མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གཞུང་གིས་ཕྱི་སྡོད་གསར་འགོས་པའི་རང་དབང་ལ་དམ་དྲག

བོད་ཀྱི་དུས་བབ།
༢༠༡༦/༠༤/༡༧
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་པ་པོ། ཁྲང་ཕིང་(Chang Ping)གིས་བརྩམས།

ཆོས་སྒྲོན་གྱིས་བོད་བསྒྱུར་བྱས།

ཕྱི་ཟླ་ ༣ ཚེས་ ༢༧ ཉིན་རྒྱ་ནག་གི་ཉེན་རྟོག་པས་ངའི་དྲིན་ཆེན་ཨ་ཕ་མི་ལོ་བདུན་བཅུར་སོན་པའི་སྐྱེ་སྐར་གྱི་དྲན་གསོའི་ཉིན་མོ་གཏོར་བཤིག་བཏང་སོང་། ཤིང་ནགས་མེར་སྲེག་གི་ཉེས་འཛུགས་འོག་ངའི་ཤ་ཁྲག་འདྲེས་པའི་སྤུན་ཉེ་གསུམ་པོ་ཉེན་རྟོག་ལས་ཁུངས་སུ་བཀག་ཉར་བྱས་ཡོད། འོན་ཀྱང་། ཤིང་ནག་མེར་སྲེག་གི་ཉེས་པ་ཞེས་པ་ནི་ཁ་གཡོར་ས་ཙམ་ལས་དོན་དངོས་ཀྱི་ནག་ཉེས་དེ་མིན་པ་ནི་ངས་དེ་མ་ཐག་གསལ་བོ་རྟོགས་བྱུང་།

རང་ཉིད་ཇར་མན་ནང་དུ་སྐྱབས་བཅོལ་དུ་ཡོད་པའི་རྒྱ་ནག་མི་རིགས་ཤིག་ཡིན་ཀྱང་རྒྱ་གཞུང་གི་ཐལ་དྲགས་པའི་སྤྱོད་ཚུལ་དག་ལ་མཐའ་གཅིག་ཏུ་ངོ་རྒོལ་གྱི་རྣམ་འགྱུར་འཛིན་མཁན་ཞིག་ཡིན་པར་བརྟེན། ཉེ་སྔོན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དགོངས་ཞུ་དང་འབྲེལ་བའི་ཡི་གེའི་དོན་རྐྱེན་ཐད་འབྲེལ་ཡོད་གསར་འགོད་པ་ཅཱ་ཅཱ་ (Jia Jia ) ཞེས་པ་གསང་ཐབས་ཀྱིས་བཙན་ཁྲིད་བྱས་པའི་གནས་ཚུལ་ཐོག་རང་ཉིད་ནས་རྒྱ་གཞུང་ལ་སྐྱོན་བརྗོད་ཀྱི་རྩོམ་ཡིག་ཅིག་སྤེལ་བ་ཡིན། དེ་ཡང་དམར་ཤོག་ཚོགས་པས་སེམས་ཁུར་བྱེད་ས་ནི་ཡི་གེ་དེས་རྐྱེན་གྱིས་དམར་ཤོག་ནང་ཁུལ་དུ་འགལ་ཟླ་དང་འཁྲུག་རྐྱེན་བྱུང་སྲིད་པའི་འཇིགས་སྣང་གིས་གནས་ཚུལ་དེ་དང་འབྲལ་བའི་མི་སྣ་ཡོད་ཚད་ལ་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་པ་ལྟར་ངའི་ནང་མི་རྣམས་ཀྱང་དམ་དྲག་འོག་ཚུད་ཡོད་པ་རེད།

ཕྱི་ལོ་ ༢༠༡༢ ལོར་ཞི་ཅིན་ཕིན་གྱིས་སྲིད་དབང་བཟུང་བ་ནས་བཟུང་། དབུས་གཞུང་གི་དབང་ཆ་སྲ་བརྟན་ཡོང་ཕྱིར་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་དང་གསར་འགོད་པ་སོགས་གང་མང་ཞིག་བཙན་གྱིས་བཙོན་དུ་བཅུག་པ་ཧ་ཅང་མང་།  འོན་ཀྱང་། དེང་གི་ཆར་རྒྱལ་ནང་ཙམ་མ་ཡིན་པར། དབང་འཛིན་མི་སྣ་ཚོས་དམིགས་ས་གཙོ་བོ་ནི་ཕྱི་རྒྱལ་ཡུལ་གྲུ་ཁག་ན་ཡོད་པའི་རྒྱ་རིགས་རང་དབང་གི་རྩོམ་པ་པོ་དང་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་རྣམས་ལ་གནོན་ཤུགས་སྤྲོད་རྒྱུ་དེ་ཡིན་པ་རྟོགས་ཡོད། འདས་པའི་དུས་སུ་རྒྱ་གཞུང་ལ་ངོ་ལོག་མཁན་གྱི་ཕྱི་རྒྱལ་གནས་སྡོད་ཀྱི་ཁྱིམ་ཚང་མང་པོར་རྒྱ་ནག་ཉེན་རྟོག་པས་ཇ་འཐུང་དུ་གདན་འདྲེན་ཞུ་ཁུལ་གྱིས་སླུ་བྲིད་ཀྱི་སྒོ་ནས་མནར་གཅོད་བཏང་བ་ནི་རྒྱུན་ལྡན་ཞིག་ཆགས་ཡོད་པ་དང་། དེ་དག་བཙན་ཀྱིས་ཁྲིད་དེ་བཀག་ཉར་བྱེད་པ་ནི་ཐབས་ཇུས་གསར་པ་ཞིག་ཆགས་ཡོད། དཔེར་ན། ནེའུ་ཡོག་ལ་གནས་གཞི་བྱེད་པའི་རྒྱ་ནག་གི་མི་སེར་ཡོན་ཆའོ (Yunchao) ཞེས་པ་ཁོང་ཞི་ཅིན་ཕིན་དགོངས་ཞུའི་ཡི་གེ་དང་འབྲེལ་ཡོད་དོགས་གཞི་བྱུང་སྟེ། ཟླ་བ་སྔོན་མའི་ནང་ཁོང་གིས་ཕ་མ་དང་གཅེན་པོ་རྒྱ་གཞུང་གིས་བདུན་གཅིག་གི་རིང་ཀག་ཉར་བྱས་ཡོད་པ་རེད།

དེ་བཞིན་ཧོང་ཀོང་ནང་གནས་སྡོད་རྒྱ་ནག་དམར་ཤོག་དང་འབྲེལ་བའི་ཆབ་སྲིད་སྐོར་ལ་དཔེ་དེབ་དཔར་སྐྲུན་བྱེད་མཁན་མང་པོ་ཞིག་ཀྱང་ཁྲིམས་འགལ་གྱི་ཐོག་ནས་རྒྱ་ནག་ཆབ་སྲིད་ལ་དོག་དཔྱད་བྱེད་ཀྱི་ཡོད་པའི་ཉེས་འཛུགས་འོག་འཛིན་བཟུང་བཀག་ཉར་བྱས་ཡོད་པའི་གནས་ཚུལ་ཡོད།  གཞན་ཡང་། རྒྱ་ནག་ནས་རྒྱལ་སྤྱིའི་དྲ་ཐོག་རྩོམ་ཡིག་ཁག་བཀག་འགོག་བྱེད་མཁན་གྱི་ཆེས་ལས་མི་སྣ་སྟོང་ཕྲག་མང་པོ་གང་ས་ནས་དོ་དམ་བྱེད་དུ་འཇིག་གིན་ཡོད་ལ། འདི་དག་ནི་རྒྱ་གཞུང་གིས་རྒྱལ་སྤྱིས་རྒྱ་ནག་གིས་སྐོར་ལ་ཐེ་ཇུས་བྱེད་པར་འགོག་རྒོལ་བྱེད་བའི་བྱ་སྤྱོད་གདུག་རྩུབ་ཆེ་བ་ཞིག་རེད།

རང་ཉིད་སྔོན་ཆད་རྒྱ་ནག་ནང་ལ་གསར་འགོད་པའི་ལས་ཀ་བྱས་ནས་ལོ་མང་བསྡད་པ་ཡིན། ངའི་རྩོམ་ཡིག་མང་པོའི་ནང་རང་དབང་དང་གུ་ཡངས་སྐོར་ལ་བྲིས་པ་མང་པོ་ཡོད། འོན་ཀྱང་། དེ་དག་ལ་དམ་དྲག་ཆེན་པོ་བྱས་པ་མ་ཟད། རྩོམ་ཡིག་འགྲེམ་སྤེལ་མི་ཆོག་པའི་བཀའ་རྒྱའང་བསྒྲགས་ཡོད་པ་རེད། དེར་བརྟེན། ཕྱི་ལོ་ ༢༠༡༡ ལོར་རང་ཉིད་ཇར་མན་དུ་ཡོང་བ་ཡིན། དེ་ནས་བཟུང་རང་ཡུལ་དུ་གཏན་ནས་ཕྱིར་ལོག་བྱས་མེད། ད་ཆ་རང་ཉིད་འཇིགས་སྣང་ཆེ་ཤོས་ཡོང་ས་ནི་རྒྱ་གཞུང་གིས་དམིགས་ས་གཙོ་བོ་ངའི་ནང་མི་ཆགས་ཡོད་པ་དེ་རེད།

འདི་ལོའི་སྤྱི་ཟླ་ ༣ པའི་ནང་རྒྱ་གཞུང་གིས་ངའི་གཅུང་པོ་ཀློད་གྲོལ་བཏང་ཡོད་པ་དང་། ཉིན་གཅིག་གི་རྗེས་སུ་བཀའ་ངག་ཕབ་དོན། ངེས་པར་དུ་ང་ལ་འབྲེལ་བ་བྱས་ནས་དོན་ཚན་གསུམ་ངས་ཁས་ལེན་དུ་འཇུག་དགོས་ཡོད་ཅེས་བཤད་འདུག དེ་ཡང་དོན་ཚན་དང་པོ་ནི་ཉེ་ཆར་སྲི་ཁྲོན་ཞིང་ཆེན་དུ་མི་སྣ་བཙན་ཁྲིད་བྱས་པའི་སྐོར་ལ་ངས་སྐྱོན་བརྗོད་བྱས་པ་དེ་ནོར་འཁྲུལ་ཡིན་པ་ངོས་ལེན་བྱེད་དགོས་པ་དང་། གཉིས་པ་ཞི་ཅིན་ཕིན་དགོངས་ཞུའི་ཡི་གེ་དང་འབྲེལ་བའི་ཐོག་སྤེལ་བའི་རྩོམ་ཡིག་ཕྱིར་འཐེན་དགོས་པ། གསུམ་པ། རྗེས་ཕྱོགས་རྒྱ་གཞུང་ལ་སྐྱོད་བརྗོད་རྩོམ་ཡིག་གཏན་ནས་སྤེན་རྒྱུ་མེད་པའི་ངོས་ལེན་དམ་བཅའ་འཇོག་དགོས་པ་སོགས་དོན་ཚན་གསུམ་པོ་ངས་ངོས་ལེན་བྱས་ཚེ། ངའི་སྤུན་མཆེད་རྣམས་ཀློད་གྲོལ་གཏོང་རྒྱུ་མ་ཟད། ནང་མིར་ཤིང་ནགས་མེར་སྲེག་གི་ཉེས་པ་འགེལ་བ་ཡང་འཆའ་ཡང་གཏོང་རྒྱུ་ཡིན་སྐོར་བརྗོད་འདུག གནས་དོན་དེ་དག་ངས་ཁས་ལེན་མ་བྱས་པར་བརྟེན་རྒྱ་གཞུང་གིས་ངའི་གཅེན་པོ་སླར་ཡང་བཙོན་དུ་བཀག་ཉར་བྱས་ཡོད་འདུག

དེ་ཙམ་མ་ཟད་ངའི་གཅེན་པོས་ཀྱང་རྗེས་ནས་ང་ལ་གནད་དོན་དེ་དག་གིས་ཐོག་ལ་ངོས་ལེན་བྱ་དགོས་པའི་འཕྲིན་ཐུང་ཡང་ཡང་བསྐུར་མོད། འོན་ཀྱང་། ངས་བཙན་ཁྲིད་བྱེད་པོ་དག་ལ་གུས་འདུད་ཞུས་ཏེ། ངའི་རྩོམ་ཡིག་གི་འབྲི་མཚམས་འཇོག་དགོས་རེད་དམ་ཞེས་ན་དེ་ནི་ངས་གཏན་ནས་སྒྲུབ་མི་ཐུབ།  གནས་ཚུལ་དེའི་ཐོག་ངའི་ནང་མི་རྣམས་ཀྱང་སེམས་ཕམ་ཚད་མེད་བྱུང་ཡོད་མོད། ང་ལ་བྱ་ཐབས་བྲལ། གལ་ཏེ་ངས་རྒྱ་གཞུང་དང་བསམ་པ་གཅིག་མཐུན་གྱིས་བྱ་བ་སྒྲུབ་ཚེ། དེ་ནི་ངའི་མི་ཚེའི་ཁ་ཕྱོགས་ལ་འགྱུར་བ་བཏང་བ་ཞིག་ཆགས་ཀྱི་ཡོད་ལ། དེ་བས་ངའི་གསར་འགོད་པའི་བྱ་བཞག་མཚམས་འཇོག་བྱེད་པ་ཙམ་མ་ཡིན་པར། སེམས་ཁོངས་ཀྱི་ལྟ་ཚུལ་དང་ལང་ཕྱོགས་ཀྱང་བློས་གཏོང་བྱེད་དགོས་པ་ཡིན། དེར་བརྟེན་ངས་ནམ་ཡང་་རྒྱ་གཞུང་དང་མཉམ་ལས་མི་བྱེད་པའི་ཐག་གཅོད་བྱས་པ་ཡིན།

ངས་རང་ཉིད་ཀྱི་གཅེན་པོར་རྒྱ་ནག་གཞུང་གི་གདུག་རྩུབ་ཆེ་པའི་བྱ་སྤྱོད་འཁོད་པའི་འཕྲིན་ལན་ཞིག་བཞག་སྟེ་ཁོང་དང་འབྲེལ་ཐག་བཅད་པ་ཡིན། དེ་ལྟར་ང་རང་ཉིད་ལ་ཕྲད་པའི་གནས་ཚུལ་ཐད་རྒྱལ་སྤྱིའི་ནང་ནས་དོ་སྣང་ཆེན་པོ་སླེབས་པ་དང་།  རྒྱལ་སྤྱིའི་གནོད་ཤུགས་དང་ངའི་ཁྱིམ་མིས་རྒྱ་སྒོར་ ༣༣༠༠༠  ཙམ་གྱིས་ལྐོག་རྔན་བྱིན་པ་བཅས་ལ་བརྟེན་མཐར་ངའི་ནང་མི་རྣམས་ལ་ཁོང་ཚོ་བཙན་ཁྲིད་བྱས་པ་མ་ཡིན་པ་དང་། ངས་ད་བར་རྩོམ་ཡིག་སྤེལ་བ་རྣམས་ནག་ཉེས་ཆེན་པོ་ཡིན་སྐོར་ཡོངས་གྲགས་ཀྱིས་གསལ་བཤད་བྱེད་དུ་བཅུག་རྗེས་ཀློད་གྲོལ་ཐོབ་ཙམ་བྱུང་ཡོད། ངའི་ནང་མི་ཚུད་པའི་གྲོགས་པོ་མང་པོ་ཞིག་གིས་ངའི་བྱ་སྤྱོད་ལ་སྡང་སེམས་སྐྱེས་ཀྱང་ངས་རང་ཉིད་ཙམ་མ་ཟད། གསར་འགོས་པ་གཞན་རྣམས་ཀྱི་བྱ་བར་ཡང་ཡིད་ཆེས་དང་དུང་བ་ཡོད།

སྤྱིར་གསར་འགོད་པའི་ལས་རིགས་ཀྱིས་བག་ཆགས་ཆེན་པོ་ཞིག་འཇོག་དཀའ་ནའང་། དེ་ནི་ཤིན་ཏུ་ནས་གལ་ཆེ་བའི་རང་དབང་འཐབ་རྩོད་ཀྱི་ཆ་ཤས་ཤིག་ཡིན། རྒྱ་ནག་གི་ཉེན་རྟོག་པ་ཚོས་ཁོ་ཚོའི་ཐབས་ཇུས་དག་གིས་ཡུན་རིང་ལས་དོན་གྲུབ་མི་ཐུབ་པ་དེ་ཤེས་དགོས་ཀྱི་འདུག དེ་བཞིན་ང་ཚོ་ཕྱི་རྒྱལ་དུ་ཡོད་པའི་རང་དབང་འཐབ་རྩོད་པ་དག་གིས་ཀྱང་དཀའ་ངལ་ལ་གདོང་ལེན་བྱས་ན། དུས་ནམ་ཞིག་ལ་ང་ཚོས་འགྱུར་བ་ཞིག་ཏན་ཏན་གཏོང་ཐུབ་རྒྱུའི་རེ་བ་རྒྱག་གི་ཡོད་ལ། དེ་བཞིན། རྒྱ་གཞུང་གིས་གདུག་རྩུབ་དྲག་པོས་འཛམ་གླིང་གི་ཡུལ་གྲུ་གང་སར་ཡོད་པའི་རང་དབང་འཐབ་རྩོད་ཀྱི་གསར་འགོད་པ་དག་ལ་ཇི་ཙམ་གནོན་ཤུགས་སྤྲོད་ཀྱིན་ཡོད་པ་དེ་ཡང་རྒྱལ་སྤྱིའི་མི་མང་གིས་རྟོགས་དགོས་ཀྱི་འདུག གལ་ཏེ་ང་ཚོས་རྒྱ་གཞུང་གི་བྱ་སྤྱོད་ལ་བཀག་འགོག་མ་བྱས་ཚེ།  ཁོང་ཚོས་ང་ཚོའི་རང་དབང་འཐབ་རྩོད་ཀྱི་ནུས་པ་ཡོངས་སུ་མ་ཟད་བར་ནང་མི་དང་གསར་འགོད་པ་ཇེ་མང་ནས་ཇེ་མང་ལ་མནར་གཅོད་དང་དམ་དྲག་གི་བྱ་སྤྱོད་ལ་མཚམས་འཇོག་བྱ་མི་སྲིད།

མ་རྩོམ་འབྲེལ་ཐག http://www.nytimes.com/2016/04/14/opinion/targeting-beyond-china.html?_r=0

འབྲེལ་ཡོད་གསར་འགྱུར།

The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

སྐར་མ ༥༦ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

ཆུ་ཚོད་ ༢ སྔོན་ལ།
Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

༢༠༢༦/༠༣/༣༠
Mobile App

ཀ་ལུ་མན་གྲོང་དུ་ཟླ་གཅིག་དང་ཕྱེད་ཀ

༢༠༢༦/༠༣/༣༠
Mobile App

རྩིས་ལོ་ ༢༠༢༦་་༢༠༢༧ ནང་དགོས་དངུལ་བཀའ་འཁྲོལ་ཧིན་སྒོར་ས་ཡ་ ༣༤༠༨ ལྷག་སྤྱི་མོས་གཏན་འབེབས་གནང་།

༢༠༢༦/༠༣/༣༠
དགེ་འདུན་པ་ཨོ་རྒྱན་བྱང་ཆུབ། འབྲེལ་ཡོད་ཀྱིས་མཁོ་སྤྲོད་བྱས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

དགེ་འདུན་པ་ཨོ་རྒྱན་བྱང་ཆུབ་ལགས་འཛིན་བཟུང་བྱས་ཏེ་གཅར་རྡུང་བྱས།

༢༠༢༦/༠༣/༢༩

མཆན། 2

  1. བསོད་ནམས་རྡོ་རྗེ། says:
    ལོ་ 10 སྔོན།

    གོང་གི་མཆན་དེ་ལ་རྒྱུ་མཚན་འདུག

    Reply
  2. དབུ་མ་བ་འཕྲིན་ལས། says:
    ལོ་ 10 སྔོན།

    རྩོམ་སྒྱུར་ནི་ང་ཚོའི་སྤྱི་ཚོགས་ལ་མཁོ་བའི་གལ་འགངས་ཆེ་བའི་བྱ་གཞག་ཞིག་ཡིན་པ་དང་། ལས་དེ་ལ་གཞོལ་མཁན་ཅི་རིགས་པ་གུས་པས་གཙིགས་མཐོང་ཆེན་པོར་འཛིན་ཏེ་མངོན་བསྟོད་མེ་ཏོག་གི་དོ་ཤལ་འབུལ། བར་ལམ་ཞིག་ནས་ཆོས་སྒྲོན་ལགས་ཀྱི་མཚན་ཐོག་ནས་བཏོན་གནང་བའི་བསྒྱུར་ཆོས་གང་འཚམ་འགའ་ཡང་དྲ་ཐོག་ལ་མཇལ་རྒྱུ་འདུག་ན་ཐོག་མར་སྐུ་ཉིད་ལ་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
    གྲོས་ཤིག་གདོན་འདོད་པ་ནི། ཀློག་པ་པོ་ཞིག་ཡིན་པའི་ཆ་ནས་ཞུས་ན། སྐུ་ཉིད་ཀྱི་བསྒྱུར་ཆོས་ནང་སྐབས་རེ་འགར་བརྗོད་པ་དེ་ཙམ་མི་བདེ་བ་དང་། བསྒྱུར་དོན་ཅུང་མི་མཚུངས་པའི་འགལ་འཛོལ་ཕྲན་བུ་དེ་འདྲ་མཇལ་རྒྱུ་འདུག་ན། གལ་ཏེ་གུས་པའི་རྨོངས་འཆར་འདི་བཞིན་ཐད་པར་གཟིགས་ན་སླད་ཕྱིན་དེ་རིགས་མི་ཡོང་བའི་ཕྱག་བསྟར་དགོངས་ཀློང་དུ་མངའ་བར་འཚལ།
    དཔེ་མཚོན་ཙམ་ཞུས་ན། མ་རྩོམ་གྱི་བརྗོད་དུམ་མཐའ་མར་
    “If we don’t stop the Chinese government, more journalists and their families will be harmed, and our freedom will be eroded until it is lost.” ཞེས་གསལ་བ་དེ་སྐུ་ཉིད་ནས་

    ཱ”གལ་ཏེ་ང་ཚོས་རྒྱ་གཞུང་གི་བྱ་སྤྱོད་ལ་བཀག་འགོག་མ་བྱས་ཚེ། ཁོང་ཚོས་ང་ཚོའི་རང་དབང་འཐབ་རྩོད་ཀྱི་ནུས་པ་ཡོངས་སུ་མ་ཟད་བར་ནང་མི་དང་གསར་འགོད་པ་ཇེ་མང་ནས་ཇེ་མང་ལ་མནར་གཅོད་དང་དམ་དྲག་གི་བྱ་སྤྱོད་ལ་མཚམས་འཇོག་བྱ་མི་སྲིད།” ཅེས་པར་བསྒྱུར་གནང་འདུག་པ་དེ་

    “གལ་ཏེ་ང་ཚོས་རྒྱ་གཞུང་ལ་བཀག་འགོག་མ་བྱས་ཚེ། མ་འོངས་པར་གསར་འགོད་པ་དང་གསར་འགོད་པའི་ནང་མི་དེ་ལས་མང་བར་ཕོག་ཐུག་གཏང་སྟེ། ང་ཚོའི་རང་དབང་དེ་ཡོངས་སུ་མ་བརླགས་ཀྱི་བར་དུ་རིམ་ཟད་དུ་གཏོང་ངེས་རེད།” ཅེས་པ་ལྟར་བསྒྱུར་ན་གང་འདྲ་འདུག་གམ།
    འདི་ནི་གྲོས་ཤིག་བཏོན་པ་ཙམ་ཡིན་པས་གལ་ཏེ་ཚིག་ཐལ་དགོངས་འགལ་བྱུང་ན་བཟོད་གསོལ་ཞུ། ཁ་དྲོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese