མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྩོམ་པ་པོ་ཞིག་ལ་ཁྲིམས་ཆད་ལོ་ ༧ ལྷག་བཅད།

བོད་ཀྱི་དུས་བབ།
༢༠༡༦/༠༥/༠༩
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་རྩོམ་པ་པོ་བློ་མིག་ལགས་ལ་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་པ་དང་ཁ་བྲལ་གྱི་བྱ་སྤྱོད་སྤེལ་བའི་ཉེས་མིང་འོག་ལོ་ ༧ དང་ཕྱེད་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག
13153386_1136166509756294_762960627_nཨོ་སི་ཊོ་ལི་ཡར་གནས་སྡོད་རྨེའུ་དཀོན་རྒྱམ་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཕྱི་ཟླ་ ༥ ཚེས་ ༩ ཉིན་སི་ཁྲོན་ཝིན་ཁྲན་མི་དམངས་ཁྲིམས་ཁང་ཟེར་བ་ནས་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་པ་དང་མེས་རྒྱལ་ཁ་བྲལ་གྱི་བྱ་སྤྱོད་སྤེལ་བའི་ཉེས་མིང་འོག བོད་ཀྱི་རྩོམ་པ་པོ་དངོས་མིང་ལ་ཇོ་བློ་བཟང་འཇམ་དབྱངས་དང་སྨྱུག་མིང་བློ་མིག་ལགས་ལ་ལོ་ ༧ དང་ཕྱེད་ཀ་ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

འདས་ལོའི་ཕྱི་ཟླ་ ༤ ཚེས་ ༡༧ ཉིན་གྱི་མཚན་མོའི་དུས་ཚོད་ ༡༡།༣༠ ཡས་མས་སུ། རྔ་བ་རྫོང་ཐོག་ནས་རྒྱ་གཞུང་ཉེན་རྟོག་པས་ཁཽང་གློ་བུར་དུ་འཛིན་བཟུང་བཙན་འཁྲིད་བྱས་ཏེ། ཝིན་ཁྲན་ལྟ་སྲུང་ཁང་ཟེར་བ་སོགས་ནས་ལོ་ངོ་ ༡ དང་ཟླ་གཅིག་ལྷག་ལ་གཅར་རྡུང་མནར་གཅོད་ཁྲོད་བཀག་ཉར་བྱས་རྗེས། ནང་མི་ཉེ་འབྲེལ་དང་ཁྲིམས་རྩོད་པ་སོགས་སུ་གཅིག་ཀྱང་ཁྲིམས་རར་ཡོང་དུ་བཅུག་མེད་པ་མ་ཟད། ནང་མིར་ག་དུས་ཁྲིམས་ཐག་གཅོད་མིན་གྱི་བརྡ་ལན་ཙམ་ཡང་སྤྲད་མེད་པར་གསང་བའི་ཐོག་ནས་ཁྲིམས་ཐག་བཅད་ཡོད་པ་རེད།

དེ་རིང་གཞི་ནས་ཆུ་ཚོད་ཕྱེད་ཀ་རིང་ཁོང་གི་ཁྱིམ་མི་ཚོར་ཐུག་ཏུ་བཅུག་ཡོད་ཀྱང་། ཁྲིམས་ཁང་ནས་ཁྱིམ་མི་ཚོར་ཁོང་ལ་ཁྲིམས་ཐག་ག་དུས་བཅད་མིན་དང་ནག་ཉེས་ག་རེ་ཡོད་སོགས་གསལ་བཤད་གང་ཡང་བྱས་མེད་ཀྱང་། ཐུག་འཕྲད་སྐབས་བློ་མིག་ལགས་ཀྱིས་ནང་མི་ཚོར་ང་ལ་ཕྱི་ལོ་ ༢༠༠༩ ནས་བཟུང་སྟེ་ ༢༠༡༥ བར་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་པ་དང་རྒྱལ་ཁབ་ཁ་བྲལ་གྱི་བྱ་སྤྱོད་སྤེལ་བའི་ནག་ཉེས་བཙན་འགེལ་བྱས་རུང་ཁས་ལེན་རྩ་བ་ནས་བྱས་མྱོང་མེད་ཅེས་བརྗོད་ཡོད་འདུག

unnamed-9ད་ལྟ་རང་ལོ་ ༢༨ ཡིན་པའི་རྩོམ་པ་པོ་བློ་མིག་ལགས་རྔ་བ་རྫོང་རྨེའུ་རུ་མའི་རུ་ཆེན་གསུམ་པའི་ཇོ་ཚང་ནས་ཡིན་ཞིང་། ཕ་མིང་ལ་རྡོར་ཁོ་དང་མ་མིང་ལ་འཛམ་དཀར་ཟེར་གྱི་ཡོད་འདུག ཁོང་རང་ལོ་ ༦ གི་སྟེང་རྔ་བ་ཀིརྟི་དགོན་པར་གྲྭ་པ་བྱས་ཤིང་། ཀིརྟིའི་ནང་བསྟན་གཞོན་ནུའི་སློབ་གྲྭར་ཞུགས་ཏེ་སློབ་སྦྱོང་རྒྱུན་སྐྱོང་བྱེད་སྐབས། རྒྱ་གཞུང་གིས་གྲྭ་ཕྲུག་བདུན་བརྒྱ་ལྷག་ཡོད་པའི་ནང་བསྟན་གཞོན་ནུའི་སློབ་གྲྭ་བཙན་གྱིས་སྒོ་བརྒྱབ་ཡོད་སྟབས། དེ་ནས་ཁོང་གིས་རྔ་བ་ཀིརྟི་དགོན་གྱི་གཙོས་བྲག་མགོ་དགོན་དང་རེབ་གོང་། བླ་རུང་སྒར་སོགས་ནས་ནང་ཆོས་དང་རྩོམ་རིག་སོགས་ལ་སློབ་གཉེར་གནང་ཡོད་འདུག

ཕྱི་ལོ་༢༠༡༠ ལོར་ཁོང་གིས་༼ན་བུན་སེར་པོའི་འཕྱུར་སྟངས།༽ཟེར་བའི་དེབ་ཅིག་བརྩམས་ནས་ཟི་ལིང་ནས་དཔར་བསྐྲུན་བྱས་ཡོད་པ་མ་ཟད། འདས་ལོར་ཁོང་གིས་༼ལྕགས་སྒྲོག་གིས་བཀྱིགས་པའི་གཏམ་རྒྱུད།༽ དང་༼རྔ་བའི་ཡི་གེ་བ་དག་ལ་མཚོན་གྱིས་བསྣུན་གྱིན་ཡོད།༽། ༼ང་མ་ཤི་བར་དུ་ལྟ་ཚུལ་བཤད་ཁོ་ཐག་ཡིན།༽ ཟེར་བ་སོགས་བྲིས་ཏེ། རྒྱ་གཞུང་གིས་བོད་ནང་གི་རྩོམ་འབྲི་རང་དབང་དང་སྨྲ་བརྗོད་རང་དབང་སོགས་ལ་བཙན་གནོན་ཤུགས་ཆེན་བྱེད་བཞིན་ཡོད་པ་འཛེམས་ཟོན་མེད་པའི་ཐོག་ནས་ཐེར་འདོན་གནང་ཡོད་པ་རེད།

གཞན་ཡང་། དེ་སྔོན་ཁོང་གིས་བོད་ནང་གི་རྩོམ་པ་པོ་མང་པོ་དང་ལྷན་དུ་༼ཟི་ལིང་གཟའ་ཉི་མའི་ཁ་བརྡ་༽ ཟེར་བ་སོགས་ཀྱི་བགྲོ་གླེང་མང་པོ་བྱས་མྱོང་ཡོད་པ་མ་ཟད།  ཐོག་དང་པོར་རྔ་བ་རྫོང་ནས་༼རང་གྲོལ་བསྐྱར་ཞིབ་༽དང་༼གཟའ་ཉི་མའི་ཁ་ བརྡ།༽ཟེར་བའི་བགྲོ་གླེང་གསར་འཛུགས་བྱས་ཏེ་གཞོན་སྐྱེས་མང་པོར་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་དང་། དེ་བཞིན་རྨེའུ་རུ་མ་ཡུལ་ཚོ་ནས་༼སྨྲ་བརྗོད་མེད་པའི་འུ་ཅག་༽ཟེར་བའི་དམངས་ཚོགས་དང་མཉམ་དུ་བགྲོ་གླེང་ཞིག་ཀྱང་གོ་སྒྲིག་གནང་ཡོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༣ པའི་མཐའ་མའི་བཅད་ཁྲ་བཏང་སོང་། 

ཆུ་ཚོད་ ༡༨ སྔོན་ལ།
Photos: Official portraits, U.S. House of Representatives
Mobile App

ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་༧གོང་ས་རྒྱལ་བ་རིན་པོ་ཆེར་མཇལ་བཅར་ཞུས།

ཆུ་ཚོད་ ༢༡ སྔོན་ལ།
བཀའ་ཤག་གི་གསར་འགོད་གསལ་བསྒྲགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥི་རི་ཁའི་དོན་གཅོད་ཁང་གི་གནད་དོན་ཁྲིམས་ཐོག་ནས་སེལ་བའི་རེ་སྐུལ་གནང་འདུག

༢༠༢༦/༡༠/༢༡
CFOTO/Future Publishing via Getty Images
Mobile App

ཨ་རིས་རྒྱ་ནག་གི་བཅོས་མའི་རིག་ནུས་ཌིབ་སིག་བཀག་སྡོམ་བྱས།

༢༠༢༦/༡༠/༢༠
ལྕགས་ལམ་ས་ཁྲ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ཟི་ལིང་ནས་ཁྲིན་ཏུའུ་བར་གྱི་ལྕགས་ལམ་ཕྱེད་ཙམ་འགྲུབ་ཡོད་ཟེར།

༢༠༢༦/༡༠/༢༠
Mobile App

དཔལ་༧རྒྱལ་བ་ཀརྨ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་འབྲས་ལྗོངས་སུ་ཕེབས་འཆར་འདུག

༢༠༢༦/༡༠/༡༩

མཆན། 1

  1. ཤར་མདའ། says:
    ལོ་ 10 སྔོན།

    རྩོམ་པ་པོ་ཁོང་དང་ཁོང་ལྟ་བུའི་སྣེ་ཁྲིད་པ་ཚོ་ལ་དུས་རྟག་ཏུ་གུས་ཞབས་ཡོད་པར་མ་ཟད་འུ་ཅག་གིས་ཁོང་རྣམ་པ་དཀའ་སྡུག་གི་ཟིན་ཐོ་ཞིག་ཡིན་ནོ་དུས་ནམ་ཡང་བརྗེད་མི་སྲིད་པ་ཞིག་རེད་མྱུར་ཏུ་གློད་གྲོལ་ཡོང་བར་སྨོན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese