མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་བའི་སྐུ་ཕྱྭ་གཙོ་བོ་དེ་ཁོང་གི་ཐུགས་དགོངས་དྭངས་ཐབས་བྱ་རྒྱུ་དེ་ཡིན།

བོད་ཀྱི་དུས་བབ།
༢༠༡༦/༠༥/༢༤
Share on FacebookShare on TwitterShare on EmailShare on Whatsapp

བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་ཆེན་དབུ་འཛུགས་སྟེང་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གིས་ད་ལྟའི་ང་ཚོའི་སྲིད་སྐྱོང་ག་འདྲ་ཞིག་ཡིན་ཡང་འོས་ཤོག་ཁྲི་ཁ་ཤས་ཀྱི་སྐད་ཆ་རེད། ༧རྒྱལ་བ་རིན་པོ་ཆེ་ལ་མི་འབུམ་ཕྲག་མང་པོས་ཡིད་ཆེས་དང་བློས་འགེལ་བྱས་ཡོད་པ་རེད། དེ་ལ་འབབ་པའི་འགན་ཞིག་དང་ནུས་པ་ཞིག་ཀྱང་ཡོད་པ་རེད་ཅེས་སོགས་གསུངས་སོང་།

IMG_1620

དེ་རིང་སྔ་དྲོའི་ཆུ་ཚོད་ ༩ བའི་སྟེང་། བཞུགས་སྒར་དྷ་ས་ནོར་བུ་གསོལ་མགྲོན་ཁང་དུ། བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཉིན་གསུམ་རིང་གི་ཚོགས་ཆེན་ཐེངས་བདུན་པ་དབུ་འཛུགས་གནང་སོང་། སྐུ་མགྲོན་གཙོ་བོར་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་བཀྲ་ཤིས་ལམ་བཟང་ལགས་དང་ཧི་མ་ལ་ཡ་རིག་གཞུང་ལྟེ་གནས་ཁང་གི་འགན་འཛིན་བློ་བཟང་ཕུན་ཚོགས་ལགས་བཅས་ཕེབས་འདུག

ཉིན་གསུམ་རིང་གི་ཚོགས་འདུའི་སྟེང་། མང་གཙོ་ཚོགས་པའི་སྒྲིག་གཞི་བསྐྱར་བཅོས་དང་། མ་འོངས་ལས་དོན་བྱེད་ཕྱོགས་སོགས་གྲོས་གཞི་ཁག་བཅུ་ཡོད་པ་དང་། ཚེས་ ༢༦ ཉིན་སྐབས་བདུན་པའི་རྒྱུན་ལས་གསར་འདེམས་གནང་རྒྱུ་ཡིན་འདུག་ལ། ཐེངས་འདིའི་ཚོགས་ཐོག་ཏུ་མང་གཙོ་ཚོགས་པའི་ས་གནས་ཁག་ ༢༠ ནས་ཚོགས་བཅར་བ་ ༤༠ ཙམ་ཕེབས་ཡོད་འདུག

ཚོགས་འདུ་དབུ་འཛུགས་སྟེང་། བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་དགེ་ལེགས་འཇམ་དབྱངས་ལགས་ཀྱིས་ཚོགས་པའི་ལོ་རྒྱུས་དང་ཐེངས་འདིའི་ཚོགས་ཆེན་ངོ་སྤྲོད་གནང་རྗེས། གཞོན་ལྷན་ཆེ་བཀྲ་ཤིས་ལམ་བཟང་ལགས་ཀྱིས་གཏམ་བཤད་གནང་དོན། བཙན་བྱོལ་སྤྱི་ཚོགས་འདི་ད་ཆར་དམངས་གཙོའི་ལམ་དུ་སྐྱོད་བཞིན་པ་ལྟར། འཛམ་གླིང་གི་བཙན་བྱོལ་བའི་སྤྱི་ཚོགས་གཞན་དང་མ་འདྲ་བ་ཞིག་ཆགས་བསྡད་ཡོད་པ་མ་ཟད། དམངས་གཙོའི་གནས་བབ་ཀྱི་ཐོག་ནས་དམངས་གཙོའི་ཀ་བ་བཞི་ཆ་ཡོངས་སུ་ཚང་བའི་ཐོག་ནས་འགྲོ་བཞིན་ཡོད་པ་ཞིག་ཆགས་ཡོད་པ་རེད། འོན་ཀྱང་། དམངས་གཙོའི་ཀ་བ་བཞི་ཡོད་པ་ཙམ་མ་ཡིན་པར་དམངས་གཙོ་ཀ་བ་བཞི་འཛིན་མཁན་གང་ཟག་དེ་གལ་ཆེན་པོ་ཆགས་ཡོད་པ་དང་། ང་ཚོའི་བོད་མིའི་སྒྲིག་འཛུགས་འདི་གྲོས་ཚོགས་ལམ་ལུགས་ཐོག་འགྲོ་བཞིན་ཡོད་སྟབས། གྲོས་ཚོགས་འཐུས་མི་དེ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད་པ་ལྟར། གྲོས་ཚོགས་འཐུས་མི་ཚད་ལྡན་ཞིག་འདེམས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། གྲོས་ཚོགས་འཐུས་མི་ཚད་ལྡན་ཡོང་ཐུབ་མིན་མི་མང་ལ་ཐུག་ཡོད་པ་རེད། མི་མང་གིས་སྤྱི་འཐུས་ཚད་ལྡན་ཞིག་འདེམས་པའི་གོ་སྐབས་སྐྲུན་ཐུབ་མིན་བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་སོགས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཆགས་བསྡད་ཡོད་པ་རེད། མ་འོངས་པར་འདི་ལས་ཚགས་ཚུད་དང་ཡར་རྒྱས་གཏང་ཕྱོགས་སུ་འབད་འབུངས་གནང་རྒྱུ་གལ་ཆེན་པོ་རེད། ཅེས་སོགས་བརྗོད་སོང་།

ཧི་མ་ལ་ཡའི་རིག་གཞུང་ལྟེ་གནས་ཁང་གི་འགན་འཛིན་བློ་བཟང་ཕུན་ཚོགས་ལགས་ཀྱིས། ངས་འདིར་དོན་ཚན་གཉིས་ཀྱི་སྒང་ལ་ཞུ་འདོད་བྱུང་། དོན་ཚན་དང་པོ་དེ་སྤྱིར་བཏང་བཙན་བྱོལ་སྤྱི་ཚོགས་ནང་ཚོགས་པ་འདྲ་མིན་མང་ཐག་ཆོད་ཅིག་ཡོད་ནའང་། བོད་རྒྱལ་ཡོངས་མང་གཙོ་ཚོགས་འདི་༧རྒྱལ་བ་རིན་པོ་ཆེའི་དགོངས་གཞི་གཞིར་བཟུང་གིས་བཙུགས་པ་ཞིག་ཡིན་སྟབས། ངས་དེ་རྩ་ཆེན་པོ་ཞེ་དྲགས་མཐོང་གི་ཡོད་ལ། ཚོགས་པ་འདི་ང་ཚོའི་ཆོས་ལུགས་དང་ཆོལ་ཁ་ཚང་མར་དགོས་པའི་ཚོགས་པ་ཞིག་རེད། ༧རྒྱལ་བ་རིན་པོ་ཆེ་མཆོག་གིས་ང་ཚོར་དམངས་གཙོ་གནང་ཡོད་པ་དེ་ང་ཚོས་བདག་པོ་ཡག་པོ་ཞིག་རྒྱག་ཐུབ་རྒྱུ་དེ་ང་ཚོའི་ལས་འགན་རེད། ད་ལྟའི་བར་ང་ཚོས་དམངས་གཙོ་ལག་ལེན་བསྟར་བའི་བརྒྱུད་རིམ་ཁྲོད་དམངས་གཙོའི་ཕྱག་ལས་གནང་སྟངས་ཧ་ལས་པ་ཡ་མཚན་པོ་དེ་འདྲ་བྱུང་ཡོད་པ་རེད་ལ། སྐབས་རེར་ང་ཚོ་ཚང་མ་དངངས་སྐྲག་སྐྱེ་དགོས་པ་དེ་འདྲ་ཡང་བྱུང་ཡོད་པ་རེད། དེ་ལ་ཚང་མས་ཐུགས་འགན་བཞེས་དགོས་པ་དང་། ལྷག་པར་དུ་རྒྱལ་ཡོངས་མང་གཙོ་ཚོགས་པའི་ངོས་ནས་དེ་འདྲའི་རིགས་མི་ཡོང་བའི་ཆད་དུ་ཕྱག་ལས་གནང་རྒྱུའི་འགན་ཆེན་པོ་ཡོད་པ་རེད། ཚོགས་པ་འདིའི་ནང་ཆོས་ལུགས་ཆོལ་ཁ་དབྱེར་མེད་ཀྱི་ཚོགས་པ་ཞིག་རེད་ལ། ཚོགས་པ་འདིའི་ལས་འགན་ཡང་ཆེན་པོ་རེད། བོད་མི་མང་སྤྱི་འཐུས་ཟེར་བ་དེ་རྐུབ་སྟེགས་སྟེང་ལངས་ཐུབ་པ་ཙམ་མིན་པར། མི་མང་ལ་ཉན་ཤེས་མཁན་དང་ཕར་ལབ་ཐུབ་མཁན། གོ་བ་ལེན་ཤེས་མཁན། ཕྱག་ལས་གནང་བར་སེམས་ཤུགས་དང་ལྷག་བསམ་རྣམ་དག་ཡིན་པ་ཅིག་བསླེབ་ཐུབ་པའི་ཆེད་དུ་བོད་རྒྱལ་ཡོངས་མང་གཙོ་ཚོགས་པར་ལས་འགན་ཆེན་པོ་ཡོད་པ་རེད་བསམ་གྱི་འདུག མི་མང་ཟེར་བ་དགོངས་འཆར་མེད་པའི་ར་ལུག་ལྟ་བུ་རེད། ལུག་རྫིས་གང་ལ་འཁྲིད་འཁྲིད་ཡིན་སྟབས། ཁ་བདེ་པོ་ཚོའི་ཁ་རྗེས་སུ་རྒྱུག་འགྲོ་བཞག་གི་རེད། ད་ལྟའི་བར་ང་ཚོའི་སྤྱི་འཐུས་ནང་སྤྱི་འཐུས་ཆོ་མེད་པ་དེ་འདྲ་སླེབས་ཡོད་པ་རེད། ང་ཚོའི་མི་མང་གིས་རྒྱབ་ལོག་ནས་ཁྱད་མཚར་བོ་དེ་འདྲ་ལབ། མདུན་དུ་ཐུག་དུས་བཀྲ་ཤིས་བདེ་ལེགས་ཙམ་མ་གཏོགས་ལབ་ཐུབ་ཀྱི་མི་འདུག དེ་ང་ཚོ་བོད་པའི་ཞན་ཆ་རེད། འོས་ཤོག་ལྡུག་དུས་འོས་མི་སུ་ལ་ལྡུག་དགོས་མིན་ཧ་མ་གོ་བར་གཞན་གྱིས་གང་ལ་ལྡུག་གི་ཡོད་ན་དེ་ལ་ལྡུག་མཁན་མང་པོ་རེད། དེ་དག་ཐོག་ལ་བློ་གསལ་ཕུལ་དགོས་པ་རྒྱལ་ཡོངས་མང་གཙོ་ཚོགས་པའི་ལས་འགན་གྱི་ལྟེ་བ་རེད། མི་མང་ལ་ལྟོ་ཡག་པོ་རག་གི་ཡོད་མེད་དང་སློབ་གྲྭར་ཡག་པོ་འགྲོ་ཐུབ་ཀྱི་ཡོད་མེད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ལས་འགན་མ་རེད། ལས་འགན་གྱི་ལྟེ་བ་དེ་རྒྱལ་བ་ཡིད་བཞིན་ནོར་བུ་མཆོག་གི་དགོངས་གཞི་གང་ཡིན་པ་དེ་མ་ནོར་བར་བསྒྲུབ་རྒྱུ་དང་། གཉིས་པ་དེ་རྒྱལ་བ་ཡིད་བཞིན་ནོར་བུས་གསོལ་རས་སུ་གནང་བའི་དམངས་གཙོ་འདི་དུས་གཏན་དུ་ཡག་པོ་ཞིག་ཡོང་ཆེད་དང་། ལམ་ཁ་ནོར་བ་ཞིག་ཏུ་མི་འགྲོ་བ་དང་འགྲོ་རུ་མི་འཇུག་རྒྱུར་བོད་ཆོལ་ཁ་གསུམ་ལ་འགན་ཡོད་པ་རེད་ལ། ང་ཚོ་ཕྱི་སྡོད་བོད་མི་ལས་ཀྱང་གལ་ཆེ་བ་དེ་བོད་ནང་གི་བོད་མི་ཚོ་རེད། ཁོང་ཚོས་རྒྱ་གར་དུ་༧རྒྱལ་བ་རིན་པོ་ཆེ་བཞུགས་ཡོད་པ་དང་བོད་གཞུང་ཡོད་པ་རེད། འདི་གར་ཅིག་གནང་གི་རེད་ཟེར་ནས་ཉིན་མཚན་མེད་པར་དྷ་རམ་ས་ལའི་ཕྱོགས་ལ་རེ་བ་བརྒྱབ་ནས་བསྡད་ཡོད་སྟབས། ང་ཚོས་འདི་གར་ཅིག་བྱས་ནས་སྟོན་དགོས་ཀྱི་འདུག་མ་གཏོགས། འདི་ལྟར་ཉི་མ་འཁྱོལ་ཐབས་བྱས་ནས་བསྡད་ན་འགྲིག་གི་ཡོད་པ་མ་རེད། དེ་ང་ཚོ་ཚང་མར་འགན་ཡོད་པ་རེད། ཅེས་བརྗོད་སོང་།

13235493_1749277268623969_2976926380595713578_oཁོང་གིས་མུ་མཐུད་དུ་གསུངས་དོན། སོ་སོ་སྔོན་ཆད་གཞིས་མགོ་བྱས་པའི་སྐབས་སུ་༧རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་ལ་སྐྱོན་བརྗོད་བྱེད་མཁན་དེ་དག་ལ་ཁ་གཏད་བཅག་སྟེ་རྒྱ་གར་ནང་སྡོད་ཐུབ་མེད་པ་ཞིག་བཟོས་པ་ཡིན། དེ་ང་རང་གིས་ཅིག་བྱས་བཞག་ཡོད་ཟེར་གྱི་མེད། ལས་ཀ་ག་རེ་བྱས་ཀྱང་མཐར་སྐྱེལ་དགོས་པ་རེད་ཟེར་གྱིན་ཡོད། ༧རྒྱལ་བ་རིན་པོ་ཆེར་དམའ་འབེབས་བྱེད་མཁན་དང་། ༧རྒྱལ་བ་རིན་པོ་ཆེའི་བཀའ་དང་འགལ་ནས་ལས་ཀ་གཞན་པ་བྱེད་རྒྱུ་ཡིན་ཟེར་མཁན་ཚོར་ང་རང་མོས་མཐུན་རྩ་བ་ནས་མེད། ༧སྐྱབས་དགོན་རིན་པོ་ཆེའི་ཆེད་དུ་གང་ལ་མཆོངས་དགོས་ཀྱང་མཆོངས་ཆོག་ཆོག་ཡིན། ལས་ཀ་ག་རེ་ཡིན་ནའང་བྱེད་མ་ཐུབ་པ་དེ་འདྲ་མིན། ཁྱད་མཚར་བོ་དེ་འདྲ་ལ་བཟོ་ལྟ་བཟོ་དགོས་ན་ང་ལ་ཡོད་དཱ། དེ་རིང་ངས་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་དང་ཚོགས་གཙོ་རྣམ་པ་ཚོ་ཡོད་ས་ནས་ཞུ་བཞིན་ཡོད། ཅེས་སོགས་གསུངས་སོང་།

དེའི་རྗེས་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གིས་གསུངས་བཤད་གནང་དོན། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་འདི་བོད་ཀྱི་ཆབ་སྲིད་ཚོགས་པ་དང་པོ་དེ་ཡིན་ཟེར་གྱི་ཡོད་པ་རེད། ཆབ་སྲིད་ཚོགས་པ་དེ་བཙུགས་ནས་ད་ལྟའི་བར་དུས་ཚོད་གང་ལ་གང་འཚམ་ཕྱིན་ཡོད་ཀྱང་ཡར་རྒྱས་ཞེ་དྲགས་འགྲོ་ཐུབ་ཡོད་པ་མ་རེད། ཚོགས་པ་འདི་ཡར་ལངས་ཐུབ་ཆེད་དང་། བོད་མི་ཚོས་ལས་དོན་སྤེལ་ཐུབ་པའི་ཆེད་དུ་ཡར་རྒྱས་གཏང་དགོས་པའི་ཐོག་ལ་ཚང་མས་ཤུགས་རྒྱག་དགོས་པ་གལ་ཆེན་པོ་རེད། ཚོགས་མི་ག་ཚོད་མང་བ་དང་ཚོགས་པ་ག་ཚོད་རྒྱ་ཆེ་རུ་སོང་ན། བོད་གཞུང་དམངས་གཉིས་ལ་ནུས་པ་ཆེན་པོ་འདོན་ཐུབ་ཀྱི་རེད་མ་གཏོགས། ལས་འགུལ་སྤེལ་བ་ཙམ་གྱིས་ནུས་པ་ཞེ་དྲགས་འཐོན་རྒྱུ་ཁག་པོ་རེད། དེར་བརྟེན། གཙོ་ཆེས་ཤོས་དེ་ཚོགས་མི་རྒྱ་ཆེན་པོ་བཟོས་དགོས་པ་དང་། བོད་རྒྱལ་ཡོངས་ཟེར་བའི་མིང་དེ་བཏེགས་ཡོད་སྟབས། བོད་རྒྱལ་ཡོངས་ལ་ཁྱབ་ཐུབ་པའི་མི་མང་འབོར་ཆེན་ལ་བདག་པོ་གནང་དགོས་པ་གལ་ཆེན་པ་རེད། ཅེས་གསུངས་སོང་།

རིན་པོ་ཆེ་མཆོག་གིས་མུ་མཐུད་དུ་གསུངས་དོན། ཚོགས་པ་འདི་ལ་དམངས་གཙོ་ཞེས་པའི་མིང་དེ་ཐོགས་བསྡད་ཡོད་དུས། མང་ཚོགས་ལ་གཙོ་བོ་དམངས་གཙོའི་ཤེས་ཡོན་ཁྱབ་སྤེལ་གནང་དགོས་པ་དེ་ལས་འགན་ཆེས་ཤོས་ཆགས་ཡོད། ད་ཆར་ང་ཚོ་ཚང་མས་མཁྱེན་གསལ་ལྟར། སྐབས་བཅོ་བའི་འོས་བསྡུའི་སྐབས་ལ་༧རྒྱལ་བ་རིན་པོ་ཆེ་ཐུགས་ཕམ་གྱི་གནས་ཚུལ་བྱུང་ཡོད་པ་རེད། ཐུགས་ཕམ་གྱི་གནས་ཚུལ་བྱུང་རྐྱེན་གཙོ་བོ་དེ་དམངས་གཙོའི་ཤེས་ཡོན་མེད་པའི་ཐོག་ནས་ཡོང་གི་ཡོད་པ་རེད་མ་གཏོགས། ཆེད་དུ་༧རྒྱལ་བ་རིན་པོ་ཆེའི་ཐུགས་དགོངས་དཀྲུག་པའི་ལས་དོན་བྱས་བཞག་པ་ཧ་ལམ་ཡོད་ཀྱི་མ་རེད། གཙོ་བོ་དེ་དམངས་གཙོའི་ཤེས་ཡོན་མེད་པ་དང་ལས་ཀ་བྱེད་སྟངས་ཐོག་ནས་ནོར་འཁྲུལ་མང་པོ་ཞིག་རང་གཞན་གཉིས་ཐོག་ནས་ཡོང་གི་ཡོད་པ་རེད། དེར་བརྟེན། མ་འོངས་པར་བོད་རྒྱ་ཆེའི་མི་མང་ནང་དམངས་གཙོའི་ཤེས་ཡོན་སྤེལ་བའི་ཐོག་ལ་རྣམ་པ་ཚོས་ཤུགས་བསྐྱོན་པ་ཡིན་ན། མ་འོངས་པའི་འོས་བསྡུའི་སྐབས་སུ་མི་མང་གི་ངོས་ནས་འོས་བསྡུ་ཕྱོགས་སུ་མ་ལྷུང་བ་ཞིག་ཡོང་ཐབས་ལ་བོད་མི་ཚང་མས་འགན་འཁུར་དགོས་པ་རེད་ལ། རྣམ་པ་ཚོས་ངོས་ནས་ཀྱང་ཐབས་ཤེས་གནང་དགོས་པ་རེད། ཁྱེད་རང་ཚོའི་གྲོས་གཞིའི་ནང་དུ་༧རྒྱལ་བ་རིན་པོ་ཆེའི་སྐུ་ཕྱྭའི་སྐོར་ཞིག་འཁོད་འདུག སྐུ་ཕྱྭ་གཙོ་བོ་དེ་༧རྒྱལ་བ་རིན་པོ་ཆེའི་ཐུགས་དགོངས་དྭངས་པ་བྱ་དགོས་ཀྱི་ཡོད་པ་དེ་རེད། དེང་སྐབས་ཁག་ཅིག་གིས་དམངས་གཙོ་ཡིན་ཟེར་ནས་གང་བྱུང་མང་བྱུང་ཤོད་ཀྱི་འདུག དེ་ཚོར་ཚོགས་པ་ཁག་ཡིན་ན་རེད། མི་སྒེར་བ་ཡིན་ན་རེད། དེ་དག་གི་བཤད་སྟངས་སྤྱོད་སྟངས་ལ་དོ་སྣང་སྤྲོད་རྒྱུ་གལ་ཆེན་པོ་རེད། ༧གོང་ས་མཆོག་གིས་བཀའ་བཀྱོན་གནང་བ་རེད་ཟེར་ནས་གང་བྱུང་མིང་བྱུང་བཤད་པ་དང་། གང་བྱུང་མང་བྱུང་འབྲི་བ་དེ་འདྲ་འདུག ༧རྒྱལ་བ་རིན་པོ་ཆེ་ལ་དེ་འདྲ་གསུང་རྒྱུའི་ཐོབ་ཐང་ཆ་ཚང་བོད་མི་མང་གིས་ཕུལ་བཞག་ཡོད་པ་རེད། ད་ལྟའི་ང་ཚོའི་སྲིད་སྐྱོང་ག་འདྲ་ཞིག་ཡིན་ནའང་འོས་ཤོག་ཁྲི་ཁ་ཤས་ཀྱི་སྐད་ཆ་རེད། ༧རྒྱལ་བ་རིན་པོ་ཆེ་ལ་མི་འབུམ་ཕྲག་མང་པོས་ཡིད་ཆེས་དང་བློས་འགེལ་བྱས་ཡོད་པ་རེད། དེ་ལ་འབབ་པའི་འགན་ཞིག་དང་ནུས་པ་ཞིག་ཡོད་པ་རེད། འགན་དེའི་ཐོག་ནས་བཀའ་བཀྱོན་དང་ཚིག་རྩུབ་པོ་གནང་གི་ཡདོ་པ་རེད། ཅེས་གསུངས་སོང་།

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༥ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༥ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༢༠ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 1

  1. ཐོས་པ་དགའ། says:
    ལོ་ 10 སྔོན།

    ༧སྐྱབས་རྗེ་༧ཀིརྟི་རིན་པོ་ཆེ་མཆོག་གིས་གསུངས་པའི་བཀའ་སློབ་དེ་ཚོ་ངོ་མས་གནད་ལ་ཁེལ་ཞིང་། དོན་སྙིང་ལྡན་པ་རེད། བོད་མི་མི་རེ་ངོ་རེས་ཁོང་ལྟ་བུའི་བོད་ཀྱི་བླ་ཆེན་ཚོས་རང་གི་མི་རིགས་བཅངས་པའི་ལྷག་བསམ་དང་། ཐུགས་བརྩེ་བ་ཆེན་པོས་རྗེས་སུ་བཟུང་བ་མཁྱེན་དགོས་པ་དེ་གལ་གདན་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese