མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་འབྱོར་འབྲིང་གྲལ་རིམ་གྱི་སེམས་ཁྲལ།

བོད་ཀྱི་དུས་བབ།
༢༠༡༦/༠༥/༢༢
Share on FacebookShare on TwitterShare on EmailShare on Whatsapp

མོའུ་རོང་ཞེ་ཚིན་(Murong Xuecun)གྱིས་བརྩམས།
པདྨ་རྒྱལ་གྱིས་བོད་བསྒྱུར་བྱས།

ཉེ་ལམ་ངའི་གྲོགས་པོ་ཕྱུག་ཁག་ཅིག་གིས་ང་ལ་ཁྱོས་དམངས་སྒོར་ཕྱི་ཕྱོགས་སུ་ཅི་ལྟར་བརྗེ་གཏོང་བྱེད་ཀྱི་ཡོད་ཅེས་དྲིས་སོང་། ངས་ཁོ་ལ་ང་ནམ་རྒྱུན་ཧོང་ཀོང་ལ་འགྲོ་གི་ཡོད་ཅིང་འགྲོ་ཐེངས་རེར་ངས་ཁྲིམས་མཐུན་སྒོས་དམངས་སྒོར་ ༢༠,༠༠༠ ནས་ཨ་སྒོར་ ༣,༡༠༠ འཁྱེར་གྱི་ཡོད་ལ། དེ་ནས་ངས་ཧོང་ཀོང་གི་དངུལ་ལོར་བརྗེས་ནས་ས་གནས་དངུལ་ཁང་ནང་འཇོག་གི་ཡོད་ཅེས་བཤད་པ་ཡིན། ཁེ་བཟང་ང་ལས་ཆེ་བའི་གྲོགས་པོ་དེ་ཅུང་བློ་ཕམ་བྱུང་ཡོད་མདོག་རེད། ཁོར་མཚོན་ན་ངས་ཐེངས་གཅིག་གི་འགྲུལ་བསྐྱོད་ལ་ཨ་སྒོར་ ༣,༡༠༠ འཁྱེར་གྱི་ཡོད་པ་དེ་ཁོའི་དམངས་སྒོར་ཕྱིར་གཏོང་དང་བསྡུར་ཚེ་དོན་དངོས་ཤིག་ཆགས་ཀྱི་མེད་ཚོད་འདུག

ན་ནིང་ནས་ཁྲོམ་རའི་དཔལ་འབྱོར་ཉམས་རྒུད་དང་དམངས་སྒོར་གྱི་འཛའ་ཐང་ཆག་པ་ནས། རྒྱ་རིགས་མི་མང་གིས་ངའི་གྲོགས་པོས་དངུལ་ལོ་ཕྱིར་གཏོང་གི་ཐབས་ཤེས་ལ་དགའ་མོས་བྱེད་ཀྱིན་འདུག སྲིད་གཞུང་གིས་དངུལ་ལོ་འབོར་ཆེན་ཕྱིར་གཏོང་བྱ་བར་ཚད་གཞི་གསར་བ་བཟོས་ཡོད་ནའང་། མི་མང་གིས་དམ་དྲག་གི་སྒྲིག་གཞི་མང་པོའི་འོག་ནས་དངུལ་ལོ་ཕྱིར་གཏོང་གི་ཐབས་ཤེས་འཚོལ་བཞིན་ཡོད་པ་དང་། འདས་པའི་ལོ་ངོ་གཅིག་དང་ཕྱེད་ཀའི་རིང་ལ་རྒྱ་ནག་ནང་གི་མི་སྒེར་དང་ཚོང་གཉེར་ཁང་མང་པོས་ཨ་སྒོར་ཐེར་འབུམ་གཅིག་ཙམ་བརྗེ་གཏོང་བྱས་ཡོད་པ་རེད།

17-4456656a0b0a741005

རྒྱ་རིགས་མི་མང་རང་རྒྱལ་དང་འབྲལ་བཞིན་པ་དེ་ཡང་ཁོ་ཚོའི་འབྱུང་འགྱུར་ལ་སྔར་བས་ཉེན་ཚབས་ཆེ་བའི་མཚོན་རྟགས་ཤིག་ཡིན་པ་མ་ཟད། བརྟན་འཇགས་མིན་པའི་དཔལ་འབྱོར་འདུ་འགོད་དང་མཁའ་དབུགས་འབག་བཙོག ཟས་རིགས་དང་བཏུང་ཆུར་འདྲིས་པའི་དུག་རྫས་སོགས་ལ་བརྟེན་ནས་རྒྱ་ནང་གི་ཉིན་རེའི་འཚོ་གནས་ལ་འཇིག་ཉེན་སླེབ་ཀྱིན་ཡོད། ཉེ་ཆར་ཤེས་རྟོགས་བྱུང་བ་ལྟར་ན། རྫས་འགྱུར་འདྲེས་མའི་འགོག་སྨན་ས་ཡ་མང་པོ་བྱིས་པ་ཚོར་བརྒྱབ་པའི་གནད་དོན་དེས་སྤྱི་མང་ལ་དོ་ཕོག་ཆེན་པོ་བསླངས་འདུག

ཕྱིས་སུ་རྒྱ་ནག་ནང་སྤྱི་མང་གི་གླེང་སློང་ཐད་དམ་དྲག་དང་ཁྲིམས་གྱི་དབང་སྒྱུར་ལ་སྣང་ཆུང་། དྲང་བདེན་གྱི་ཁྲིམས་རྩོད་ལ་ཁྱད་གསོད་སོགས་གཏོང་བཞིན་པ་རྒྱ་ནག་མི་མང་གིས་ལམ་ཟུར་དང་ལམ་འོག་སོགས་ན་ཤབ་ཤུབ་གླེང་གིན་འདུག

གྲོང་ཁྱེར་གྱི་གཞོན་སྐྱེས་ཆེད་ལས་པ་ཚོས“དཔལ་འབྱོར་དཀའ་རྙོག་ལས་སྲུང་སྐྱོབ་ལམ་ཕྱོགས”ཞེས་པའི་རྩོམ་ཡིག་ཅིག་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་ཁྱབ་སྤེལ་བྱས་པ་མ་ཟད། སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་ད་དུང“འབྱོར་འབྲིང་གྲལ་རིམ་པའི་སེམས་ཁྲལ་བཅུ”དང“འབྱོར་འབྲིང་གྲལ་རིམ་པ་ཚོ་སླར་ཡང་དབུལ་བོར་འགྱུར་སྲིད་དམ”སོགས་ཀྱི་གནས་ཚུལ་བཀོད་དེ་འཇིགས་སྣང་སློང་གི་ཡོད་པ་རེད། དེར་མ་ཟད། སེམས་ཁྲལ་གཞན་ཁག་ཅིག་ནི་རྒྱ་ནང་གི་དཔལ་འབྱོར་འདུ་འགོད་ཀྱི་འགྲོས་ཇེ་དལ་དུ་བཏང་བ་དང་འབྱོར་འབྲིང་གྲལ་རིམ་པའི་སེམས་ཁྲལ་ཇེ་ཆེར་འགྱུར་བཞིན་འདུག

འབྱོར་འབྲིང་གྲལ་རིམ་པ་ཚོས་དམངས་སྒོར་ཕྱིར་གཏོང་བྱ་བའམ་ཕྱིའི་རྒྱལ་ཁབ་ཁག་གི་དངུལ་ལོར་བརྗེ་འཚོང་བྱ་རྒྱུ་ནི་ཐུན་མོང་གི་གྲོས་འཆར་ལྟ་བུ་ཞིག་ཆགས་ཡོད་པ་དང་། ཉེ་ཆར་ “མ་རྐང་དུས་དེབ་ཁང” གིས་ཞིབ་འཇུག་རྒྱུས་ལོན་ལྟར་ན། རྒྱ་ནང་གི་འབྱོར་འབྲིང་གྲལ་རིམ་པ་བརྒྱ་ཆ་ ༤༠ ཡིས་ཡོང་འབབ་བརྒྱ་ཆ་ ༡༠ ཐོག་ནས་དམངས་སྒོར་ཕྱིའི་རྒྱལ་ཁབ་ཁག་གི་དངུལ་ལོར་བརྗེ་ཚོང་གཉེར་འདོད་ཡོད་པ་མ་ཟད། ད་ཆར་འབྱོར་འབྲིང་གྲལ་རིམ་པ་བརྒྱ་ཆ་ ༢༩ ཡིས་གོང་ཞུས་ཡོང་འབབ་ཀྱི་ཐོག་ནས་དམངས་སྒོར་བརྗེ་ཚོང་བྱས་ཡོད་འདུག

ད་དུང་ཉེ་ཆར་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་ཐོན་པའི་པ་ན་མའི་ཡིག་ཆ་ཁག་ནང་ཐ་ན་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་ཚོའི་ཉེ་འབྲེལ་ཚོས་ཀྱང་དམངས་སྒོར་འབོར་ཆེན་དཔྱ་ཁྲལ་འཇལ་མི་དགོས་པའི་ཕྱིའི་རྒྱལ་ཁབ་ཀྱི་དངུལ་ཁང་དུ་གསང་ཉར་བྱས་ཡོད་སྐོར་འཁོད་འདུག

རྒྱ་ནག་དང་ཁ་འབྲལ་བའི་ཐབས་ཤེས་འཐེན་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་ཅིང་། ཕྱི་ལོ་ ༢༠༡༤ ལོའི་དཔྱ་ཁྲལ་ལ་བརྟེན་ནས་མི་མང་ ༧༦,༠༨༩ ལ་ཨ་རིའི་ནང་གཏན་སྡོད་ཆོག་པའི་མི་སེར་ལག་ཁྱེར་ཐོབ་ཡོད་པ་དང་། ཕྱི་ལོ་ ༢༠༡༣ ལོར་མི་མང་ ༤,༢༩༡ ཙམ་ལ་རག་ཡོད་པ་རེད།

ཕྱི་ལོ་ ༢༠༡༤ ལོར་ཨ་རིའི་གཞུང་གིས་མ་རྐང་འཛུགས་མཁན་མི་མང་ ༡༠,༦༩༢ ལ་ཐོངས་མཆན་སྤྲད་པའི་གྲས་སུ་རྒྱ་རིགས་ ༩༡༢༨ ཡོད་པ་དང་། ཕྱི་ལོ་ ༢༠༡༣ ལོའི་མ་རྐང་འཛུགས་མཁན་གྲས་ཀྱི་བརྒྱ་ཆ་ ༣༠ རྒྱ་རིགས་རེད། དུས་མཚུངས་སུ་ཨོ་སི་ཊོ་ལེ་ཡ་གཞུང་ནས་མ་རྐང་འཛུགས་མཁན་གྱི་ཐོངས་མཆན་བརྒྱ་ཆ་ ༨༨ རྒྱ་རིགས་ཚོར་སྤྲད་ཡོད་པ་རེད། མ་རྐང་འཛུགས་མཁན་གྱི་ཐོངས་མཆན་ལ་བརྟེན་ནས། རྒྱ་རིགས་མི་མང་རྒྱ་ནག་དང་ཁ་འབྲལ་འདོད་ཙམ་མ་ཟད། ད་དུང་དམངས་སྒོར་ཕྱིའི་རྒྱལ་ཁབ་ཏུ་བརྗེ་གཏོང་བྱེད་འདོད་ཡོད་པ་རེད།

ད་དུང་ཕྱིའི་རྒྱལ་ཁབ་ཁག་ཏུ་གནས་ཚང་འཚོལ་བཞིན་པའི་རྒྱ་རིགས་སློབ་མ་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། ཕྱི་ལོ་ ༢༠༡༤ ནས་ ༢༠༡༥ ལོའི་སློབ་གཉེར་གྱི་མིང་ཐོག་ནས་ཨ་རིའི་ནང་སློབ་གཉེར་བྱེད་མཁན་རྒྱ་རིགས་སློབ་མ་ ༣༠༤,༠༤༠ ཡོད་པ་དང་། ཕྱི་ལོ་ ༢༠༡༡ ནས་ ༢༠༡༣ བར་རྒྱ་རིགས་སློབ་མ་ ༡༡༠,༠༠༠ ཡས་མས་ཡོད་པ་རེད།

རྒྱ་ནག་གི་དབང་འཛིན་པ་ཚོས་རྒྱ་ནག་གི་དཔོན་རིགས་དང་མི་མང་གི་བྲོས་བྱོལ་ལ་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་པ་དང་། དེ་ལ་བརྟེན་ནས་དམངས་སྒོར་ཕྱིའི་རྒྱལ་ཁབ་ཀྱི་དངུལ་ལོར་བརྗེ་གཏོང་བྱེད་པར་སྔར་བས་དཀའ་ལས་ཁག་པོ་ཆགས་ཡོད་པ་དང་། དེ་ནི་དམངས་སྒོར་ཕྱིར་གཏོང་གི་བཀག་རྒྱ་ཆེན་པོ་ཞིག་ཆགས་ཡོད་པ་རེད།

རྒྱ་ནང་གི་དངུལ་ལོར་འདོན་འཇུག་རང་འགུལ་འཕྲུལ་དྲ་ (A.T.M. network) བརྒྱུད་ནས་ཉིན་གཅིག་ལ་དམངས་སྒོར་ ༡༠,༠༠༠ དང་ལོ་གཅིག་ནང་དམངས་སྒོར་ ༡༠༠,༠༠༠ ཕྱིར་གཏོང་བྱེད་བཞིན་འདུག ན་ནིང་དངུལ་ལོར་བརྗེ་གཏོང་ཞབས་ཞུའི་ལས་རིགས་ཀྱི་སྒྲིག་འཛུགས་ཁག་ལ་དྲག་གནོན་ཐེབས་པའི་གནས་ཚུལ་མང་པོ་ཐོན་ཡོད་པ་དང་། དེ་དང་མཉམ་དུ་སྲིད་གཞུང་གིས་ཨ་རིའི་དངུལ་ལོར་ཉོ་ཚོང་ལས་འཆར་ལ་འགོག་རྐྱེན་བཟོས་པ་རེད།

དཔོན་རིགས་ཚོས་མི་མང་གི་ཕྱི་སྐྱོད་ལག་ཁྱེར་ལ་ཞིབ་བཤེར་བྱེད་པ་དང་། ཕྱི་ལོ་ ༢༠༡༣ ལོར་གཞུང་ཞབས་ཚོ་སྒེར་གྱི་དོན་དག་གི་ཐོག་ནས་མེས་རྒྱལ་དང་ཁ་འབྲལ་བར་དམ་དྲག་བྱས་པ་རེད། སྤྱིར་བཏང་དམ་དྲག་གི་སྲིད་ཇུས་དེ་རིགས་ཆེས་མཐོའི་དཔོན་རིགས་ཚོར་དམིགས་པ་ཞིག་ཡིན་ནའང་། ཞི་ཅིན་ཕིན་གྱི་དུས་སྐབས་ནས་ཕྱི་སྐྱོད་ལག་ཁྱེར་ལ་ཞིབ་བཤེར་བྱེད་རྒྱུ་ནི་ཆེས་རྒྱུན་ལྡན་གྱི་གནས་སྟངས་ཤིག་ཆགས་འདུག་ལ། ཐ་ན་ས་གནས་སྲིད་གཞུང་གི་ལས་བྱེད་ཅིག་ཡིན་ནའང་དེ་ལྟར་བྱེད་པ་རེད།

ཕྱི་ལོ་ ༢༠༡༣ ལོར་ཀུང་ཀྲུག་ཞིང་ཆེན་ནང་གཞི་རིམ་ལས་བྱེད་ ༢༠༠༠ ཕྱི་སྐྱོད་ལག་ཁྱེར་ལ་ཞིབ་བཤེར་བྱས་ཡོད་པ་མ་ཟད། པེ་ཅིན་གྲོང་ཁྱེར་དང་སི་ཁྲོན་ཞིང་ཆེན། ཐ་ན་གཙུག་ལག་སློབ་ཆེན་ཁག་གི་ལས་བྱེད་ཚོ་དང་གཞི་རིམ་སྒྲིག་གྲས་ལས་བྱེད་ཚོར་ཡང་དེ་ལྟར་བྱས་ཡོད་པ་རེད།

སྤྱི་དམངས་ཀྱིས་སྲིད་གཞུང་ལ་ཡ་ལན་སློག་པའི་བློ་ཁོག་མེད་སྟབས། པེ་ཅིན་གཞུང་གི་བྱ་སྤྱོད་ལ་དོ་སྣང་ཁྱེད་མཁན་སུ་ཡོད་དམ། ཕྱི་ཟླ་ ༢ བར་གསར་འཛུགས་བྱས་པའི་གཞུང་འབྲེལ་དྲ་ཚིགས་ཤིག་གི་སྟེང་འཁོད་པའི་བསམ་ཚུལ་ཞིག་གི་ནང་འབྱོར་འབྲིང་གྲལ་རིམ་པའི་སེམས་ཁྲལ་གཙོ་བོ་ནི་ཁོ་ཚོ་སྔོན་མའི་གྲོང་ཁུལ་དང་ཞིང་གྲོང་གི་དབུལ་གནས་སུ་ཕྱིར་བསྐྲོད་པར་ཞེད་ཀྱི་ཡོད་ལུགས་བཤད་འདུག

འཆལ་གཏམ་དེས་དོན་དངོས་ཤིག་གསལ་འདོན་བྱས་འདུག་སྟེ། གཅིག་བྱས་ན་འབྱོར་འབྲིང་གྲལ་རིམ་པའི་སེམས་ཁྲལ་ངོ་མ་དེ་མི་མང་དང་དཔོན་རིགས་མང་པོ་ཕྱི་རྒྱལ་དུ་འབྱོར་བཞིན་པ་དང་། ཤུལ་དུ་ལྷག་པའི་ཁེར་རྐྱང་གི་སྲིད་གཞུང་བཅས་ཡིན་སྲིད་ཀྱང་། ཁོ་ཚོས་མིང་དོན་མཚུངས་པའི་བཅོས་བསྒྱུར་གྱི་སྟ་གོན་ནི་མི་ནུས་པ་རེད།

མཐར་ཐུག་སྲིད་ཇུས་དེ་ལས་འབྱོར་འབྲིང་གྲལ་རིམ་པ་མང་པོར་ཁེ་ཕན་རག་གི་ཡོད་པ་རེད། ཕལ་ཆེར་གྲོང་དང་གྲོང་ཁྱེར་ཁག་གི་འབྱོར་འབྲིང་གྲལ་རིམ་པའི་ཕྱེད་ཀ་ཙམ་ལ་གཞུང་གི་སྒྲིག་འཛུགས་ཁག་དང་ཡང་ན་གཞུང་འབྲེལ་ཁེ་ལས་སྡེ་ཁག་ཏུ་ལས་གནས་སྤྲད་ཡོད་པ་དང་། ཕྱི་སྐྱོད་ལག་འཁྱེར་གྱི་རྐྱེན་པས་ཁོ་ཚོས་གཞུང་འབྲེལ་ཁེ་ལས་དེ་རིགས་བརྩོན་ལེན་ཐུབ་ཀྱི་མེད་པ་དང་། ངས་ངོ་ཤེས་ཚང་མར་ལྡོག་ཕྱོགས་ཀྱི་ལྟ་ཚུལ་དེ་འདྲ་གཅིག་མཚུངས་ཡོད་པ་རེད།

སྤྱིར་ཁོ་ཚོའི་འདོད་བློ་མ་ཁེངས་པའི་རྒྱུ་རྐྱེན་གཙོ་བོ་ནི་སྲིད་ཚོགས་གཅིག་གི་སྲིད་ཇུས་ལམ་ལུགས་དེ་ཡིན་ནའང་། ཁོ་ཚོས་སྲིད་ཚོགས་གཅིག་གི་སྲིད་ཇུས་ལམ་ལུགས་དེས་ཁོ་ཚོའི་འཚོ་གནས་ལ་འགན་སྲུང་ཡོད་པར་བསྟོད་བསྔགས་གཏོང་གིན་འདུག

ང་ལ་གཞུང་འབྲེལ་ཁེ་ལས་གཉེར་བའི་གྲོགས་པོ་ཞིག་ཡོད། ཁོ་སྡོད་སའི་གྲོང་ཁྱེར་ཆེ་ཞིང་ཁོའི་ལས་གནས་ཀྱང་གཞན་གྱི་བརྩི་མཐོང་ཐོབ་པ་ཞིག་འདུག མ་ཟད་ཁོའི་ཡོང་འབབ་གཏན་འཇགས་དང་ཁོའི་སྡོད་གནས་ཀྱང་གུ་ཡངས་པོ་རེད། ཡིན་ནའང་ཁོ་རྒྱ་ནག་དམར་ཤོག་ཚོགས་པར་མི་དགའ་ཞིང་། ཆབ་སྲིད་ལམ་ལུགས་ལ་སྐྱོན་བརྗོད་མང་པོ་བྱས་པ་རེད།

ཡིན་ན་ཡང་རྒྱ་རིགས་གཞན་དག་ལྟར། ཁོས་མགྱོགས་པོར་ཆབ་སྲིད་བཅོས་བསྒྱུར་ཡོང་བར་རེ་ལྟོས་བྱེད་ཀྱི་མེད་ཅིང་། ཉེ་ཆར་ཁོས་ང་ལ་ “དམངས་གཙོའི་ལམ་ལུགས་ཡག་པོ་རེད། ཡིན་ཡང་ང་ཤི་རག་བར་དུ་དེ་མཐོང་བའི་རེ་བ་བཅངས་མེད” བཅས་ཟེར།

བསྒྱུར་མཆན། མོའུ་རོང་ཞེ་ཚིན་ (Murong Xuecun) ནི་རྒྱ་རིགས་རྩོམ་པ་པོ་ཞིག་ཡིན་ཞིང་། ཁོའི་བརྩམས་ཆོས་གཙོ་བོར་ <<རླུང་དམར་གསེབ་གྱི་བྲོ་གར་>><<Dancing Through Red Dust >>སོགས་འདུག་ལ། ཁོའི་དཔྱད་རྩོམ་འདི་ནེའུ་ཡོག་དུས་གསར་ཁང་གི་བསམ་ཚུལ་ལེ་ཚན་ནས་བོད་བསྒྱུར་བྱས།

མ་རྩོམ་འབྲེལ་ཐག http://www.nytimes.com/2016/05/11/opinion/chinas-middle-class-anxieties.html?_r=0

འབྲེལ་ཡོད་གསར་འགྱུར།

Delhi High Court, Image Representational (Photo/Shutterstock)
Mobile App

རྒྱ་གར་གྱི་མཐོ་རིམ་ཁྲིམས་ཁང་གིས་བོད་མི་ཞིག་ལ་རྒྱ་གར་གྱི་མི་སེར་ཐོབ་ཐང་སྤྲོད་དགོས་པའི་བཀའ་ཁྱབ་བཏང་།

ཆུ་ཚོད་ ༡༩ སྔོན་ལ།
Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༦
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

༢༠༢༦/༠༢/༠༦
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༥
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese