེད་སྤྱོད་གཏོང་གི་ཡོད་པ་མཐོང་རྒྱུ་ཡོད། འདི་དག་ཡོད་ཚད་སྤྱི་ཚོགས་འབྲེལ་མཐུད་དྲ་བ་དང་ཁ་པར། དྲ་ལམ་བཅས་ནས་མཆེད་དེ་ཁྱབ་གདལ་ཕྱིན་ཡོད། ཕར་འབྲེལ་ཚུར་འབྲེལ་གྱི་རྣམ་པ་འདི་ནི་བོད་ནང་གི་བོད་མི་དང་། བཙན་བྱོལ་བོད་མི། ད་དུང་། རྒྱ་ནག་སྐམ་སར་སློབ་སྦྱོང་བྱེད་མཁན་གྱི་བོད་རིགས་གཞོན་སྐྱེས་བཅས་ཀྱི་དབར་ཏུ་ཁྱབ་ཡོད་སྟབས། རྒྱ་ནག་གིས་རྒྱུན་འཁྱོངས་བྱེད་བཞིན་པའི་བྱ་བ་གཅིག་གིས་ཀྱང་འགྱུར་བ་འདི་འགོག་ཐུབ་ཀྱི་མེད།   ༢༠༠༨ ལོའི་ཡར་ལངས་དེ་ནི་སློབ་འབྲིང་སློབ་མའི་ལོ་ཚད་དང་། བོད་མི་མཐོ་དམན་བར་གསུམ་གྱིས་སྤེལ་བའི་ཞི་བའི་ཡར་ལངས་ཞིག་རེད། གྲྭ་བཙུན་གཅིག་པུ་མིན་པར་སློབ་གྲྭའི་དགེ་རྒན་དང་། ཞིང་པ། འབྲོག་པ། སློབ་ཕྲུག་བཅས་ཀྱིས་ཆ་ཤས་བླངས་ཡོད། སྐབས་དེར་མགོ་བཙུགས་པ་དེ་ད་དུང་མཇུག་རྫོགས་མེད། སྐབས་དེའི་གནས་ཚུལ་གྱིས་མི་རབས་རྗེས་མ་རྣམས་ལ་ནུས་ཤུགས་བསྐྱེད་པ་དང་། བློ་སྤོབས་བསྐྱེད་པ། མངོན་འདོད་བསྐྲུན་ཡོད།   ངས་བལྟས་ན། ང་ཚོས་ལོངས་སྤྱོད་བྱེད་བཞིན་པའི་རང་དབང་གཅིག་མཚུངས་ཐོབ་འོས་པ་དང་། འཐོབ་འདོད་མཁན་གྱི་རྒྱ་མི་རིགས་ཚོའི་ལམ་དང་། ཁོང་ཚོའི་ལམ་ལ་སུ་དང་གང་གིས་ཀྱང་འགོག་རྐྱེན་བྱེད་ཐུབ་ཀྱི་མ་རེད། གནད་དོན་ནི། འགྱུར་བ་འདི་མགྱོགས་པོ་ཇི་ལྟར་ཡོང་མིན་དང་། ང་ཚོའི་སྲིད་གཞུང་ཡིན་ན་འདྲ། ང་ཚོ་སྒེར་བ་ཚོ་དང་ཚོགས་སྡེ་ཁག་ཡིན་ན་འདྲ། འགྱུར་བ་འདིར་རོགས་རམ་བྱེད་ཀྱི་ཡིན་ནམ། འགོག་རྐྱེན་བཟོ་གི་ཡིན་མིན་དེ་རེད།

བསྒྱུར་མཆན།

རྩོམ་པ་པོ་སྐུ་ཞབས་རིག་རྣམ་ཝང་ཁཱང་ལགས་ཀྱིས་བཀྲས་མཐོང་ལྷ་སྒྲོན་ལགས་སུ་བཅར་འདྲི་ཞུས་པ་ཞིག་ཆོས་རྒྱལ་སྐྱབས་ཀྱིས་འདིར་བོད་བསྒྱུར་ཞུས་ཡོད། རང་དབང་གི་རྩོམ་པ་པོ་རིག་རྣམ་ཝང་ཁཱང་(Rignam Wangkhang)ལགས་ནི། ཁེ་ན་ཌའི་སྨྲ་བརྗོད་རང་དབང་གསར་འགོད་ཚོགས་པ་(CJFE)ཞེས་པའི་ཞུ་གཏུགས་ལས་བྱེད་དང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་བཅས་ཡིན།)

ས་གནས་གསར་འགྱུར་མཁོ་གཏོང་བ་ཆོས་རྒྱལ་སྐྱབས།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༣ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༤ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༡༨ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese