མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཚོགས་ཆུང་གཉིས་དང་ཟིན་བྲིས་གཅིག་བཟོ་བཞིན་ཡོད།

བོད་ཀྱི་དུས་བབ།
༢༠༡༦/༠༤/༢༦
Share on FacebookShare on TwitterShare on EmailShare on Whatsapp

སྲིད་སྐྱོང་མཆོག་གིས་བཀའ་ཤག་དང་སྤྱི་འཐུས། འོས་བསྡུ་ལྷན་ཁང་བཅས་ཚོགས་འདུ་རིམ་པ་ཚོགས་ཏེ། འཕྲོད་བསྟེན་སྔོན་འགོག་གི་ཚོགས་ཆུང་ཞིག་དང་། ཉམས་ཐག་བསྐྱར་ཞིབ་ཀྱི་ཚོགས་ཆུང་། འོས་བསྡུའི་ལས་རིམ་བསྐྱར་བཅོས་ཀྱི་ཟིན་བྲིས་ཤིག་བཅས་གྲ་སྒྲིག་ཞུ་བཞི་ཡོད་གསུངས།

DSC_1252ཁ་སང་ཕྱི་དྲོའི་ཆུ་ཚོད་ ༢།༣༠  བོད་མིའི་སྒྲིག་འཛུགས་སྲིད་སྐྱོང་མཆོག་གིས་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་གསར་འགོད་ལྷན་ཚོགས་ཤིག་གནང་ཡོད། སྐབས་དེར་སྲིད་སྐྱོང་མཆོག་གིས་ཉེ་ལམ་སྨན་རྩིས་ཁང་ལོ་བརྒྱ་འཁོར་བའི་མཛད་སྒོའི་སྟེང་༧གོང་ས་མཆོག་གིས་བཀའ་ནན་གནང་བའི་ཐད། བོད་མིའི་སྒྲིག་འཛུགས་བཀའ་ཤག་དང་སྤྱི་འཐུས། དེ་བཞིན། དབུས་འོས་བསྡུ་ལས་ཁང་སོགས་ཀྱིས་ཚོགས་འདུ་སྔ་ཕྱི་ཚོགས་ཏེ། མ་འོངས་པར་ལས་འཆར་གང་དག་བསྒྲིགས་པའི་སྐོར་གསལ་བསྒྲགས་གནང་དོན། དེ་རིང་འདིར་གསར་འགོད་ལྷན་ཚོགས་བསྐོང་དགོས་དོན་ནི་དེ་སྔོན་སྤེལ་ཟིན་པའི་གསར་འགོད་གསལ་བསྒྲགས་ཀྱི་མཇུག་སྣོན་ཞིག་ཡིན། གཞི་རྩའི་ཚང་མས་མཁྱེན་གསལ་རེད། སྨན་རྩིས་ཁང་དབུ་བརྙེས་ནས་ལོ་ ༡༠༠ འཁོར་བའི་མཛད་སྒོར་༸གོང་ས་མཆོག་གིས་བཀའ་སློབ་ནན་པོ་ཕེབས་པ་གཞིར་བཟུང་། དེ་སྔོན་ཡང་རྣམ་པ་ཚོར་སྙན་གསེང་ཞུས་ཟིན་པ་ལྟར། བཀའ་ཤག་གི་ངོས་ནས་༸གོང་ས་མཆོག་གི་དགོངས་པ་དྭངས་ཆེད་དགོངས་སེལ་ཞུ་རྒྱུ་ཙམ་མིན་པར་ཕྱག་ལས་ལག་བསྟར་གནང་རྒྱུ་དེ་གལ་ཆེན་པོར་བརྩི་བཞིན་ཡོད། ༸གོང་ས་མཆོག་གིས་ཉམ་ཐག་དང་འཕྲོད་བསྟེན་སྔོན་འགོག་སྐོར་བཀའ་སློབ་ཕེབས་ཡོད།

དེ་བཞིན། བཀའ་ལུང་ནང་འོས་བསྡུ་དང་འབྲེལ་བའི་ཐོག་བཀའ་ལུང་ཕེབས་ཡོད་པར་བརྟེན། དེའི་ཐོག་བཀའ་ཤག་ལྷན་རྒྱས་ཐེངས་མང་འཛོམས་ཡོད་པ་མ་ཟད། བཀའ་སྤྱི་ཐེངས་གཉིས་གསུམ་ཙམ་འཛོམས་ནས་བཀའ་བསྡུར་བྱེད་རྒྱུ་བྱུང་། དེ་བཞིན་ཚོགས་གཙོ་སྦྲེལ་པོའི་ལྷན་ཐེངས་ཁ་ཤས་འཛོམས་ཏེ་བཀའ་བསྡུར་རིམ་པ་བྱུང་ཡོད། འོས་བསྡུ་དང་འབྲེལ་བའི་ཐོག་འོས་བསྡུ་ལྷན་ཁང་གི་འགན་འཛིན་དང་འགན་འཛིན་ལས་རོགས་དང་ལྷན་བཀའ་བསྡུར་རིམ་པ་བྱུང་ཡོད། བཀའ་བསྡུར་བྱུང་འབྲས་སུ་ད་ཐེངས་ཚོགས་ཆུང་རིམ་པ་གཉིས་དང་ཟིན་བྲིས་གཅིག་བཅས་གཏན་འཁེལ་བྱུང་ཡོད། ཚོགས་ཆུང་དང་པོ་དེ་འཕྲོད་བསྟེན་སྔོན་འགོག་དང་འབྲེལ་བའི་ཚོགས་ཆུང་འཛུགས་ཆེད་ང་ཚོས་རེ་འདུན་ཞུས་པ་ལྟར་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱས་མཆོག་གིས་མོས་མཐུན་གནང་ཡོད། ངག་དབང་འཕེལ་རྒྱས་ལགས་ནི་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ཙམ་མིན་པར་དེ་སྔ་འཕྲོད་བསྟེན་ལས་ཁུངས་ནང་ཕྱག་ལས་གནང་མྱོང་ཡོད་པ་མ་ཟད། ལྷན་ཁང་ཁག་གཞན་དང་སྐུ་ཚབ་དོན་ཁང་སོགས་ཀྱི་ནང་དུའང་ཕྱག་ལས་གནང་མྱོང་ཡོད། ཁོང་ལ་གང་ཅིའི་ཐད་ཉམས་མྱོང་ཚད་དང་ལྡན་པ་ཞིག་ཡོད་སྟབས་འཕྲོད་བསྟེན་ཚོགས་ཆུང་གི་ཚོགས་གཙོ་གནང་རྒྱུར་རེ་འདུན་ཞུས་པ་ལྟར་མོས་མཐུན་ཡང་གནང་བར་ཧ་ཅང་དགའ་པོ་བྱུང་། ཁོང་གི་ཕྱག་རོགས་སུ་དྲུང་ཟུར་ཡོངས་གྲགས་སུ་ཚེ་རྡོར་ལགས་སམ་ཚེ་རིང་རྡོ་རྗེ་ལགས་བསྐོས་ཡོད། ཁོང་གིས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཆེ་གནང་མྱོང་ཡོད་པ་མ་ཟད་ལྷན་ཁང་ཁག་གཞན་གི་ནང་དུའང་ཕྱག་ལས་གནང་མྱོང་ཡོད།

དེ་ནས་ཉམ་ཐག་ཚོགས་ཆུང་ནང་བཀའ་ཟུར་ཚེ་རིང་ཕུན་ཚོགས་མཆོག་བསྐོ་གཞག་གནང་ཡོད། ཁོང་གིས་ཆོས་རིག་བཀའ་བློན་གནང་ཡོད་པ་མ་ཟད་སྤྱི་འཐུས་ཀྱང་གནང་མྱོང་ཡོད། དེ་བཞིན་དེ་སྔ་གྲོས་ཚོགས་ནང་ཉམ་ཐག་ཚོགས་ཆུང་ནང་ཕྱག་ལས་གནང་སྟེ་ཉམས་མྱོང་མཆོག་ཏུ་གྱུར་བ་ཞིག་ཡོད། ཁོང་གི་ཕྱག་རོགས་སུ་དྲུང་ཟུར་བཀྲ་ཤིས་ཕུན་ཚོགས་ལགས་བསྐོ་གཞག་གནང་ཡོད། ཁོང་ནི་དེ་སྔ་ནང་སྲིད་ལས་ཁུངས་ཀྱི་དྲུང་ཆེ་ཡུན་རིང་གནང་མྱོང་ཡོད་པ་མཟད། ལྷན་ཁང་ཁག་དང་འཛིན་སྐྱོང་སོགས་སྤྱི་ཡོངས་ཀྱི་ཉམས་མྱོང་ཚད་དང་ལྡན་པ་ཡོད་པའི་མི་སྣ་ཞིག་ཆགས་ཡོད།

དམིགས་བསལ་ཉམས་ཐག་ཞེས་རྗོད་སྐབས་ནང་ཤེས་འཕྲོད་གསུམ། ནང་སྲིད། ཤེས་རིག དེ་བཞིན་འཕྲོད་བསྟེན་བཅས་གསུམ་ཀར་འབྲེལ་བ་ཡོད་སྟབས། ཉམས་ཐག་ཚོགས་ཆུང་ཞིག་ཡོད་པ་རེད། ཚོགས་ཆུང་དེའི་ཐོག་ལ་བཀའ་ཟུར་ཚེ་རིང་ཕུན་ཚོགས་ལགས་དང་། དྲུང་ཟུར་བཀྲ་ཤིས་ཕུན་ཚོགས་ལགས་རྣམ་གཉིས་ཕྱག་ལས་ནང་རྒྱུར་ཐུགས་གཏན་འཁེལ་ཡོད། ཁོང་རྣམ་པ་ཚོ་ད་ལན་ཕལ་ཆེར་ཕྱི་ཟླ་ལྔ་པའི་ཟླ་དཀྱིལ་མ་འགྱང་པར་ཕྱག་ལས་དབུ་འཛུགས་གནང་གི་རེད། ང་ཚོས་བཀའ་ཤག་ནས་ཁོང་རྣམ་པར་ཟླ་བ་གསུམ་ནང་ཚུན་སྙན་ཐོ་ཞིག་འབུལ་ཚར་བ་གནང་རོགས་གནང་ཞེས་རེ་སྐུལ་ཞུས་ཡོད། གང་ཡིན་བརྗོད་ན་ཟླ་བ་གསུམ་ནང་ཚུན་སྙན་ཐོ་དེ་ཚ་ཚ་འུར་འུར་ཐོག་ནས་བྱུང་བ་ཡིན་ན་བཀའ་ཤག་གསར་པ་ཕེབས་སྐབས་ལག་བསྟར་གནང་རྒྱུར་ཐུགས་ཕན་གསོས་པ་ཡོང་གི་རེད། འཕྲོད་བསྟེན་ལྟ་བུར་མཚོན་ན། འཕྲོད་བསྟེན་བཀའ་བློན་དང་དྲུང་ཆེ་ཟུར་པ། ས་གནས་ཁག་ལ་ཡོད་པའི་སྨན་ཁང་གི་འགན་འཛིན་དང་བཀའ་བསྡུར་གནང་རྗེས། ཁོ་རང་ཚོའི་དགོངས་ཚུལ་ཚུར་སྤུངས་ནས་སྙན་ཐོའི་ནང་ལ་བཀའ་ཤག་འདིའི་ཐོག་ནས་རེད།

དམིགས་བསལ་འཕྲོད་བསྟེན་ལས་ཁུངས་ཐོག་ནས་ག་རེ་གནང་དགོས་ཡོད་མེད་ཐོག་ང་ཚོས་རེ་བ་ཞུ་གི་ཡོད། དེ་དང་འབྲེལ་བའི་ཐོག་ནས་ཕྱི་ཟླ་ལྔ་པའི་ཚེས་ ༡༦།༡༧།༡༨ བཅས་ལ་འཕྲོད་བསྟེན་ལས་ཁུངས་ནས་དམིགས་བསལ་སྔོན་འགོག་དང་འབྲེལ་བའི་ཐོག་ནས་འཕྲོད་བསྟེན་གྱི་ཚོགས་ཆེན་ཞིག་ཚོགས་རྒྱུ་རེད། ཉིན་གསུམ་དེའི་རིང་ས་གནས་འཕྲོད་བསྟེན་ཡན་ལག་སྨན་ཁང་ཁག་དང་། སློབ་གྲྭ དགོན་སྡེ་ཁག་གི་སྐུ་ཚབ་བཅས་ཁྱོན་མི་གྲངས་དྲུག་ཅུ་ནས་བརྒྱད་ཅུ་བར་ཕེབས་ནས་ཉིན་གསུམ་རིང་འཕྲོད་བསྟེན་སྔོན་འགོག་ཆེད་དུ་ག་རེ་གནང་རྒྱུ་ཡོད་མེད་སྐོར་སོགས་ཀྱི་ཐོག་ལ་བཀའ་བསྡུར་གནང་ནས་ལས་རིམ་དེ་འདྲ་ཞིག་བང་བསྒྲིགས་ཡོད། ཚང་མས་མཁྱེན་གསལ་བཞིན་ཨ་རིའི་རོགས་ཚོགས་ USAID ནས་ང་ཚོ་བོད་ཀྱི་ཐེབས་རྩ་བརྒྱུད་ནས་འཕྲོད་བསྟེན་ལས་ཁུངས་ལ་ཨ་རིའི་སྒོར་མོ་ཌོ་ལར་ས་ཡ་གསུམ་ཡོང་གི་ཡོད།

དེ་དང་འབྲེལ་བའི་ཐོག་ནས་ USAID ཡིན་ནའང་ཉམས་ཞིབ་བྱས་དང་བྱེད་བཞིན་པ་རེད། དེ་ཡང་ཁྱད་མཁས་མི་སྣ་མང་པོ་ཞིག་དང་མཉམ་དུ་བཀའ་བསྡུར་གནང་ནས་འཕྲོད་བསྟེན་ལས་ཁུངས་ནས་ལོ་གསུམ་ནང་སྔོན་འགོག་དང་འབྲེལ་བའི་ལས་དོན་ག་རེ་ག་རེ་བྱས་ཡོད་པ་ཁྱད་མཁས་མི་སྣ་ཚོའི་དགོངས་ཚུལ་དེ་དག་ཀྱང་སྤུངས་ནས་འཕྲོད་བསྟེན་ཚོགས་ཆུང་ངོས་ནས་མང་ཚོགས་ནང་ཐུགས་ཕན་གསོས་པའི་ལས་གཞི་ཁག་ཏན་ཏན་ཐོན་ཡོང་གི་རེད་བསམས་པའི་རེ་བ་ཞུ་གི་ཡོད། ཚོགས་ཆུང་གཉིས་ཀྱི་སྐོར་དེ་ཙམ་ཡིན།

དོན་ཚན་གསུམ་པ་དེ། ད་ལམ་བཀའ་ལུང་ནང་ཕེབས་ཡོད་པ་མ་ཟད། སྤྱི་ཚོགས་ནང་ལའང་ངོས་ལེན་བྱེད་ཀྱི་ཡོད། ང་ཚོའི་སྤྱི་ཚོགས་ནང་ལ་གཞི་རྩའི་སྔོན་འགྲོའི་འོས་བསྡུའི་བར་དུ་སྤྱི་ཚོགས་ལྷིང་འཇགས་པོ་བྱུང་ཡོད། དངོས་གཞིའི་སྔོན་གྱི་ཟླ་བ་གསུམ་ནང་སྤྱི་ཚོགས་འཁྲུག་ཆ་དོད་པོ་བྱུང་ཡོད། ཁ་སང་དཔལ་ལྡན་ཚོགས་གཙོ་མཆོག་གིས་འདིར་ཕེབས་ནས་ཞུས་པ་རེད། དེ་བཞིན་ཚོགས་གཙོས་གྲོས་ཚོགས་ནང་ལའང་གསུངས་ཡོད། སྲིད་སྐྱོང་འདིར་བཅར་ནས་དམངས་ལའང་ཞུས་པ་ཡིན། འོས་བསྡུའི་ནང་ཆ་ཤས་ལེན་མཁན་ཚང་མས་འགན་དེ་འཁྱེར་དགོས་ཀྱི་ཡོད། ད་ལན་སྤྱི་ཚོགས་ནང་ཧ་ཅང་འཁྲུག་པོ་བྱུང་ཡོད། དེར་བརྟེན་མ་འོངས་པ་དེ་འདྲ་མི་ཡོང་བའི་ཆེད་དུ་ག་རེ་བྱེད་རྒྱུ་ཡོད་རེད། ཅེས་བཀའ་བསྡུར་རིམ་པ་མང་པོ་བྱུང་སོང་། འོས་བསྡུའི་འགན་འཛིན། འགན་འཛིན་ལས་རོགས་རྣམ་པ། ཚོགས་གཙོ་ཚོགས་གཞོན་བཅས་བཀའ་སྤྱི་ཚོགས་འདུའི་སྐབས་འོས་བསྡུའི་སྒྲིག་གཞིར་འགྱུར་བ་གཏོང་དགོས་མིན་ཐད་བཀའ་བསྡུར་གནང་དགོས་འདུག་ཅེས་གོ་བསྡུར་རིམ་པ་མང་པོ་བྱུང་ཡོད། ཚང་མས་མོས་མཐུན་ཡོད་པ་དེ་ག་རེ་རེད་བརྗོད་ན། འོས་བསྡུའི་ལས་རིམ་དེ་རིང་དྲགས་འདུག ཅེས་ཕྱི་ཟླ་དྲུག་པ་ནས་གསལ་བསྒྲགས་བྱས་ནས་བཞི་པ་བར་བྱས་ཡོང་སྐབས་ཟླ་བ་དགུའམ་བཅུ་ཆགས་ཀྱི་ཡོད། དུས་ཚོད་རིང་པོ་དེའི་ནང་ལ་ང་རང་སྒེར་གྱི་ཉམས་མྱོང་ཡིན། ངས་ཀྱང་འོས་བསྡུའི་ནང་ཆ་ཤས་ཐེངས་བཞི་ཙམ་བླངས་པ་རེད། དུས་ཚོད་རིང་པོ་ཆགས་པའི་རྐྱེན་གྱིས་ག་རེ་ཆགས་ཀྱི་འདུག་བརྗོད་ན། དེའི་ནང་ལ་གཙོ་ཆེ་ཤོས་འོས་མིས་ཆ་ཤས་བླང་དགོས་ཀྱི་ཡོད། རྒྱབ་སྐྱོར་བྱེད་མཁན་ཚོ་ཡིན་ནའང་ཏན་ཏན་ཁོ་རང་ཚོའི་གཏམ་བརྗོད་རང་དབང་དང་མང་གཙོའི་འགྲོ་སྟངས་ཀྱི་ཆ་ནས་གསུང་རྒྱུའི་གོ་སྐབས་བསྐྲུན་དགོས་ཀྱང་། དུས་ཚོད་རིང་དྲགས་པས་དུས་ཚོད་དེའི་ནང་དུས་རྒྱུན་སྤྱི་ཚོགས་ནང་འགན་ཁུར་དང་ཕྱག་ལས་མ་གནང་མཁན་ཞིག་གིས་སྤྱི་ཚོགས་དྲ་རྒྱའམ་སྐད་འཕྲིན་དེ་དག་གི་ནང་གཞི་མེད་ཀྱི་སྐྱོན་འཛུགས་འདྲ་མིན་སྣ་ཚོགས་གསུངས་པ་ལ་བརྟེན་ནས་དོལ་རྒྱལ་རྗེས་འབྲང་པ་ཚོས་གོ་སྐབས་འཇུས་ནས་སྤྱི་ཚོགས་ནང་དཀྲོག་གཏམ་སྤེལ་རྒྱུ། དེ་བཞིན་རྒྱ་ནག་གཞུང་དང་འབྲེལ་བ་ཡོད་པའི་ཐོག་ནས་སྤྱི་ཚོགས་དྲ་རྒྱའི་ནང་མིང་མེད་པའི་ཐོག་ནས་འདྲ་མིན་སྣ་ཚོགས་བཤད་སྐབས་རང་བཞིན་གྱི་སྤྱི་ཚོགས་འཁྲུག་ཆ་དོད་པོ་ཆགས་ཡོང་གི་ཡོད། དུས་ཚོད་རིང་དྲགས་པས་ཞེན་ཁོག་དང་འཐེན་འཁྱེར་ཡང་ཡོང་གི་ཡོད།

དངོས་འབྲེལ་བྱས་ན་འོས་མིས་གང་གསུང་རྒྱུ་འདུག འཆར་སྣང་དང་། འཆར་གཞི། ལས་གཞི་གང་འདུག དེ་དག་གཙོ་བོར་གཞི་ལ་བཞག་པའི་ཐོག་ནས་འོས་བསྡུའི་འགྲན་བསྡུར་བྱས་དགོས་ཀྱང་། འབྲེལ་བ་དང་ཇུས་གཏོགས་མེད་ཀྱང་དུས་ཚོད་ཡོད་མཁན་ཁག་གཅིག་གིས་བར་དུ་འཛུལ་ནས་སྤྱི་ཚོགས་ནང་དཀྲོག་གཏམ་སྤེལ་ཡོང་སྐབས། འཕྲལ་ཕུགས་རྒྱང་གསུམ་ནས་གནོད་རྒྱུ་མ་གཏོགས་ཕན་རྒྱུ་གང་ཡང་མེད་པར་བརྟེན། འོས་བསྡུའི་དུས་ཚོད་དེ་ཉུང་དུ་གཏང་དགོས་འདུག་པ་དང་། ཉུང་དུ་ཇི་ལྟར་གཏོང་དགོས་དེའི་ཐོག་བཀའ་བསྡུར་འགྲོ་བཞིན་ཡོད། གཙོ་ཆེ་ཤོས་འོས་བསྡུའི་སྒྲིག་གཞི་འདི་མཐའ་མའི་ཐག་གཅོད་གྲོས་ཚོགས་ནས་ཐག་གཅོད་གནང་དགོས། གྲོས་ཚོགས་ནང་འོས་བསྡུའི་སྒྲིག་གཞི་ཟིན་བྲིས་འཁྱེར་ནས་ཐག་གཅོད་གནང་བ་ཡིན་ན། དེ་གཞིར་བཟུང་འགྲོ་དགོས། འོན་ཀྱང་འོས་བསྡུའི་དུས་ཚོད་རིང་དྲགས་འདུག་ཅེས་མི་མང་སོགས་ཚང་མས་མོས་མཐུན་བྱུང་ཡོད་སྟབས། དེའི་ཐོག་ག་རེ་གནང་གི་ཡིན། ཞེས་ད་ལྟའི་ཆར་འོས་བསྡུ་ལས་ཁུངས་ནས་དེའི་ཐོག་ཕྱག་ལས་གནང་བཞིན་པ་རེད། རིམ་པས་གྲོས་ཚོགས་ནང་ཟིན་བྲིས་འཁྱེར་ཏེ་གྲོས་འཆར་འཁྱེར་དགོས་ཀྱི་ཡོད། དེ་གཞིར་བཟུང་ཏན་ཏན་གྲོས་ཚོགས་ནས་ཐུགས་ཐག་གཅོད་རྒྱུ་ཡིན་སྟབས། རིམ་པས་ཡོང་གི་རེད་སེམས་ཀྱི་འདུག

དེ་རིང་འདིར་རྣམ་པ་ཚོར་སྙན་སེང་ཞུ་རྒྱུ་དང་། གོང་དུ་ཞུས་པ་བཞིན་མཇུག་སྣོན་རང་ཡིན། ཁ་སྔོན་བཀའ་ཤག་ངོས་ནས་ཕྱག་ལས་གནང་གི་ཡིན། ཞེས་ཞུས་ཡོད་སྟབས། དེ་ལྟར་བར་མཚམས་རིང་པོ་ལྷག་པ་ཡིན་ན། མི་མང་ནང་གཅིག་བྱེད་ཀྱི་ཡིན། གཉིས་བྱེད་ཀྱི་ཡིན། ཞེས་གསལ་བསྒྲགས་བྱས་སོང་སྟེ། དོན་དག་དབབ་རྒྱུ་གང་ཡོད། ཅེས་ཏན་ཏན་དོགས་འདྲི་ཡོད་ངེས་རེད། དོགས་འདྲི་ཡོད་པ་ཡིན་ན། ད་རེས་བཀའ་ཟུར་དང་། སྤྱི་ཚོགས་ནང་ཆེ་མཐོང་ཡོད་པའི་མི་སྣའི་ཚོགས་ཆུང་བཙུགས་ཏེ་ལས་རིམ་ལག་བསྟར་འགྲོ་མུས་ཡིན། ཞེས་རྣམ་པ་ཚོར་ཞུ་རྒྱུ་གཙོ་བོ་འདི་ཡིན། ད་རེས་ངས་དོན་ཚན་གསུམ་གྱི་ཐོག་ནས་རྣམ་པ་ཚོར་སྙན་སེང་ཞུས་པ་ཡིན། དེ་ནས་ཉིན་གཉིས་གསུམ་ནང་གསར་འགོད་ལྷན་ཚོགས་ཏན་ཏན་བསྐོང་དགོས་ཆགས་ཀྱི་རེད་དྲན་གྱི་འདུག རྣམ་པ་ཚོར་དྲི་བ་གང་ཡོད་པ་རྣམས་སྐབས་དེར་ལན་ཞུས་ཆོག དེ་རིང་ངས་འཛིན་སྐྱོང་དང་ལས་དོན་ཐོག་རྣམ་པ་ཚོར་སྙན་སེང་ཞུ་ཆེད་ཡོང་བ་ཡིན།  ཞེས་གསུངས། །

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༥ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༦ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༢༠ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 5

  1. གཡུ་ཐོག says:
    ལོ་ 10 སྔོན།

    ཕལ་ཆེར་སྲིད་སྐྱོང་བློ་སེང་མཆོག་ནས་སྨན་རྕིས་ཁང་གི་བརྒྱ་སྟོན་ཉིན་མོར་བསྩལ་བའི་བཀའ་སློབ་ནང་ནས་ཉམ་ཐག་དང་འཕྲོད་བསྟེན་སྔོན་འགོག་མ་ཏོག་རྟོགས་མེད་པ་འདྲ། ཡ་ཡ། ཁ་ཡམ་ཡམ་དངོས་གནས་རེད་ཤག

    Reply
  2. བསྟན་པ། says:
    ལོ་ 10 སྔོན།

    ཉིན་ཤས་གོང་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་ལ་དྭགས་ལ་ཕྱིན་ནས་ཕྱོགས་རིས་ཕྱོགས་ཀྱི་ལས་ངན་ག་རེ་བྱས་ཡོད་མེད་ལ་མི་མང་ཚང་མས་ཞིབ་འཇུག་གནང་རོགས་ཞུ། །

    Reply
  3. བསྟན་པ། says:
    ལོ་ 10 སྔོན།

    བརྩོན་རྒྱམ་ལགས། ངས་བཤད་པར་ཁྱེད་ཀྱིས་དེ་ཙམ་ཡིད་ཆེས་མི་གནང་པ་ལ་ཁག་མེད། འོན་ཀྱང་དེ་འདྲ་བྱུང་མེད་ན་སྲིད་སྐྱོང་ང་ཚོའི་སྲིད་སྐྱོང་ཡིན་པ་ལས་རྒྱ་དམར་གྱི་སྲིད་སྐྱོང་མ་རེད། དེ་བཞིན་བཀའ་ཤག་ང་ཚོའི་བཀའ་ཤག་ཡིན་པ་ལས་གཞན་གྱི་བཀའ་ཤག་མ་རེད། དེར་བརྟེན་ངས་ཀྱང་ཁོང་ཚོར་གུས་ཞབས་དང་། ཆེ་མཐོང་ཕུལ་དགོས་པ་ཤེས་ཀྱི་ཡོད།
    འོན་ཀྱང་ཁྱེད་ཀྱིས་ཞིབ་འཇུག་ཡག་པོ་གནོངས་དང་། ཤེས་ངེས་ཡོད།

    Reply
  4. བརྩོན་རྒྱམ། says:
    ལོ་ 10 སྔོན།

    བསྟན་པ་ལགས་དོན་དམ་དེ་འདྲ་ཞིག་ཡིན་མི་སྲིད་པ་ལྟ་བུ་རེད། ངོ་མ་དེ་འདྲ་ཞིག་བྱུང་ཡོད་པ་ཡིན་ན་སྲིད་སྐྱོང་མཆོག་གིས་འབྱུང་འགྱུར་ལོ་ལྔའི་ལས་ཀའི་གྲུབ་འབྲས་གསལ་བོ་རེད་ཡིན་ན་ཡང་ངས་ལྟས་ན་དེ་དག་དག་ཞིག་ཡིན་རྒྱུ་མ་རེད་འདོད་ཡོད་གང་ཡིན་ཟེར་ན་ལྷ་མི་ཚང་མའི་བཀའ་གང་འདྲ་གནང་ཡོད་པ་མཁྱེན་གསལ་རེད།

    Reply
  5. བསྟན་པ། says:
    ལོ་ 10 སྔོན།

    སྲིད་སྐྱོང་ལགས། ཉིན་ཤས་གོང་ལ་ཆོས་རིག་བཀའ་བློན་ལ་དྭགས་སུ་སོང་ནས་དེ་སྔོན་ཚོགས་གཙོ་སྤེན་པ་ཚེ་རིང་ལ་རྒྱབ་སྐྱོར་གནང་མཁན་རིགས་ཕམ་པར་རྒྱག་བཞིན་འདུག ཁོ་པས་ཕྱོགས་རིས་ཕྱོགས་ཞེན་གྱི་ལས་ཀ་ཤ་སྟག་བྱས་སོང་བས། སྲིད་སྐྱོང་ལགས་ཀྱིས་དེའི་ཆེད་ལས་ཀ་ག་རེ་བྱེད་རྩིས་ཡོད་དམ། བཀའ་ཤག་ཁྱོད་ཚོས་ད་དུང་བོད་མིའི་སྤྱི་ཚོགས་དཀྲུགས་ཀྱི་ཡིན་ནམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese