མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱི་འཐུས་ཚོགས་གཙོ་མཆོག་གིས་བློ་བཟང་སེང་གེ་བསྐྱར་དུ་སྲིད་སྐྱོང་ལ་བདམས་འཐོན་བྱུང་བར་འཚམས་འདྲི་ཞུས།

བོད་ཀྱི་དུས་བབ།
༢༠༡༦/༠༤/༢༨
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ སྟེང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ལས་ཁུངས་སུ་ཆེད་ཕེབས་ཀྱིས་ཕྱི་ལོ་ད་ལོའི་འོས་བསྡུ་ཆེན་མོའི་ཁྲོད་སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་མཆོག་བསླར་ཡང་སྲིད་སྐྱོང་དུ་བདམས་ཐོན་བྱུང་བར་དགའ་བསུའི་འཚམས་འདྲི་ཞུས།

DSC_12631སྐབས་དེར་ཚོགས་གཙོ་མཆོག་གིས་སྲིད་སྐྱོང་ལ་མཇལ་དར་ཕུལ་རྗེས་གསུངས་དོན། ཁ་སང་ཚེས་ ༢༧ ཉིན་བོད་མིའི་སྒྲིག་འཛུགས་དབུས་འོས་བསྡུ་ལས་ཁང་ནས་གཞུང་འབྲེལ་སྐབས་ ༡༥ པའི་སྲིད་སྐྱོང་དང་། སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ཀྱི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་གནང་བ་རེད། ནམ་རྒྱུན་ང་ཚོའི་འགྲོ་ལུགས་ནང་བཞིན་རྒྱལ་ཁ་ཐོབ་མཁན་ཚོར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུའི་ཆེད་དང་། ལྷག་པར་ང་རང་སྲིད་སྐྱོང་འོས་མི་ཞིག་ཡིན་པའི་ཆ་ནས་ཐེངས་འདིའི་སྲིད་སྐྱོང་འོས་བསྡུའི་སྐབས་རྒྱལ་ཁ་ཐོབ་མཁན་སྲིད་སྐྱོང་ལས་ཐོག་བློ་བཟང་སེངྒེ་མཆོག་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་མཚོན་བྱེད་དུ་མཇལ་དར་འབུལ་ཆེད་བཅར་བ་ཡིན། དེ་བཞིན། སྤྱི་འཐུས་གསར་པ་ཐོབ་མཁན་ཡོངས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

ང་ཚོའི་འོས་བསྡུ་ལས་རིམ་ཁྲོད་ནས་སྤྱི་ཚོགས་ནང་གནས་ཚུལ་ལབ་གླེང་མང་པོ་ཞིག་བྱུང་ཡོད། ང་རང་ངོས་ནས་ཀྱང་ཐོག་མར་འོས་བསྡུའི་ནང་ལངས་པའི་སྐབས་ནས་འོས་བསྡུའི་ནང་བཞེངས་མཁན་གཞན་པ་ཚོར་མཚན་སྨད་མ་ཞུ་རྒྱུ་དང་། གཞི་མེད་ཀྱི་སྐྱོན་བརྗོད་མི་བྱེད་རྒྱུའི་དམ་བཅའ་བརྟན་པོ་བཞག་པ་ཡིན། འོས་བསྡུའི་བརྒྱུད་རིམ་འདིའི་ཐོག་ནས་བྱང་ཨ་རིའི་ས་ཁུལ་ཁག་བརྒྱད་ལ་འགྲོ་རྒྱུའི་གོ་སྐབས་བྱུང་། དེ་བཞིན་ཡུ་རོབ་ས་ཁུལ་ཁག་བཞི། རྒྱ་གར་ནང་ཆ་བཞག་ན། སྔོན་འགྲོའི་སྐབས་སུ་ས་ཁུལ་ཁག་ཉི་ཤུ་རྩ་བཞི་ཙམ་དང་། དངོས་གཞིའི་སྐབས་ས་ཁུལ་ཁག་སུམ་ཅུ་མན་ཙམ་གྱི་ནང་ཕྱིན་ཏེ། གང་ལྟར་ཆུ་ཚོད་གསུམ་ནས་ལྔ་བར་བཏང་ནས་སོ་སོའི་བྱེད་འཆར་སོགས་གང་ཅིའི་ཐོག་མི་མང་ལ་ཁ་གསལ་པོ་ཞུ་རྒྱུའི་གོ་སྐབས་དང་ཐུག་འཕྲད་བྱེད་རྒྱུའི་གོ་སྐབས་བྱུང་།

སྤྱིར་བཏང་གི་འོས་བསྡུའི་བརྒྱུད་རིམ་འདིའི་ཐོག་ནས་ལབ་གླེང་མང་པོ་ཞིག་བྱུང་བ་རེད། ཞན་པའི་ཆ་མང་པོ་ཞིག་བྱུང་བ་རེད་ལ་ལེགས་པའི་ཆའང་གང་ཙམ་བྱུང་སོང་། མི་མང་ལ་གོ་རྟོགས་སྤེལ་རྒྱུ་སོགས་གང་ཅིའི་ཐད་ནས་ཡག་པོ་བྱུང་སོང་། ཞན་པའི་ཆ་ནི། འོས་མི་ལང་མཁན་དང་རྒྱབ་སྐྱོར་བྱེད་མཁན་ནང་ཡིན་ནའང་རེད། སྤྱི་ཚོགས་དྲ་རྒྱའི་ནང་སྐད་ཆ་མང་པོ་བྱུང་ནས་ ༸གོང་ས་མཆོག་གིས་ད་བར་སྐུ་ངལ་སྐྱོན་ནས་བོད་ཆོལ་ཁ་གསུམ་གྱི་བོད་མི་ཡོངས་རྫོགས་ཆིག་སྒྲིལ་གྱི་ནུས་པ་གོང་བུ་བསྒྲིལ་རྒྱུའི་སླད་སྐུ་ལས་སྐྱོན་པ་འདིའི་ད་ལྟའི་འོས་བསྡུའི་ལས་རིམ་འདིའི་ནང་ཆོལ་ཁ་དང་། ལུང་ཚན་དེ་འདྲའི་འཐེན་འཁྱེར་གྱི་རྣམ་པ་ཤུགས་ཆེན་པོ་བྱུང་བར་བརྟེན། ༸རྒྱལ་བ་རིན་པོ་ཆེ་མཆོག་ཐུགས་བློ་མ་བབ་པ་དང་། ད་བར་སྐུ་ལས་སྐྱོན་པ་དེ་དག་མ་འོངས་པར་གང་འདྲ་ཆགས་ཡོང་བསམས་པའི་ཐུགས་འཚབ་བྱུང་བ་འདི་ང་ཚོས་བཅོས་ཐབས་བྱེད་དགོས།

དེར་བརྟེན། ང་རང་སྲིད་སྐྱོང་འོས་མི་ཞིག་ཡིན་པའི་ཆ་ནས་༸གོང་ས་མཆོག་གི་ཐུགས་ལ་མ་བབ་པ་དང་། ཐུགས་འཚབ་མཛད་པ། ང་ཚོས་ལས་དོན་བྱེད་ཕྱོགས་ཐོག་ནས་༸གོང་ས་མཆོག་ལ་ཐུགས་འཚབ་བྱུང་བ་འདི་སྙིང་ཁོངས་རུས་པའི་གཏིང་ནས་དགོངས་གསོལ་ཞུ་རྒྱུ་དང་། མ་འོངས་སླད་ཕྱིན་འདི་རིགས་རྩ་བ་ཉིད་ནས་མི་ཡོང་རྒྱུ། ལྷག་པར་སོ་སོ་རང་ཉིད་ངོས་ནས་ཀྱང་དམ་བཅའ་བཞག་རྒྱུ་དང་། སོ་སོར་རྒྱབ་སྐྱོར་བྱེད་མཁན་ཚོ་ཡིན་ནའང་། སོ་སོས་ལྟ་སྟངས་ལྟར་ན། དངོས་གནས་ལྷག་བསམ་རྣམ་དག་གིས་ང་རང་གིས་བསམ་ཡུལ་ལས་འདས་པའི་རྒྱབ་སྐྱོར་བྱས་པ་དང་། གཞི་མེད་སྐྱོན་བརྗོད་ལ་སོགས་པའི་སྒྲོ་འདོགས་བྱེད་རྒྱུ་དེ་འདྲ་བྱུང་མ་སོང་བསམས་པ་དེ་འདྲ་བྱུང་། འོན་ཀྱང་ང་ཚོ་མ་ཤེས་རྨོངས་པའི་འོག་ནས་གནས་ཚུལ་དེ་འདྲ་བྱུང་བ་ཡོད་ན། དེ་དག་ལ་ལྷག་བསམ་རྣམ་དག་ཐོག་ནས་བཟོད་གསོལ་ཞུ་བཞིན་ཡོད། དེ་རིང་ནས་གོང་དུ་ངས་དཔལ་ལྡན་སྲིད་སྐྱོང་ལས་ཐོག་མཆོག་ཡང་བསྐྱར་འོས་ཐོབ་པའི་འཚམས་འདྲི་ཞུས་པའི་སྐབས་སུའང་ཞུས་པ་ཡིན། དེ་རིང་ནས་བཟུང་སྟེ་ང་ཚོས་དེ་སྔའི་གནས་ཚུལ་གང་ཡིན་པ་ཡིན་ནའང་དེ་དག་ཕར་བཞག་སྟེ། ༸གོང་ས་མཆོག་གིས་བཀའ་དགོངས་གཞིར་བཟུང་བྱས་ནས་ལེའུ་གསར་པ་ཞིག་འཛུགས་དགོས་པའི་གནས་སྟངས་ཆགས་ཡོད།

དེ་བཞིན་ལས་ཀྱི་སྣེ་མོ་བ་ཚོ་ཡིན་ནའང་ཕྱག་ལས་གནང་ཕྱོགས་ཐོག་ནས་༸སྐུ་མདུན་གྱིས་དགོངས་པ་སྔ་རྗེས་ཚང་མ་བསྒྲུབ་རྒྱུ་དང་། ང་རང་ཚོའི་གནས་བབས་དང་མཐུན་པའི་ཐོག་ནས་ལས་ཀ་བྱེད་རྒྱུ། ༸རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་སུན་པོ་དང་། ཐུགས་འཚབ་མཛད་དགོས་པ་དེ་འདྲ་མི་ཡོང་རྒྱུ།  མི་མང་ཚོའི་ངོས་ནས་ཡིན་ནའང་སྲིད་སྐྱོང་དང་བཀའ་ཤག སྤྱི་འཐུས། ལས་ཀྱི་སྣེ་མོ་བ་ཚོ་ཡིན་ནའང་ལས་དོན་ཧྲ་ཐག་ཐག་ཅིག་ཡོད་བསམས་པའི་ཡིད་ཆེས་རྙེད་པ་ཞིག་བསྐྲུན་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། འདི་བོད་ཕྱི་ནང་གཉིས་ཀྱི་བོད་མི་རྣམས་དང་། ལྷག་པར་བོད་དོན་ཐོག་རྒྱབ་སྐྱོར་དང་དོ་སྣང་གནང་མཁན་རྒྱལ་སྤྱིའི་སྤྱི་ཚོགས་བཅས་ལ་ང་ཚོས་གོ་བརྡ་གསལ་པོ་དང་ཡག་པོ་ཞིག་སྤྲོད་དགོས་པ་དེ་གནད་འགག་ཆེན་པོ་ཆགས་ཡོད།

དེར་བརྟེན། ང་རང་ངོས་ནས་ཡིན་ནའང་དེ་སྔོན་ནས་ཞུས་པ་གཞིར་བཟུང་རྒྱལ་ཁ་ཐོབ་མིན་ལ་མ་ལྟོས་པར་མི་ཚེ་ལྷག་མ་བོད་སྤྱི་པའི་རྩ་དོན་ཆེད་གོ་གནས་ཡོད་མིན་ལ་མ་ལྟོས་པར་ལས་ཀ་བྱ་རྒྱུའི་དམ་བཅའ་བརྟན་པོ་ཡིན། དེ་བཞིན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་བསྒྲུབ་རྒྱུར་དབུ་འོག་དཔུང་འདེགས་གང་འདྲ་ཞིག་ཞུ་དགོས་ཡོད་ནའང་འདྲ། འཛིན་སྐྱོང་བཀའ་ཤག་གི་ལས་དོན་གང་འདྲ་ཞིག་གི་ཐོག་ལ་མཐུན་འགྱུར་གང་འདྲ་ཞིག་ཞུ་དགོས་ཡོད་ནའང་དེ་ལྟར་ཞུ་བརྩིས་ཡོད། ཅེས་ཞུ་རྒྱུ་ཡིན། མང་ཚོགས་ཡིན་ནའང་འདས་པའི་གནས་ཚུལ་གང་བྱུང་བ་རྣམས་ད་ཆ་འདས་ཟིན་པ་ཡིན་སྟབས། བསྐྱར་ལོག་བྱས་ནས་བཅོས་རྒྱུ་མེད། མ་འོངས་པར་དེ་རིགས་མི་ཡོང་ཆེད་དུ་ང་རང་ཚོ་ཚང་མས་དམ་ཚིག་བརྟན་པོའི་ཐོག་ནས་ལས་ཀ་བྱེད་དགོས་རྒྱུ་དང་དགོངས་པ་བཞེས་དགོས་པ་དེ་གལ་ཆེན་པོ་རེད། ངས་དེ་སྔོན་ནས་འབོད་སྐུལ་ཞུས་པ་བཞིན་ཚང་མས་ནུས་པ་མཉམ་སྤུངས་གནང་རོགས་གནང་ཞེས་སླར་ཡང་འབོད་སྐུལ་ཞུ་རྒྱུ་ཡིན། ད་ལྟའི་ ༸གོང་ས་མཆོག་གི་ཐུགས་དགོངས་དྭངས་པའི་ཆེད་དུ་འཛིན་སྐྱོང་བཀའ་ཤག་ངོས་ནས་འབད་བརྩོན་གནང་རྒྱུ་དེ་དག་ཏན་ཏན་གནང་གི་རེད་ལ། གནང་བའི་ཡིད་ཆེས་ཀྱང་བྱེད་ཀྱི་ཡོད། དེ་རིང་གནས་ཚུལ་འདི་བྱུང་ནས་སྤྱི་འཐུས་ཟུར་པ་རྣམ་པ་ཚོ་ཡིན་ནའང་རེད། དེ་བཞིན། ལས་བྱེད་བགྲེས་ཡོལ་ལ་ཕེབས་མཁན་གྱི་ལས་བྱེད་རྒན་པ་ཚོའི་ནང་ལ་ཧ་ཅང་གི་བློ་ཕམ་གནང་གི་འདུག དེའི་ཐོག་ལ་གོ་བསྡུར་སྦྱངས་བཤད་གནང་ནས་ཚང་མས་ནུས་པ་མཉམ་སྤུངས་གནང་རོགས་གནང་། ཞེས་སོགས་གསུངས་ཡོད་པ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བར་འཁོད་འདུག

འབྲེལ་ཡོད་གསར་འགྱུར།

On China Visit, Carney Must Call for Closure of Tibet’s Residential Schools. Tibet Action Institute's Photo
Mobile App

ཞི་ཅིན་ཕིན་ལ་ཐད་ཀར་བོད་དོན་གླེང་སློང་བྱེད་པའི་འབོད་སྐུལ་ཞུས་འདུག

ཆུ་ཚོད་ ༨ སྔོན་ལ།
Mobile App

བདེ་བར་གཤེགས་པ་མཁན་ཆེན་བསོད་ནམས་རྒྱ་མཚོ་མཆོག་ལ་རྗེས་དྲན།

༢༠༢༦/༠༡/༡༢
As glaciers melt faster and faster, glacial lakes in the Himalayan region are swelling, increasing flood risks, according to new research. Photo by Heng Li
Mobile App

བོད་ནང་ལོ་བཞི་བསྟུད་མར་ཚ་དྲོད་ཇེ་ཆེར་ཕྱིན།

༢༠༢༦/༠༡/༡༢
Mobile App

འདི་ལོར་གདན་ས་སྨན་རི་གླིང་གིས་ལོ་གསར་གཏོང་རྒྱུ་མིན་པའི་གསལ་བསྒྲགས་སྤེལ།

༢༠༢༦/༠༡/༡༢
Mobile App

འབྲས་སྤུངས་བླ་སྤྱི་ནས་དགེ་ལུགས་སྤྱི་འཐུས་གཉིས་དང་འབྲེལ་བའི་ཐག་གཅོད་བླངས་འདུག

༢༠༢༦/༠༡/༡༠
A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

༢༠༢༦/༠༡/༠༩

མཆན། 13

  1. ཤར་མདའ། says:
    ལོ་ 10 སྔོན།

    དེ་རིང་འདིར་ལྟ་ཀློག་བྱས་པ་ཡིན་གང་ལྟར་བསམ་ཚུལ་གང་མང་བརྗོད་འདུག་དགའ་བསུ་ཡོད་ཡིན་ན་ཡང་སྲིད་སྐྱོང་མཆོག་མང་གཙོའི་འགྲོ་སྟངས་ཐོག་ནས་ཡང་སྐྱར་སྲིད་སྐྱོང་དུ་བཞེངས་པ་ཡིན་དུས་དགའ་བསུ་ཡོད།  མ་ཟད་ཚོགས་གཙོ་མཆོག་ཡང་སྲིད་སྐྱོང་ལ་འཚམས་འདྲི་ཕེབས་པ་དེ་བས་དགའ་འོས་པ་ཞིག་རེད།  གང་ཡིན་ཟེར་ན་ང་ཚོས་དུས་རྟག་ཏུ་༸གོང་ས་མཆོག་གི་གསུང་བརྩི་དགོས་པ་མཐུན་ལམ་དགོས་པ་མང་པོ་ཞིག་གླེང་བཞིན་ཡོད་པ་རེད་དོན་དངོས་ཐོགས་གང་འདྲ་བྱེད་ཡོང་བསམ་ནས་ཡོད།  ཡིན་ན་ཡང་ཚོགས་གཙོས་སྲིད་སྐྱོང་ལ་འཚམས་འདྲ་བཅལ་བ་འདི་དགའ་འོས་པ་ཞིག་རེད།  གང་ལྟར་འོས་བསྡུས་སྐབས་རང་ནུས་གང་ཡོད་ཀྱིས་ཕན་ཚུན་གཉིས་ཀྱི་གླེང་མོར་འདྲ་མིན་བྱས་ཡོད་པ་ཤེས་གསལ་རེད་ཡིན་ན་ཡང་དེ་སེམས་ལ་མ་བཟུང་བར་མང་གཙོའི་འགྲོ་སྟངས་ལྟར་སུ་ཞིག་རྒྱལ་ན་དེ་ངོས་ལེན་གནང་ཐུབ་པ་ཚོགས་གཙོའི་གཟི་བརྗིད་རེད་བཀྲིན་ཆེན།  དབུར་བཞུགས་མཁན་ཚོས་འདི་འདྲ་མཐུན་ལམ་གནང་པ་ཡིན་ན་མིག་ལྟོས་ཡག་པོ་འཇོག་གི་རེད་བསམ་ནས་ཡོད་རྣམ་པ་གཉིས་ལ་གུས་ཞབས་ཡོད་པ་ཡིད་ཆེས་ཡོད་བོད་མི་རིགས་ཀྱི་བདེ་སྡུག་གིས་ཆེད་དུ་ཕྱག་ཡག་པོ་ཞིག་གནང་བས་རེ་བ་ཡོད་ཐུགས་རྗེ་ཆེ།   མ་ཟད་གཞེས་བཞུགས་སྤུན་ཟླ་རྣམས་མེ་བསྲེགས་གནང་ནས་དགོས་འདུན་ག་རེ་གནང་གི་འདུག་དེའི་ཐོགས་ཤུགས་རྒྱབ་དགོས་པ་གལ་ཆེན་རེད།

    Reply
  2. གཡུ་ཐོག says:
    ལོ་ 10 སྔོན།

    བློ་སེང་ལ་སྤེན་ཚེ་བཀའ་བློན་བསྐོས་པའི་བློ་ཁོག་མེད་ལ་སྤེན་ཚེ་ཁས་ལེན་གྱིས་བཀའ་བློན་གྱི་ལས་སྣེ་བཞེས་ཀྱི་རེད་སྙམ་པའི་གདེངས་ཚོད་ཀྱང་བྲལ། སྤེན་ཚེ་ལ་བློ་སེང་གི་བཀའ་བློན་བསྐོས་པའི་རེ་སྨོན་མེད་ལ་ཡིད་ཆེས་ཀྱང་བྲལ། ཁོང་གཉིས་མཉམ་འབྲེལ་ཡོང་ཐབས་བྲལ་བ་དེ་སྔོན་འོས་བསྡུ་ཆེན་མོའི་བརྒྱུད་རིམ་ནང་འཁྲབ་པའི་ཟློས་གར་རིམ་པ་ལས་ཤེས་ཐུབ། གལ་སྲིད་བཀའ་བློན་བྱེད་ཀྱང་གང་ལྟར་རྩ་དགོངས་ཞུ་དགོས་པའི་གནད་དོན་ཡོང་ངེས་རེད། ཡོང་དགོས་པའི་གནད་དོན་རྣམས་བཀའ་ཟུར་བདེ་སྐྱིད་ཆོས་དབྱངས་ལྟར་ཆགས་སྲིད།

    Reply
  3. འཇིགས་དབང་ says:
    ལོ་ 10 སྔོན།

    ཚོགས་གཙོ་མཆོག་2021 གི་སྲིད་སྐྱོང་རེད་ ཁོང་བློ་བཟང་སངས་རྒྱས་ཀྱི་ཕྱག་རོགས་བཀའ་བློན་ལ་རྩ་བ་ནས་ཡོང་གི་མ་རེད་ དེ་ནི་རྒྱལ་པོ་ཁྲི་ཐོག་ནས་མར་འཕབ་ཏེ་འབངས་ཀྱི་ཁོང་སུ་ཞག་པ་དང་གཅིག་མཚུངས་རེད་ མི་དབང་མཆོག་སྐུ་གྲག་གསར་པའི་ལམ་ལུགས་ལ་ནམ་ཡང་འཕེབས་ཀྱི་མ་རེད

    Reply
  4. བསྟན་འཛིན says:
    ལོ་ 10 སྔོན།

    ལགས

    Reply
  5. གངས་ཅན་ཕོ་ཉ། says:
    ལོ་ 10 སྔོན།

    སེམས་རྣལ་དུ་ཕོབས་ནས་བཀའ་མོལ་གནང་དང་། ཚོགས་གཙོ་མཆོག་གིས་ཟུར་ཟའི་བཀའ་མོལ་གནང་སྟངས་ལ་གཟིགས་དང་སེམས་མཐུན་གྱི་ཕྱག་རོགས་ཞིག་ཡོང་ས་རེད་པས། ཡིན་ནའང་ངའི་ཚོར་སྣང་ལ་ཁོང་བཀའ་བློན་དུ་འདེམས་ངེས་རེད་སྙམ།

    Reply
  6. བསོད་ནམས་བཀྲ་ཤིས། says:
    ལོ་ 10 སྔོན།

    ཧ་ཧ་ཧ། དྲ་གྲོགས་ཚོ་རེ་སྟོང་མ་རྒྱགས། གལ་ཏེ་སློབ་སངས་ཀྱིས་སྤེན་ཚེ་བཀའ་བློན་ལ་བླངས་ན་སྐབས་དེར་གྲོས་ཚོགས་ཀྱིས་རྒྱབ་སྐྱོབ་ཇི་ལྟར་ཐོབ། སྐབས་དེར་བསྟན་པ་ཡར་འཕེལ་སོགས་ཀྱིས་མི་གསོད་ལག་དམར་རེད་ཟེར་ངེས་རེད། སྔོན་ཡང་སྤྱི་འཐུས་བསོད་སྟོབས་ཀྱིས་དེ་ལྟར་བཀག་པ་རེད། སླར་ཡང་བསྟན་འཕེལ་སོགས་དང་། དེའི་ཕྱོགས་གཏོགས་ཚོས་བཀག་ངེས་རེད་དོ། །

    Reply
    • ར་བང་བསྟན་འཛིན་ནོར་བུ། says:
      ལོ་ 10 སྔོན།

      ཞབས་འདྲེན་རང་རེད་་་་སྔོན་གྱི་སྤྱི་འཐུས་བསོད་སྟོབས་དང་ཕྱི་ཚུལ་གྲ་གཟུགས་འཛིན་པའི་བསྟན་པ་ཡར་འཕེལ་བཀུར་འོས་ཚོགས་གཙོ་མཆོག་ལ་གཞི་མེད་བསྙན་འཛུགས་ཡིན་པ་གསལ་གསལ་ཐིང་ཐིང་རེད། ཁོང་བཀའ་བློན་ལ་བདམས་ན་་དེ་དང་དེའི་ཕྱོཊ་གཏོགས་ཚོས་སྨྱོ་ལབ་རྒྱབ་ན་་མི་སྟེ་ཕྱི་མི་ཚོས་ཁྲེལ་ཏེ་ཧ་བགོད་བྱ་ངེས་རེད།
      མ་ཟད་ཉེ་ཆར་འོས་བསྡུས་མ་སླེབས་ཙམ་ནས་་་བེ་རི་དགེ་བཤེས་ཏེ་་་བེར་སྨྱོན་གྱིས་་ཚོགས་གཙོ་ལགས་་་མི་གསོད་ལག་དམར་ཡིན་རབས་་ངོ་དེབ་ནང་ཁ་ཡམ་ཡམ་བྱས་ནས་བཤད་པ་དེ་མཐོང་དུས་་་དགེ་བཤེས་ཀྱི་མིང་ཅན་དང་སྤྱི་ཟུར་ཞིག་གི་དེ་འདྲ་གསུངས་དུས་བགད་མོ་ཤོར་ཡ་རེད་འདུག་བཱ་་་་
      སྲིད་་སྐྱོང་མཆོག་གིས་་་ཚོགས་གཙོ་ལགས་ཕྱག་རོགས་བཀའ་བློན་ལ་བདམ་ན་་་ཁོང་ནི་ནང་འཛིན་སྐྱོང་ལ་རྒ྄ུས་མངའ་ཆེ་བ་དང་ཉམས་མྱོང་གིས་ཕྱུག་པ། ཕྱི་མི་ཚོས་ཆེ་མཐོང་དང་ཆ་འཇོག་འཕཻར་ངེས་ཡོང་ངོ་། བཀའ་བློན་གསར་པ་སྤུས་དག་བདམ་རྒྱུ་རེད་དྲན་གྱི་་་་དེ་མིན་འཕྲོད་བསྟེན་བཀའ་བློན་འདྲ་ལྐོག་ཟ་ཡི་རུལ་དྲི་བྲོ་བ་དེ་འདྲ་བདམ་ན་སྔོ་ལོ་གསོན་པོ་དེ་འཕྱར་རྒྱུ་ཡིན་པམཉེ་བའི་ལོ་སྔོན་ལ་གཟིགས་ན་མ་མཁྱེན་པ་ཨ་ཡོད་་་་།།

      Reply
  7. མཻན་བུ། says:
    ལོ་ 10 སྔོན།

    སྤྱི་འཐུས་ཚོགས་གཙོ་ངེས་པར་དུ་བཀའ་ཤག་ཡོང་དགོས་པའི་རྒྱུ་མཚན་གཉིས།
    ༡༽ བཀའ་ཤག་ཚགས་ཚུད་དང་ལས་དོན་སྤྱི་ལ་ནུས་པ་འཕར་མ་ཞིག་ཡོང་ངེས་ཡིན།
    ༢༽ འོས་བསྡུའི་རྒྱུད་རིམ་ནང་སྟབས་མ་ལེགས་པའི་ཟང་ཟིང་མང་དག་བྱུང་བ་རྣམས་རང་བཞིན་གྱི་ལྷིང་འཇགས་ཡོང་ངེས་ཡིན།

    Reply
  8. ཐོས་པ་དགའ། says:
    ལོ་ 10 སྔོན།

    ངས་བལྟས་ན་སྲིད་སྐྱོང་དང་ཚོགས་གཙོ་གཉིས་ལག་པ་གཏོང་རེས་བྱས་པ་འདི་ཕྱི་ཚུལ་ཙམ་མིན་ནམ་སྙམ། གང་ཡིན་ཟེར་ན་ཉེ་སྔོན་ལབ་རྒྱུ་མེད་ན་མ་གཏོགས་ལབ་སོང་། ད་གལ་སྲིད་དེ་འདྲ་བདེན་པ་ཡིན་ན། སྲིད་སྐྱོང་བློ་སེང་མཆོག་གིས་སྤེན་པ་ཚེ་རིང་ཕྱག་རོགས་བཀའ་བློན་ཞིག་ཏུ་འདེམས་ན་ད་གཟོད་ལྟ་རྒྱུ་ཡོད།

    Reply
  9. ར་བང་བསྟན་འཛིན་ནོར་བུ། says:
    ལོ་ 10 སྔོན།

    དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཚོགས་གཙོ་མཆོག་ནང་སྲིད་བཀའ་དློན་ནམ་བཀའ་བློན་ཞིག་ཏུ་བསྐོས་བཞག་མཛད་དགོས་འདུག ཁོང་གིས་སྲིད་སྐྱོང་མཆོག་ལ་ཕྱག་་རོགས་སྤུས་དག་ཅིག་ཡོང་ངེས་ཡིན་པ་ཚང་མས་མཁྱེན་མཁྱེན་པ་རེད་་་དེས་ན་ཁོང་ཉིད་བཀའ་བློན་དུ་བདམ་པ་ན་་་དལྟ་ཕྱི་ནང་གང་སར་ཉམས་ཆག་སོང་བ་དེ་དག་སླར་གསོ་བྱ་བ་ལ་ཕན་ཐོགས་ཡོང་རྒྱུ་ཡིན་པར་གདོན་མི་ཟ་འོ།།

    Reply
  10. བཀྲ་ཤིས། says:
    ལོ་ 10 སྔོན།

    ཧཧཧཧཧ། སེང་གེ་ནི་སེང་གེ་རང་ཡིན། ད་ནི་སེང་གེས་སྤེན་ཚེ་དབང་དུ་བསྡུས་ཟིན་འདུག དཔའ་པོའི་ཁྱུ་མཆོག་ཟེར་བ་དེ་འདི་འདྲ་ཞིག་དགོས་པ་རེད།

    Reply
  11. ལྷུན་འགྲུབ། says:
    ལོ་ 10 སྔོན།

    བློ་བཟང་སེང་གེ་ལ་སྤེན་པ་ཚེ་རིང་ཕྱག་རོགས་བཀའ་བློན་ལ་བསྐོ་བཞག་བྱེད་པའི་བློ་ཁོག་གིས་འདང་གི་མ་རེད།

    Reply
  12. ཀརྨ་དར་རྒྱས། says:
    ལོ་ 10 སྔོན།

    མཆོག་ཏུ་བཀུར་འོས་པའི་བོད་གཞིས་བྱེས་གཉིས་སུ་ཆེ་མཐོང་ལྡན་པའི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག སྐུ་མཆོག་ཉིད་ཀྱིས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ཉིད་ཀྱི་ཕྱག་རོགས་བཀའ་བློན་སུ་བཞེས་གནང་རྒྱུའི་གུ་ཡངས་དཀྱིལ་ཆེ་དང་ཐུགས་སྤོབས་ལྷག་བསམ་མངའ་འམ། གལ་སྲིད་སྐུ་ཉིད་ལ་དེ་ལྟའི་དགོངས་པ་རྒྱ་ཆེན་ཡོད་ཚེ། ཤེས་འཇོན་ལྷག་བསམ་རླབས་ཆེན་ལྡན་པའི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་སྐུ་ཉིད་ལ་ཕྱག་རོགས་དང་། བོད་སྤྱི་བར་ཞབས་ཞུ། ༧རྒྱལ་བ་རིན་པོ་ཆེ་མཆོག་ལ་དབུ་འོག་དཔུང་འདེགས་ཞུ་རྒྱུའི་ཐུགས་འདོད་ཡོད་པ་འདི་ལྟར་གསུངས་འདུག
    “ང་རང་ངོས་ནས་ཡིན་ནའང་དེ་སྔོན་ནས་ཞུས་པ་གཞིར་བཟུང་རྒྱལ་ཁ་ཐོབ་མིན་ལ་མ་ལྟོས་པར་མི་ཚེ་ལྷག་མ་བོད་སྤྱི་པའི་རྩ་དོན་ཆེད་གོ་གནས་ཡོད་མིན་ལ་མ་ལྟོས་པར་ལས་ཀ་བྱ་རྒྱུའི་དམ་བཅའ་བརྟན་པོ་ཡིན། དེ་བཞིན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་བསྒྲུབ་རྒྱུར་དབུ་འོག་དཔུང་འདེགས་གང་འདྲ་ཞིག་ཞུ་དགོས་ཡོད་ནའང་འདྲ། འཛིན་སྐྱོང་བཀའ་ཤག་གི་ལས་དོན་གང་འདྲ་ཞིག་གི་ཐོག་ལ་མཐུན་འགྱུར་གང་འདྲ་ཞིག་ཞུ་དགོས་ཡོད་ནའང་དེ་ལྟར་ཞུ་བརྩིས་ཡོད།”

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese