མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མིའི་འབྱུང་འགྱུར་བོད་མི་རང་ཉིད་མ་གཏོགས་གཞན་སུ་ལའང་ཐག་གཅོད་ཀྱི་ཐོབ་ཐང་མེད།

བོད་ཀྱི་དུས་བབ།
༢༠༡༦/༠༥/༠༢
Share on FacebookShare on TwitterShare on EmailShare on Whatsapp

འདས་པའི་ཉིན་གསུམ་རིང་བཞུགས་སྒར་དུ་རྒྱ་ནག་དང་དམངས་གཙོའི་སྐོར་གྱི་བགྲོ་གླེང་ཚོགས་འདུ་ཞིག་དང་བསྟུན་ཏེ། ཁ་སང་ཚོགས་ཞུགས་པ་རྒྱ་རིགས་ཤེས་ཡོན་པ་སྐོར་ཞིག་དང་། ཁ་ན་ཌའི་མཛངས་མ་ཨ་ན་སི་ཊ་ཤེ་ཡ་ལེན་བཅས་ཀྱིས་མང་ཚོགས་ལ་གཏམ་བཤད་གནང་སོང་།

lin.Anastasia Linཁ་སང་ཕྱི་ཚེས་ ༡ ཉིན་གྱི་དགོང་དྲོའི་ཆུ་ཚོད་ ༥།༣༠ སྟེང་དྷ་ས་མག་གྷན་གྱི་བྷག་སུ་སྐྱིད་སྡུག་ཚོགས་ཁང་དུ་བོད་རང་དབང་སློབ་ཕྲུག་ཚོགས་པའི་གོ་སྒྲིག་འོག བོད་རྒྱ་གསུམ་གྱི་སྤྱི་མང་བགྲོ་གླེང་ཚོགས་འདུ་ཞིག་ཚོགས་སོང་ལ། ཚོགས་ཐོག་ཏུ་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཡང་ཅིན་ལེ་ (Yang Jianli) དང་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་ཐིང་པོ་ (Teng Biao) ལགས་དང་། ཧོང་ཀོང་གི་དམངས་གཙོ་དོན་གཉེར་ལྕམ་ཧང་ཏུང་ཆོ་ (Hang Tung Chow) དང་ཁ་ན་ཌའི་མཛངས་མ་ཨ་ན་སི་ཊ་ཤེ་ཡ་ལེན་ (Anastasia Lin) ལགས། ཉེ་ཆར་རྒྱ་ནག་གཞུང་གིས་ཕྱིར་ཕུད་བཏང་བའི་ཧྥ་རན་སིའི་གསར་འགོད་པ་ལྕམ་ཨོར་སུ་ལ་གྷུ་ཐེར་ (Ursula Gauthier) ལགས། དེ་བཞིན། འཛམ་གླིང་ནུབ་ནས་ཕེབས་པའི་བོད་དོན་ཐོག་དོ་ཁུར་ཅན་བོད་རྒྱ་དབྱིན་གསུམ་གྱི་མི་མང་ ༡༠༠ ལྷག་འཛོམས་འདུག

བགྲོ་གླེང་ཐོག་དམངས་གཙོ་དོན་གཉེར་བ་སྐུ་ཞབས་ཡང་ཅིན་ལེ་ (Yang Jianli)ལགས་ཀྱིས། དེ་རིང་ངས་འདིར་བོད་ཀྱི་མ་འོངས་པའི་ཐོག་ལ་བསམ་ཚུལ་ཁ་ཤས་ཞུ་རྒྱུ་ཡིན། གལ་སྲིད་ཁྱེད་རང་རྒྱ་ནག་དང་རྒྱ་ནག་གི་ཆབ་སྲིད་ལ་དོ་སྣང་བྱེད་མཁན་ཞིག་ཡིན་ན། ངས་འདིར་བསམ་འདོན་རྒྱུ་དེ་རྒྱ་ནག་ཕྱི་ནང་གི་རྒྱ་རིགས་མི་མང་གི་ཚབ་མཚོན་དེ་འདྲ་གང་ཡང་མིན། ཡིན་ནའང་འདས་པའི་ལོ་ངོ་ཁ་ཤས་རིང་རྒྱ་ནག་ནང་ང་དང་ངའི་བསམ་ཕྱོགས་མཐུན་པའི་རྒྱ་རིགས་ཇེ་མང་དུ་འགྲོ་བཞིན་འདུག

དོ་དགོང་ངས་འདིར་བཤད་རྒྱུའི་བསམ་ཚུལ་དང་པོ། རྒྱ་ནག་དམར་ཤོག་འོག་བོད་དང་བོད་མི་ཚོར་སྡུག་སྦྱོང་མནར་གཅོད་བཏང་བ་དང་། རྒྱ་རིགས་མང་པོས་དེ་ལ་རྒྱབ་སྐྱོར་གནང་གི་ཡོད་པ་ཞིག་ཏུ་མཐོང་གི་འདུག ང་རང་ཡང་རྒྱ་རིགས་ཤིག་ཡིན་སྟབས། འདས་པའི་མི་ལོ་ ༣༠ ཙམ་ནང་ང་རང་གིས་བཟོས་པའི་ནོར་འཁྲུལ་མང་པོ་ཞིག་ལ་ནོངས་འགྱོད་དང་། བོད་རང་དབང་གི་གནད་དོན་དང་བོད་རྒྱ་མི་རིགས་གཉིས་འཆམ་མཐུན་དང་ཞི་བདེ་ཡོང་ཐབས་སུ་ངས་རྒྱབ་སྐྱོར་དང་འབད་བརྩོན་བྱ་ངེས་ཡིན།

Yang Jianliགཉིས་པ། བོད་ཀྱི་གནད་དོན་འདི་རྒྱ་ནག་སྲིད་གཞུང་དང་། ཡང་ན་རྒྱ་ནང་གི་དམངས་གཙོ་དོན་གཉེར་ང་རང་ལྟ་བུའི་རྒྱ་རིགས་མི་མང་གིས་ཐག་གཅོད་ཐུབ་པ་ཞིག་མ་རེད། བོད་དང་བོད་མིའི་འབྱུང་འགྱུར་དེ་བོད་མི་རང་ཉིད་མ་གཏོགས་གཞན་སུ་ལའང་ཐག་གཅོད་ཀྱི་ཐོབ་ཐང་ཡོད་པ་མ་རེད།

རྒྱ་ནག་གཞུང་གི་གླེང་སློང་ནང་བཞིན་བོད་རྒྱ་ནག་གི་ཆ་ཤས་མ་རེད། བོད་དང་བོད་མི་ཚོར་སོ་སོའི་སྐྱེས་ཁམས་ཁོར་ཡུག་དང་བྱུང་རབས་ལོ་རྒྱུས། ཡུལ་སྲོལ་རིག་གནས་སོགས་ཐུན་མོང་མ་ཡིན་པ་ཡོད་པ་རེད། བོད་མི་ཚོར་རང་ཐག་རང་གཅོད་ཀྱི་ཁེ་དབང་ཡོད་པ་རེད། ངས་བོད་མི་ཚོའི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ལ་བརྩི་མཐོང་བྱེད་ཀྱི་ཡོད། མ་འོངས་པར་ཆབ་སྲིད་སྒྲིག་གཞི་གང་འདྲ་ཞིག་གཏན་འབེབ་བྱས་ཀྱང་། བོད་མིའི་རང་ཐག་རང་གཅོད་ཀྱི་རྩ་འཛིན་འདི་ལ་རྒྱ་རིགས་མི་མང་གིས་ཀྱང་ངོས་ལེན་དགོས་པ་ཞིག་རེད།

གསུམ་པ། ངས་འདིར་གསལ་བོར་ཞུ་འདོད་པ་ཞིག་ལ། མི་ལོ་སྟོང་ཕྲག་མང་པོའི་གོང་ནས་བོད་རྒྱ་གཉིས་ཆབ་སྲིད་དང་ཆོས་ལུགས། བྱུང་རབས་ལོ་རྒྱུས་དང་ཡུལ་སྲོལ་རིག་གནས་སོགས་ཕྱོགས་གང་ཐད་ནས་འབྲེལ་བ་ཡོད་ཀྱང་། བོད་རྒྱ་ནག་གི་ཆ་ཤས་སུ་གླེང་བ་དེ་ནི་རྒྱ་ནག་མི་མང་གཅིག་པུ་ཙམ་མ་ཟད། འཛམ་གླིང་གི་དབུ་ཁྲིད་ཚོས་རྒྱུ་མཚན་གནས་ལུགས་ཇི་ལྟར་བགྲངས་ནའང་། དེ་ནི་ཐལ་དྲགས་པའི་ཧམ་འཛུལ་ཞིག་རེད་ལ། བོད་ཀྱི་གནད་དོན་དེ་བོད་མིའི་རེ་འདུན་གཞིར་འཛིན་རྒྱུ་ལས་སེལ་ཐབས་གཞན་ཡོད་པ་མ་རེད། བོད་མི་ཚོས་དཀའ་སྡུག་གི་བགྲོད་ལམ་རིང་མོ་ཞིག་བརྒྱུད་མཐར། རང་ཐག་རང་གཅོད་ཀྱི་ཐོབ་ཐང་ལོངས་སུ་སྤྱོད་པའི་སྐབས་སུ། ཁོ་ཚོ་རྒྱ་རིགས་མི་མང་དང་ལྷན་དུ་གོམ་པ་རིམ་འཛེག་གིས་མདུན་སྐྱོད་གནང་དགོས། དེ་བས་གཅིག་བྱས་ན་ཁྱེད་ལ་འདམ་ག་གཞན་མི་སྲིད་ནའང་། དཀའ་སྡུག་གང་མང་ཞིག་བརྒྱུད་མཐར། ཁྱེད་རང་རྒྱ་ནག་གི་དབང་སྒྱུར་འོག་ལས་ཐར་ཐུབ་པར་འདོད།

བཞི་བ། ང་རང་ཉིད་ཀྱི་ཉམས་མྱོང་ཐོག་ནས། ཏཱ་ལའི་བླ་མའི་གཉིས་ཕན་དབུ་མའི་ལམ་ནི་བོད་ཀྱི་གནད་དོན་སེལ་བའི་ཐབས་ཤེས་གལ་ཆེན་དང་ནུས་ལྡན་ཞིག་ཡིན་པ་དང་། ང་རང་འདུ་བའི་རྒྱ་རིགས་དམངས་གཙོ་དོན་གཉེར་བ་མང་པོས་རྒྱ་རིགས་མི་མང་ལ་བོད་ཀྱི་བྱུང་རབས་ལོ་རྒྱུས་དང་ཆོས་ལུགས་རིག་གནས། ཡུལ་སྲོལ་གོམས་གཤིས་སོགས་ངོ་སྤྲོད་དང་གླེང་མོལ་བྱེད་ཀྱི་ཡོད་པ་མ་ཟད། ལྷག་པར་དུ་བོད་མི་མང་གི་མངོན་འདོད་དང་དངོས་ཡོད་གནས་ཚུལ་སོགས་ལ་ངེས་ཤེས་སྐྱེད་ཀྱི་ཡོད། བོད་མིའི་ཁྲོད་དུ་གཉིས་སྨན་དབུ་མའི་ལམ་ཕྱོགས་ཐད་བསམ་ཚུལ་མི་འདྲ་འབྱུང་གི་ཡོད་ནའང་། དུས་ཡུན་རིང་བོར་རྒྱ་རིགས་མི་མང་གི་རྒྱབ་སྐྱོབ་འཐོབ་ཀྱི་ཡོད་སྟབས། ངས་བོད་རིགས་གྲོགས་པོ་གྲོགས་མོ་ཚོར་ཏཱ་ལའི་བླ་མའི་གཉིས་ཕན་དབུ་མའི་ལམ་ལ་ངེས་ཤེས་བསྐྱེད་པའི་རེ་འབོད་ཞུ་རྒྱུ་ཡིན།

ལྔ་བ། རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཚོའི་ཁྲོད་དུ། གལ་ཏེ་རྒྱ་ནག་སྲིད་གཞུང་ལ་བཅོས་བསྒྱུར་མ་ཕྱིན་པ་ཡིན་ན། བོད་རང་དབང་ལ་རེ་བ་མེད་པའི་བསམ་ཚུལ་གཅིག་མཐུན་ཞིག་འདུག དེ་བས་ང་ཚོས་ཐོག་མར་རྒྱ་ནག་གི་དམངས་གཙོ་བཅོས་བསྒྱུར་ལ་འབད་བརྩོན་བྱེད་དགོས། རྒྱུ་མཚན། བསམ་ཚུལ་འདི་ལ་བདེན་པའི་ཆའང་ཡོད་མོད་ཀྱང་། ངས་ནི་རྒྱ་ནག་དཀྱིལ་སྙིང་དུ་འཛིན་པའི་ལངས་ཕྱོགས་འཛིན་མི་འདོད་ལ། རྒྱ་རིགས་མི་མང་ནང་རྒྱ་ནག་ཧན་མི་རིགས་ཀྱི་བསམ་ཕྱོགས་ཁྱབ་སྤེལ་བྱེད་མི་འདོད། བོད་ཀྱི་དཀའ་རྙོག་སེལ་རྒྱུ་ནི་ལས་སླ་བ་ཞིག་གཏན་ནས་མ་རེད། དེ་བས་རྒྱ་ནག་གི་དམངས་གཙོའི་ལམ་ལུགས་དགོས་མཁོ་ཞིག་ཡིན་ནའང་། དེ་དམངས་གཙོ་ཡང་དག་ཅིག་ཏུ་བཅོས་བསྒྱུར་གཏང་རྒྱུ་ནི་ད་དུང་ཐག་རིང་པོ་རེད། དེར་བརྟེན་ང་ཚོས་མུ་མཐུད་ནས་འབད་བརྩོན་བྱས་ཏེ་རྒྱ་ནང་གི་རྒྱ་རིགས་ཚོར་བོད་ཀྱི་དངོས་ཡོད་གནས་ཚུལ་ལ་ངེས་ཤེས་བསྐྱེད་དགོས་པ་དང་། བོད་རྒྱ་མི་རིགས་གཉིས་ཀྱི་མ་འོངས་པར་སེམས་གཏང་ནས་གྲོང་གླེང་གྲོས་མོལ་བྱེད་དགོས། འདས་པའི་མི་ལོ་ ༢༦ རིང་ངས་ལས་དོན་འདིའི་ཐོག་འབད་བརྩོན་བྱས་ཡིན་ལ། མ་འོངས་པར་ཡང་མུ་མཐུད་བོད་རྒྱ་མི་མང་ནང་ལས་དོན་འདི་རྒྱུན་འཁྱོངས་དང་བགྲོ་གླེང་གྲོས་བསྡུར་བྱ་རྒྱུ་ཡིན།

དྲུག་པ། དེང་སྐབས་མི་མང་གིས་ཏཱ་ལའི་བླ་མ་འཚོ་བཞུགས་མ་གནང་བའི་དུས་སྐབས་ཤིག་གླེང་སློང་བྱེད་བཞིན་འདུག ང་རང་སྒེར་ངོས་ནས་བལྟས་ན། དེ་ཡང་ལམ་ཐག་རིང་པོ་ཞིག་ཡིན་ནའང་། ཉི་འོད་ཁྲོད་རྩྭ་སྐམ་རྒྱུ་ནི་ཧ་ཅང་ལེགས་པར་མཐོང་། ཕྱིས་སུ་༧གོང་ས་མཆོག་འཚོ་བཞུགས་མ་གནང་ནའང་། སྐབས་དེར་ང་ཚོས་དྲང་བདེན་བརྩོན་ལེན་བྱ་ཐུབ། ང་རང་ལ་མཚོན་ན། དཀའ་རྙོག་འདི་སེལ་བའི་ཐབས་ལམ་ཡག་ཤོས་དེ་༧གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་འོག་བཏོན་གནང་བའི་དམངས་གཙོའི་ལམ་ལུགས་འདི་ཕྱི་གསལ་ནང་གསལ་གྱི་སྒོ་ནས་འགན་སྲུང་དང་ལག་བསྟར་བྱ་རྒྱུ་དེ་རེད་འདོད།

བོད་ཀྱི་གནད་དོན་འདི་འགྲོ་བ་མིའི་རིགས་ལ་འཕྲད་བཞིན་པའི་དཀའ་སྡུག་ཅིག་ཡིན་ཞིང་། དེ་ཡང་བོད་རྒྱ་མི་རིགས་གཉིས་དང་འཛམ་གླིང་དབུ་ཁྲིད་ཚོ་གཙོས་པའི་འགྲོ་བ་མིའི་ཀུན་སྐྱོད་དང་དཔྱོད་ཤེས་ལ་ཚོད་རྒྱུགས་ཐེངས་གཅིག་བཏང་བ་ཞིག་རེད།

ངས་གོང་དུ་བཤད་པ་ཚང་མ་བོད་མིའི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ལ་བརྩི་མཐོང་དང་། གཉིས་སྨན་དབུ་མའི་ལམ་ནས་བོད་རྒྱ་འོག་ནས་ཐར་རྒྱུ། རྒྱ་ནག་དང་རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷན་དུ་འཚེ་མེད་ཞི་བའི་ལམ་ནས་དྲང་བདེན་བརྩོན་ལེན་དང་། གཞིས་ལུས་བོད་མིའི་སྐད་ཡིག་རིག་གཞུང་དང་སྐྱེས་ཁམས་ཁོར་ཡུག་སྲུང་སྐྱོབ། ཡང་དག་པའི་དམངས་གཙོའི་ལམ་ལུགས་ལག་བསྟར་བྱེད་རྒྱུ་དང་། དེ་ཡང་ཐོག་མར་ང་ཚོ་ཚང་མིའི་ནུས་པ་མཉམ་སྤོང་གིས་རྒྱ་ནག་ནང་དམངས་གཙོ་བཅོས་བསྒྱུར་ཡོང་བར་འབད་བརྩོན་བྱེད་རྒྱུ་ནི་ཏཱ་ལའི་བླ་མ་འཚོ་བཞུགས་ཀྱི་སྔ་རྗེས་གང་དུའང་ང་ཚོས་ངེས་པར་སྒྲུབ་དགོས་པའི་ལས་འགན་ཡིན་སྐོར་བརྗོད་སོང་།

Teng Biaoའགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ཐིང་པོ་ (Teng Biao) ཡིས་བརྗོད་པ་ལྟར་ན། རྒྱ་ནག་དམར་ཤོག་ཚོགས་པའི་སྟངས་འཛིན་འོག་རྒྱ་ནང་དུ་དམངས་གཙོ་མེད་པའི་རྐྱེན་གྱིས། རྒྱ་ནག་གི་དཔོན་རིགས་ཚོར་རྒྱ་ནང་གི་སྤྱི་མང་བདེ་འཇགས་ཐད་སེམས་འཚབ་ཆེ་རུ་འགྲོ་བཞིན་པ་མངོན་གསལ་དོད་པོ་ཆགས་ཡོད་པ་དང་། རྒྱ་ནང་གི་དངོས་ཡོད་གནས་ཚུལ་རྟོགས་ཞིབ་བྱེད་ས་གཙོ་བོ་གནས་འཕྲིན་བརྒྱུད་ལམ་ཁག་ཆགས་ཀྱི་ཡོད་སྟབས། རྒྱ་ནག་གཞུང་གིས་སྤྱི་ཚོགས་གནས་འཕྲིན་བརྒྱུད་ལམ་ཁག་བཀག་སྡོམ་དང་དངོས་ཡོད་གནས་ཚུལ་ནག་བསུབ་གཏོང་གི་ཡོད་ཅིང་། རྒྱ་ནང་གི་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་ཚོགས་པ་དང་བོད་ཀྱི་གནད་དོན་བཅས་ནི་ཚོར་བ་སྐྱེན་ཤོས་ཀྱི་གནས་སྟངས་ཤིག་ཆགས་བསྡད་ཡོད་པ་དང་། ཁོ་རང་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ཞིག་ཡིན་པའི་ཆ་ནས། ཁོང་ལ་གནད་དོན་དེ་ཚོའི་ཐོག་འགན་ཆེན་པོ་ཡོད་པ་དང་། ཕྱི་ལོ་ ༢༠༡༥ ལོར་རྒྱ་ནག་གཞུང་གིས་རྒྱ་ནང་གི་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་ ༢༠༠ ལྷག་འཛིན་བཟུང་བཀག་བསྐྱིལ་བྱས་ཡོད་པ་དང་། དེ་བཞིན་བོད་དང་སོག་པོ། ཡུ་གུ་དང་ཧོང་ཀོང་། ཐའེ་ཝན་བཅས་མཉམ་འབྲེལ་གྱིས་ཐོག་རྒྱ་ནང་གི་དམངས་གཙོ་བཅོས་བསྒྱུར་བརྩོན་ལེན་བྱེད་དགོས་སྐོར་སོགས་བརྗོད་སོང་།

Ursula Gauthierཧྥ་རན་སིའི་གསར་འགོད་པ་ལྕམ་ཨོར་སུ་ལ་གྷུ་ཐེར་ (Ursula Gauthier) ལགས་ཀྱིས་བརྗོད་དོན་ལྟར་ན། རྒྱ་ནང་དུ་ལོ་རེའི་སུམ་ཅུ་དུས་དྲན་ཕུད་ཕྱི་གླེང་བ་དང་རྒྱ་རིགས་ཚོ་བོད་ཁུལ་དུ་འགྲོ་འོང་ཆོག་གི་ཡོད་ཀྱང་། ཕྱི་གླིང་གི་གསར་འགོད་པ་དང་རྟོགས་ཞིབ་ཚོགས་ཁག་བོད་ཁུལ་དུ་འགྲོ་འོང་བྱེད་རྒྱུ་ཁག་པོ་ཆགས་ཡོད་པ་དང་། ཁོ་མོ་ཐེངས་འགར་ཨ་མདོའི་ཕྱོགས་སུ་འགྲུལ་སྐྱོད་བྱས་ཡོད་ནའང་། གནད་འགག་གི་ལྟེ་གནས་དང་ས་ཁུལ་ཁག་ཏུ་འགྲོ་དུས་ནམ་ཡིན་ཡང་ཁོང་མོའི་རྗེས་སུ་རྒྱ་ནག་གཞུང་གིས་ཆེད་གཏོང་བྱས་པའི་ལྟ་རྟོག་བྱེད་མཁན་གྱི་རླངས་འཁོར་ཞིག་ཡོད་ཡོད་པ་ཡིན་པ་དང་། ཕྱི་གླིང་གི་གསར་འགོད་པ་ཚོ་རང་དབང་གི་སྒོ་ནས་བོད་ཁུལ་དུ་འགྲོ་འོང་དང་གནས་ཚུལ་རྒྱུས་ལོན་མི་ཆོག་པར། ཁོ་ཚོ་རྒྱ་རིགས་སྐད་སྒྱུར་བ་ཚོ་དང་མཉམ་དུ་ས་གནས་གང་དུ་འགྲོ་བ་དང་མི་སུ་ལ་ཐུག་འཕྲད་བྱེད་རྒྱུ་སོགས་རྒྱ་ནག་གཞུང་གིས་གོ་སྒྲིག་དོ་དམ་བྱེད་ཀྱི་ཡོད་པ་མ་ཟད། སྐད་སྒྱུར་བ་དེ་ཚོར་ཡང་འགན་ཆེན་པོ་སྤྲད་ཡོད་པ་དང་། བོད་ནང་དུ་ཞིབ་བཤེར་གྱི་ས་ཚིགས་ཧ་ཅང་མང་པོ་ཡོད་ཅིང་། ཞིབ་བཤེར་ས་ཚིགས་དེ་ཚོ་ཆུ་ཚོད་ག་ཚོད་སྟེང་བརྒལ་ཐུབ་ཀྱི་ཡོད་པ་དང་དེ་ཅི་ལྟར་བརྒལ་ཐུབ་ཀྱི་ཡོད་པ་སོགས་ཁོང་མོའི་ཉམས་མྱོང་གི་ཐོག་ནས་བརྗོད་སོང་།

huangdong qiaoཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ལྕམ་ཧང་ཏུང་ཆོ་ (Hang Tung Chow) ལགས་ཀྱིས་བརྗོད་དོན། ཁོང་མོ་ཆུང་དུས་ཕ་མ་གཉིས་ཀྱིས་ཁྲིད་ནས་ཧོང་ཀོང་ནང་བཙན་བྱོལ་དུ་འགྲོ་དགོས་བྱུང་བ་དང་། བཙན་བྱོལ་དུ་འགྲོ་སྟངས་དེ་ཡང་བོད་པ་ཚོས་རི་བོ་ཧི་མ་ལ་ཡ་བརྒལ་ཏེ་བཙན་བྱོལ་དུ་འགྲོ་བ་ནང་བཞིན། སྐབས་དེར་ཁོ་ཚོས་ཀྱང་རྒྱ་ནག་གི་མཚོ་ཐོག་དམག་མིའི་མེ་དམའི་ཁ་ནས་རང་སྲོག་བློས་བཏང་སྟེ་འགྲོ་གི་ཡོད་པ་དང་། མཚོ་ཐོག་དམག་གི་མེ་མདའི་ཁ་ནས་མི་མང་པོའི་གཅེས་སྲོག་ཤོར་ཡོད་པ་དང་། ཧོང་ཀོང་བ་ཚོའི“ཉི་གདུག་འོག་གི་གསར་བརྗེ”སོགས་ཀྱི་ལས་འགུལ་ལ་བརྟེན་ནས་ཧོང་ཀོང་གི་རང་བཙན་བརྩོན་ལེན་བྱེད་ཀྱི་ཡོད་པ་དང་། ཁོ་ཚོས་ཧོང་ཀོང་གི་རང་བཙན་བརྩོན་ལེན་བྱེད་དོན་ནི་ཁོ་ཚོ་ཡང་བསྐྱར་རྒྱལ་ཁབ་གཞན་ཞིག་གི་ནང་སྐྱབས་བཅོལ་དུ་འགྲོ་འདོད་མེད་སྐོར་བརྗོད་སོང་།

ཁ་ན་ཌའི་མཛངས་མ་ཨ་ན་སི་ཊ་ཤེ་ཡ་ལིན་ (Anastasia Lin) ལགས་ཀྱིས། ཁོ་མོ་རྒྱ་ནང་དུ་སྐྱེས་ཤིང་སྔོན་ཆད་རྒྱ་ནང་གི་སློབ་གྲྭར་འགྲོ་སྐབས། འཛིན་གྲྭའི་རྒན་བདག་ཡིན་ཞིང་། སྐབས་དེར་ཁོ་མོས་སློབ་མ་ཚོར་དམར་ཤོག་ཚོགས་པའི་ཆབ་སྲིད་ཀྱི་གོ་རྟོག་སྤེལ་མྱོང་བ་དང་། སྐབས་དེར་ཁོ་མོས་བོད་ཀྱི་གནད་དོན་དང་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་ཚོགས་པའི་གནད་དོན་སོགས་ཅི་ཡང་མི་ཤེས་ནའང་། ཕྱིས་སུ་ཁོ་མོ་ཨ་ལགས་ཀྱིས་ཁྲིད་དེ་ཁ་ན་ཊར་ཕྱིན་རྗེས། ཨ་མ་ལགས་ཀྱིས་ཁོ་མོར་རྒྱ་ནག་གཞུང་གིས་རྒྱ་ནང་གི་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་ཚོགས་པར་དམ་དྲག་བྱས་པའི་སྐོར་ཀྱི་འོད་སྡེར་ཞིག་སྤྲད་ཡོད་པ་དང་། ཁོ་མོས་འོད་སྡེར་དེའི་ནང་གི་དངོས་ཡོད་གནས་ཚུལ་དང་རྒྱ་ནག་གཞུང་གིས་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་དྲིལ་བསྒྲགས་བྱེད་པའི་གནས་ཚུལ་གཉིས་བར་གྱི་ཧེ་བག་མཐོང་བ་དང་། ཁོ་མོ་རྦད་དེ་ཧ་ལས་ཧ་སང་ཡོད་སྐོར་དང་། ཁ་ན་ཊ་རུ་ཁོ་མོས་རྒྱ་ནང་གི་འགྲོ་བ་མིའི་ཐོབ་ཐང་གླེང་སློང་བྱས་པར་བརྟེན། རྒྱ་ནག་གཞུང་དང་རྒྱ་ནང་གི་རྒྱ་རིགས་ཚོས་ཁོ་མོར་ཁ་རྡུང་དྲག་པོ་གཏོང་གི་ཡོད་པ་མ་ཟད། རྒྱ་ནང་གི་ཁོ་མོའི་ཨ་ཕ་ལགས་དང་ཁོ་མོ་གཉིས་བར་གྱི་ཕ་བུའི་འབྲེལ་བ་སྡུག་ཏུ་ཕྱིན་ཡོད་པ་དང་། དེ་ཡང་རྒྱ་ནང་གི་རྒྱ་རིགས་ཚོས་དངོས་ཡོད་གནས་སྟངས་མ་ཤེས་པའི་རྐྱེན་གྱིས་ཡིན་ཞིང་། རྒྱ་ནང་གི་རྒྱ་རིགས་ཚོར་དངོས་ཡོད་གནས་སྟངས་ཧ་གོ་བའི་ཐོབ་ཐང་མེད་སྐོར་སོགས་བརྗོད་སོང་།

མཇུག་ཏུ་དྲི་བ་དྲིས་ལན་སྐབས་སུ། གསར་འགོད་པ་ཞིག་གིས་འབུམ་རམ་པ་ཡང་ཅིན་ལེན་གྱིས་གཏམ་བཤད་སྐབས་སུ། ཁོས་བོད་རང་དབང་ཞེས་བརྗོད་པ་དེ་གང་འདྲ་ཞིག་ལ་ངོས་འཛིན་གནང་གི་ཡོད་མེད་དྲིས་སྐབས། ཡང་ཅིན་ལེན་གྱིས་བོད་རང་དབང་ཟེར་བ་དེ་ཁོས་དོན་དག་གཉིས་ཀྱི་ཐོག་ནས་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། དང་པོ་དེ། བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་ཉིན་རེའི་འཚོ་གནས་ལ་རང་དབང་ཡོད་པ་ཞིག་དང་། གཉིས་པ་དེ། བོད་པ་ཡང་མི་ཡིན་པའི་ཆ་ནས། འཛིན་སྐྱོང་གི་སྒྲིག་གཞིའི་ཐད་ནས་བོད་རང་སྐྱོང་དང་བོད་རང་བཙན་གང་བྱ་མིན་དེ་བོད་མི་ཚོ་སོ་སོའི་རང་དབང་གི་འདམ་ག་ཞིག་ཡིན་སྐོར་བརྗོད་བྱུང་།

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༢༣ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese