མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གོང་བུ་ཆིག་སྒྲིལ་མ་བྱས་ན་ལས་དོན་ག་རེ་ཡིན་ཡང་བསྒྲུབ་ཐུབ་པ་ཁག་པོ་རེད།

བོད་ཀྱི་དུས་བབ།
༢༠༡༦/༠༥/༡༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་ནང་རྒྱལ་བའི་ཞབས་རིམ་མཇུག་བསྒྲིལ་བ་དང་བསྟུན་ཏེ་གླིང་མཆོག་སྤྲུལ་རིན་པོ་ཆེས་མང་ཚོགས་ལ་ཡ་རབས་བཟང་སྤྱོད་དང་བོད་མིའི་མཐུན་སྒྲིལ་སྐོར་བཀའ་གནང་འདུག

tibettimes-2ཟླ་འདིའི་ཕྱི་ཚེས་ ༡༡  ནས་ ༡༨ ཉིན་བར། རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བདེ་སྐྱིད་སླར་གསོའི་ཚོགས་ཁང་དུ། ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བུད་མེད་ལྷན་ཚོགས་ཐུན་མོང་གི་གོ་སྒྲིག་འོག གཞིས་ཆགས་གཉིས་ཀྱི་གཞིས་མི་ཡོངས་ཀྱིས་རྒྱལ་བའི་སྐུ་ཚེ་མཛད་འཕྲིན་དང་བོད་བསྟན་སྲིད་ཆེད། མ་ཎི་དང་སྒྲོལ་མ་འབུམ་ཐེར་སོགས་ཞབས་རིམ་ཁག་གསོག་སྒྲུབ་གནང་ཡོད་པ་རེད། ཁ་སང་ཕྱི་ཚེ་ ༡༨ ཉིན་རྒྱལ་བའི་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་གདན་ཞུ་གནང་སྟེ། ས་གནས་མི་མང་ལ་སྤྱན་རས་གཟིགས་དང་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་བཀའ་དབང་གནང་ཡོད་པ་དང་། བཀའ་དབང་གི་སྔོན་འགྲོའི་སྐབས་ལ་མང་ཚོགས་ལ་བོད་མི་རྣམས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་རྒྱལ་བའི་བཀའ་དགོངས་ཐོག་ཤར་སྐྱོད་གནང་དགོས་པའི་བཀའ་སློབ་གནང་སོང་།

གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་མང་ཚོགས་ལ་བཀའ་སློབ་གནང་དོན། སྦེལ་ཀོབ་གཞིས་ཆགས་འདི་ནི་བཙན་བྱོལ་བོད་མིའི་གཞིས་ཆགས་ཐོག་མའི་གྲས་དང་མི་འབོར་མང་ཤོས་ཀྱི་གཞིས་ཆགས་ཤིག་ཆགས་ཡོད་པ་རེད། ད་ལྟ་ང་ཚོ་ཚང་མ་རྒྱ་གར་ལྷོ་ཕྱོགས་སུ་བསླེབས་བསྡད་པ་འདི་རང་ཡུལ་དུ་མ་འཆམ་པ་དང་བོད་ཡུལ་སྐྱིད་པོ་མེད་ནས་འདིར་ཡོང་བ་མ་རེད། ང་ཚོའི་ལུང་པར་རྒྱལ་ཁབ་གཞན་གྱིས་བཙན་འཛུལ་བྱས་ཏེ། ང་ཚོ་མིའི་ལུང་པར་སྲིད་དོན་གྱི་སྐྱབས་བཅོལ་བ་ཞིག་ཆགས་ཏེ་ད་བར་ལོ་ ༦༠ ཙམ་ཕྱིན་ཡོད་པ་རེད། སྐབས་དེའི་མི་ཐོག་བགྲེས་པ་ཚོ་མཛུབ་མོས་བགྲང་ཐུབ་པ་ཞིག་ལས་ད་ལྟ་ལྷག་ཡོད་པ་མ་རེད། རྒྱ་གར་ལ་འབྱོར་བའི་རྗེས་ལ་སྐྱེས་པ་མང་པོ་ཞིག་ཀྱང་ད་ལྟ་རྒན་འཁོགས་ཆགས་བསྡད་ཡོད་པ་རེད། ད་ལྟ་ང་ཚོ་སོ་སོའི་ལུང་བའི་ནང་ཕྱིར་འགྲོ་དགོས་བསམ་ཡང་། འགྲོ་ས་མེད་པའི་གནས་སྟངས་ཤིག་ཆགས་ཡོད་པ་དེ་ང་ཚོར་ངོ་གསལ་བོ་འཕྲོད་དགོས་པ་ཧ་ཅང་གལ་ཆེན་པོ་རེད། ཅེས་གསུངས་སོང་།

ཡང་ཁོང་གིས་༧རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དགོངས་བསྒྲུབ་རྒྱུ་གལ་ཆེན་ཡིན་སྐོར་གསུངས་དོན། ༧རྒྱལ་བ་རིན་པོ་ཆེའི་བཀའ་དྲིན་ལ་བརྟེན་ཏེ་ང་ཚོར་བོད་མིའི་སྒྲིག་འཛུགས་ཤིག་ཡོད་པ་མ་ཟད། ང་ཚོར་གཞིས་ཆགས་དང་ས་ཆ། སློབ་གྲྭ་དང་དགོན་པ་སོགས་ཚགས་ཚུད་པོ་དང་ཡག་པོ་ཞེ་དྲགས་ཡོད་སྟབས། མཚམས་རེར་སྣང་བ་གཡེངས་ནས་སོ་སོའི་ལུང་པ་ལ་བསླེབས་ཡོད་པ་ལྟ་བུའི་བྱེད་སྟངས་ཤིག་ཡོང་གི་ཡོད་པ་དེ་ང་ཚོའི་སྐྱོན་ཆེན་པོ་ཞིག་རེད། གནང་སྟངས་དེ་འདྲའི་འོག་ནས་ང་ཚོས་འཐུས་ཤོར་ཆེན་པོ་གཏོང་གི་འདུག ང་རང་ཚོ་མིའི་ལུང་པ་བསྡད་ཡོད་རེད་མ་གཏོགས་སོ་སོའི་ལུང་པའི་ནང་བསྡད་ཡོད་མ་རེད། ལྷག་པར་དུ་དུས་ཚོད་ཛ་དྲག་པོ་དང་གཉན་འཕྲང་ཆེ་བའི་སྐབས་འདི་འདྲ་ཞིག་ལ་ང་ཚོ་ཚང་མས་དམ་ཚིག་རྡོག་རྩ་ཆིག་སྒྲིལ་དང་། ནུས་པའི་གོང་བུ་གཅིག་གྱུར་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་རེད། གོང་བུ་ཆིག་སྒྲིལ་མ་ཐུབ་པ་ཡིན་ན། ལས་དོན་ག་རེ་ཡིན་ནའང་བསྒྲུབ་ཐུབ་པ་ཧ་ཅང་ཁག་པོ་རེད།

༧རྒྱལ་བ་རིན་པོ་ཆེས་བཀའ་སློབ་ག་རེ་གནང་བ་དེའི་སྟེང་ཤར་སྐྱོད་གནང་དགོས་པ་གལ་ཆེན་པོ་ཞེ་དྲགས་རེད། ཁོང་གིས་ཆོས་དང་སྲིད་ག་རེ་ཐོག་ལ་བཀའ་ཕེབས་པ་ཡིན་ནའང་དེ་དག་ལ་བསམ་བློ་ཡག་པོ་བཏང་ན་ཕུག་རྒྱང་རིང་པོ་དང་། མ་འོངས་པར་ག་རེ་ཡོང་གི་ཡོད་མེད་ཡོངས་རྫོགས་ལ་གསལ་བོར་གཟིགས་ཏེ་གསུངས་ཡོད་པ་རྐྱང་རྐྱང་ཆགས་ཡོད་སྟབས། ང་ཚོ་ཚང་མ་ཁོང་གིས་ལམ་སྟོན་ཐོག་ཤར་སྐྱོད་གནང་དགོས་པ་དེ་ང་ཚོའི་ལས་འགན་གལ་ཆེ་ཤོས་ཤིག་རེད་ལ། དེ་ལྟར་གནང་ན་ང་ཚོིར་གྲུབ་འབྲས་ཆེན་པོ་ཞིག་འཐོན་རྒྱུ་ཡོད་པའང་སྨྲོས་མ་དགོས་པ་ཞིག་རེད། དེ་ཚང་མའི་སེམས་ལ་བཞག་རོགས། ༧རྒྱལ་བ་རིན་པོ་ཆེ་སྤྱིར་བཏང་གི་མི་ལྟ་བུ་ཞིག་ལ་བརྩིས་ན་ཁོང་རང་ལ་ཐུགས་ཁྱད་གང་ཡང་ཡོད་པ་མ་རེད་དེ། ང་རང་ཚོར་གྱོང་ཆེན་པོ་ཞིག་དང་བསོད་ནམས་ཟད་ཀྱི་ཡོད་པའི་རྟགས་རེད། ཅེས་གསུངས་སོང་།

tibettimes-1

ཡང་ཁོང་གིས་བོད་མིའི་ཡ་རབས་བཟང་སྤྱོད་སྐོར་ལ་གསུངས་དོན། དེང་སྐབས་བོད་མིའི་བཟང་སྤྱོད་རླག་པ་ལྟ་བུ་ཆགས་འདུག མི་སུ་ཞིག་ལ་ཧམ་པ་ཆེ་བ་དང་། སུ་ལ་དཔལ་འབྱོར་ཆེ་ན་དེ་ལ་འཁོར་འགྲོ་བ་དང་། སུས་ཀྲོག་ཀྲོག་ཚ་ན་དེའི་རྗེས་ལ་རྒྱུག་འགྲོ་བ་དེ་ཡག་པོ་རྩ་བ་ནས་མཐོང་གི་མི་འདུག ༧གོང་ས་མཆོག་གིས་བཀའ་གནང་བ་ལྟར། ནང་པ་སངས་རྒྱས་པའི་ཆོས་ཀྱི་བསླབ་བྱ་གཞི་ལ་བཞག་པའི་ཡུལ་སྲོལ་གོམས་གཤིས་དང་ཡ་རབས་བཟང་སྤྱོད་དེ་དག་འཛམ་གླིང་འདིར་ངོམས་སུ་ཆོག་པ་ཞིག་ཆགས་ཡོད་སྟབས། དེ་མི་ཉམས་རྒྱུན་འཛིན་གནང་རྒྱུ་གལ་ཆེན་པོ་རེད། ཕ་མ་ཚོས་ཀྱང་ང་རང་ཚོའི་ཕ་མེས་ནས་དར་བའི་གཅེས་ནོར་བདག་ལས་གཞན་གཅེས་པ་དང་། བྱམས་སྙིང་རྗེའི་བསླབ་བྱ་གཞི་ལ་བཞག་པའི་གཤིས་སྤྱོད་དེ་དག་ལ་གཅེས་སྤྲས་བྱེད་དགོས་པ་གལ་ཆེན་པོ་རེད། དེ་ཉམས་ཆགས་ཕྱིན་ཡོད་པ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་ཆར་དམིགས་བསལ་བཀའ་སློབ་བསྩལ་ཡོད་པ་ཚང་མས་ཤེས་གསལ་ཡིན་སྟབས། ང་ཚོ་མི་སྒེར་རེ་རེའི་ངོས་ནས་ཡར་རྒྱས་གཏོང་དགོས་པ་དང་། རང་ཉིད་ཀྱིས་ཉམས་སུ་བླངས་པ་ཙམ་མ་ཟད་རང་གི་བུ་ཕྲུག་ཚོར་ཡང་ངོ་སྤྲོད་བྱེད་རྒྱུ་གལ་ཆེན་པོ་རེད། དེར་བརྟེན། མིའི་བཟང་སྤྱོད་རྨང་གཞིར་བཞག་པའི་ཐོག་ནས་ཕྲུ་གུར་དེང་དུས་ཀྱི་ཤེས་ཡོན་ཡོད་པ་ཞིག་བཟོ་དགོས་པ་དང་། དེ་ལྟར་བྱུང་ན་རང་གི་མི་ཚེ་བདེ་སྐྱིད་ལྡན་པ་ཡོང་བ་མ་ཟད། གཞན་སྤྱི་ཚོགས་ལའང་ཕན་ཐོགས་བྱེད་ཐུབ་ཀྱི་ཡོད་སྟབས། བོད་མི་ཚང་མས་ཤེས་ཡོན་ལ་དོ་སྣང་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་རེད། ཅེས་སོགས་གསུངས་སོང་།

རྒྱ་གར་ལྷོ་ཕྱོགས་ས་གནས་གསར་འགོད་པ་དོན་གྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

Mobile App

སྤྱི་འཐུས་གྲུབ་ཆ་བསྐྱར་བཅོས་ཀྱི་བསམ་འཆར།

༢༠༢༦/༠༥/༢༧
སྲིད་སྐྱོང་མཆོག་གིས་ལས་ཡུན་སྐབས་གསར་བའི་མིང་གཞུང་དུ་ཐོ་འགོད་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༧
Front Slider

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧
TTT
Mobile App

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧
འཇར་མན་གྱི་རྒྱལ་ས་བྷར་ལིན་དུ་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་འཇར་འཁོད་བོད་རིགས་ཚོགས་པ་དང་བོད་ཀྱི་ཟློས་གར་ཚོགས་པ་ཟུང་འབྲེལ་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་དང་གཟིགས་འབུལ་ཞུ་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༥།༢༤
Mobile App

ཕྱི་ལོ་ ༢༠༢༦ ལོའི་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་བོད་པར་སྤྱི་ཡོངས་ཀྱི་འཁྲབ་སྟོན་རྩེ་ཕུད་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༥/༢༦
དེ་རིང་ཕྱི་ཟླ་ ༥ ཚེས་ ༢༦ ཉིན་གྱི་སྔ་དྲོར་སྐབས་བཅུ་དྲུག་པའི་བཀའ་ཤག་གི་སྲིད་སྐྱོང་མཆོག་གི་དབུས་བཀའ་བློན་རྣམ་པས་༧གོང་ས་མཆོག་ལ་མཇལ་བཅར་ཞུས་པ།
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་སྐབས་བཅུ་དྲུག་པའི་བཀའ་ཤག་ལ་འཐོན་མཇལ་བསྩལ།

༢༠༢༦/༠༥/༢༦
ཨོ་གླིང་གི་གྲོང་ཁྱེར་སི་ཌི་ནི་ (Sydney) ཡི་ཉེ་འགྲེམ་རི་སྔོན་པོ་ (Blue Mountain) རུ་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པ་འཚོག་བཞིན་པ། པར་རང་བཙན་ཚོགས་ཆེན་གྱི་ངོ་དེབ་ནས་བླངས། ༢༠༢༦།༥།༢༣
Mobile App

རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པ་ཨོ་གླིང་ནས་མཇུག་བསྒྲིལ།

༢༠༢༦/༠༥/༢༦

མཆན། 1

  1. རྒྱམ་མཚོ། says:
    ལོ་ 10 སྔོན།

    “ཡང་ཁོང་གིས་བོད་མིའི་ཡ་རབས་བཟང་སྤྱོད་སྐོར་ལ་གསུངས་དོན། དེང་སྐབས་བོད་མིའི་བཟང་སྤྱོད་རླག་པ་ལྟ་བུ་ཆགས་འདུག མི་སུ་ཞིག་ལ་ཧམ་པ་ཆེ་བ་དང་། སུ་ལ་དཔལ་འབྱོར་ཆེ་ན་དེ་ལ་འཁོར་འགྲོ་བ་དང་། སུས་ཀྲོག་ཀྲོག་ཚ་ན་དེའི་རྗེས་ལ་རྒྱུག་འགྲོ་བ་དེ་ཡག་པོ་རྩ་བ་ནས་མཐོང་གི་མི་འདུག “

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese